Skip to main content Skip to search
25 Aug 2018
5 min 23 sec
Video Overview
Creators: 
Yeshi Wangchuk

Tshering Dorji is a Chiwog (sub-county, electoral precinct) representative for Beinzaibi, Chutö, Gamling, Khangrab, Khödyar, Namkha, Shobong Gönpa, Tashiling and Ugyencholing villages. He is from Gamling village, which has an old temple said to have been founded by Guru Rinpoche during the 8th century. It was later re-established by an Ani (nun) from Tibet and renovated by her son. Tshering Dorji also shares some of the sacred places, temples in the community.

 

༉  ཁང་རབས་གཡུས་ཚན་ལས་ ཚེ་རིང་རྡོ་རྗེ་དེ་ སྤྱི་འོག་དེ་ཁའི་ཚོགས་པ་ཅིག་ཨིནམ་ད་ སྤྱི་འོག་དེ་ནང་ བིད་ཛའི་སྦིས་དང་ ཆུ་སྟོད་ སྒམ་གླིང་ ཁང་རབས་ ཁོད་ཡར་ ནམ་མཁའ་ ཤོག་བུང་དགོན་པ་ ཨྱོན་ཆོས་གླིང་གཡུས་ཚན་ཚུ་ཚུདཔ་ཨིན་མས། ཚེ་རིང་རྡོ་རྗེ་ཁོ་ར་འདི་ སྒམ་གླིང་གཡུས་ཚན་ནང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ འགོ་ཐོག་དང་པ་འབྲུག་ལུ་བྱོན་པའི་སྐབས་བཞེངས་གནང་མི་ ལྷ་ཁང་ཆུང་ཀུ་ཅིག་ཡོད་ས་ལས་ཨིན་མས། ལྷ་ཁང་འདི་ ཤུལ་ལས་ད་རུང་ བོད་ལས་ཨིན་མི་ཨ་ནེ་ཅིག་གིས་ཕྱག་བཏབ་གནང་སྟེ་ མོ་གི་སྲས་དེ་གིས་ཉམས་གསོ་ཞུ་ཞུཝ་ཨིན་མས། ཚེ་རིང་རྡོ་རྗེ་གིས་ ད་རུང་ ས་གནས་དེ་ཁར་ཡོད་མི་གནས་རྩ་ཅན་དང་ལྷ་ཁང་ཚུའི་སྐོར་ལས་ཡང་བཤད་པ་རྐྱབ་ཨིན་མས།

Transcript search
No results found for this search
0 of 0
  • ཚེ་རིང་རྡོ་རྗེ་/Tshering Dorji: ལགས་སོ་ལགས། ད་མ་པ་ ང་ར་ ནཱ་སྟང་ཁང་རབས་ སྤྱི་འོག་གི་ཚོགས་པ་ཨིན་ལགས། མ་པ་ད་ ད་རེས་ ཨ་ནཱེ་ ང་ར་གིས་ཤེས་མི་ གཡུས་ཀྱི་སྐོར་ལས་ མདོར་བསྡུས་ཅིག་ཞུ་བ་ཅིན་ནཱ་ལུ།
  • ཚེ་རིང་རྡོ་རྗེ་/Tshering Dorji: ད་མ་པ་ ང་ར་གི་ འོག་ལུ་ སྤྱི་འོག་འབད་བ་ཅིན་ སྤྱི་འོག་གཅིག་ཨིན་ལགས། ད་སྤྱི་དཔོན་འབད་བ་ཅིན་ སྤྱི་དཔོན་བཞི་ལགས། ཏེ་ཡར་གཅིག་ ཆུ་སྟོད་ཟེར་མི་འདི་ ཡར་རང་ཨིན་ལགས། དེ་ལས་ ཁང་རབས་ཟེར་མི་འདི་ ནཱ་རྒྱབ་ཁར་ དེ་ལས་ འགམ་གླིང་ཟེར་མི་འདི་ འ་ནཱ་བར་ན་ཨིན་ལགས། དེ་ལས་
  • ཚེ་རིང་རྡོ་རྗེ་/Tshering Dorji: ཨོ་རྒྱན་ཆོས་གླིང་ཟེར་མི་འདི་ ཡར་ཨིན་ལགས། ཏེ་ཨ་ནཱི་བཞི་ཡོད་ལགས། འ་ནཱི་ནང་ལས་ཏེ་མ་པ་ ཏེ་ང་རང་ གཡུས་ངོ་མ་འདི་ འགམ་གླིང་ལས་ཨིན་ལགས།
  • ཚེ་རིང་རྡོ་རྗེ་/Tshering Dorji: དེ་ལས་ཏེ་ འ་ནཱི་ནང་མ་པ་ ང་བཅས་ འགམ་གླིང་ལུ་ ལྷ་ཁང་ཅིག་ཡོད་ལགས། སྟང་ཨ་ནུ་ལྷ་ཁང་ཟེར་མི་འདི་ མ་པ་ད་ དང་ཕུ་དང་ཕུ་ གདན་ས་ངོ་མ་འདི་ ཨོ་རྒྱན་གུ་རུ་རིན་པོ་ཆེ་བྱོན་ཏེ་ ཞབས་ཀྱིས་ བཅགས་གནང་ནུག་ལགས།
  • ཚེ་རིང་རྡོ་རྗེ་/Tshering Dorji: དེའི་ནང་དོན་ཉིད་ལས་ མ་པ་ གདན་ས་ངོ་མ་འདི་ ཨ་ནུ་ལྷ་ཁང་ཟེར་མི་འདི་ ཨ་ནེ་ཁོ་ར་ བོད་ལས་ཨ་ནེམོ་གཅིག་བྱོན་སྦེ་ བསྐོར་ཡི་བསྐོར་ཡི་བྱོནམ་ད་ འ་ནཱེ་ནང་ལྷོདཔ་ད་ཏེ་ ད་ཏེ་ཨ་ནེམོ་འདི་ཡང་ ནཱ་དགོངས་པ་རྫོགས་ དེ་ལས་ ནོར་གཅིག་ཡོད་དོ་མས་ལགས།
  • ཚེ་རིང་རྡོ་རྗེ་/Tshering Dorji: ཨ་ནེམོ་གི་ ཁུར་ཆ་འབག་མི་ འ་ནཱི་ ནོར་འདི་ཡང་ ནཱ་ཤི་འབད་ དེ་ལས་ གདན་ས་འདི་ ནཱ་བཅགས་ དེ་ལས་ འ་ནཱི་ ལྷ་ཁང་འདི་ཡང་ ཏེ་ཧེ་མ་ ཆུང་ཀུ་ཅིག་སྦེ་སྡོད་ནུག་ལགས། དེ་ལས་
  • ཚེ་རིང་རྡོ་རྗེ་/Tshering Dorji: ཤུལ་ལས་ སྦོམ་སུ་ཅིག་རྐྱབ་ དེ་ལས་ ཨ་ནཱི་ ཧེ་མ་ཧེ་མ་གི་ རབ་གནས་འདི་ཚུ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ ཁོ་ར་བཞུགས་སྐབས་ ཁོ་ར་ ངོ་མ་སྦེ་ བྱོན་ཏེ་རང་ ཨ་ནཱི་ རབ་གནས་གནང་གནང་པའི་ ལོ་རྒྱུས་འདུག་ལགས་ དང་ཕུ་གི།
  • ཚེ་རིང་རྡོ་རྗེ་/Tshering Dorji: དེ་ལས་ འ་ནཱི་ནཱ་ ད་ལྟོ་ བཞུགས་སའི་ ས་སྒོ་འདི་ མ་པ་ཁང་རབས་དང་ ང་བཅས་ འགམ་གླིང་བར་ན་ཨིན་ལགས། དབུ་རྩེ་ལྷ་ཁང་ཟེར་མི་འདི་ ཨ་ནཱི་ ལྷ་ཁང་འདི་
  • ཚེ་རིང་རྡོ་རྗེ་/Tshering Dorji: དེ་འབདཝ་ད་ ཨ་ནཱི་ ད་ཨ་་ནཱ་ལྟག་ལས་འབད་བ་ཅིན་ ས་ཨིན་པས། ནང་ན་པུ་ར་(ག་ར་) བྱག་ཨིན་པས་ལགས་ བྱག་སྦོམ་སྦེ། ཏེ་འ་ནཱི་ བྱག་དང་ ཕར་ཕར་ཨ་ནཱི་ ཁྱིམ་སྦོམ་གི་ ཕར་ཁ་ཐུག་ དར་ཤིང་ཡོད་སར་ བྱག་སྦོམ་ཅིག་ཡོད་པའི་ལགས། འ་ནཱི་གཉིས་ ཁོང་ ཧེ་མ་མ་འཆམ་པའི་ ལོ་རྒྱུས་འདུག་ལགས། དང་ཕུའི་ མི་ཚུ་གིས་ སླབ་ད་ལགས།
  • ཚེ་རིང་རྡོ་རྗེ་/Tshering Dorji: ཏེ་མ་འཆམ་ དེ་ལས་ ཁོང་གཉིས་འཐབ་སྟེ་ དེ་ལས་ ནཱ་གི་ ཨ་ནཱི་ འུར་ཐག་ཟེར་མི་ འུར་ཐག་ཅིག་ ནཱ་ལས་ རྡོ་བཙུགས་སྦེ་ བླུགསཔ་ད་ ཕར་གི་དཔྱལཝ་གུ་ ཕོག་སྟེ་ ཕར་གྱི་ གཡོ་འགྱོ་བའི་ཟེར་ བྱག་འདི་ གཡོ་སྟེ་ཡོད་པའི་ལགས། ཕར་གྱི་ བྱག་འདི་ལགས།
  • ཚེ་རིང་རྡོ་རྗེ་/Tshering Dorji: དེ་ལས་ ཕར་གྱི་འདི་ ཙིགཔ་ཟ་སྦེ་ ཨ་ནཱི་ ཏོག་ཙེ་ གསེར་གྱི་ཨིན་ཟེར་ གསེར་གྱི་ ཏོག་ཙེ་ བརྐོ་བརྐོཝ་ཨིན་ཟེར་ ཨ་ཕར་ ལྷ་ཁང་གི་རྒྱབ་ཁར་ ཧོག་ཀ་སྦོམ་ཅིག་འདུག་ལགས། བརྐོ་བཏང་ད་པའི་ཟེར་ ཁོ་མེདཔ་བཏང་ཡི་ཟེར་
  • ཚེ་རིང་རྡོ་རྗེ་/Tshering Dorji: ཏེ་འ་ནཱི་གཉིས་ མ་བསྒྲིགས་པར་ དེ་ལས་བར་ན་ འཆམ་ཁ་བཟོ་མི་འདི་ ཨ་ནཱ་ ཆུ་གི་ མཐའ་མར་རྡོ་སྦོམ་ཅིག་འདུག་ལགས། ཨ་མར་ མར་ཆུ་གི་མཐའ་མར་ འ་ནཱི་འདི་ ཁོང་གཉིས་ཏེ་ ཡར་དང་མར་ ཁོ་གིས་སྦེ་ བར་ན་བསྒྲིགས་ཆ་ ཁོ་གིས་ བཟོ་འབད་ཏེ་ འ་ནཱི་ཨིན་ཟེར་ འ་ནཱེ་སྦེ་ སླབ་ནི་འདུག་ལགས། དང་ཕུ་གི་ མི་འདི་ཚུ་གིས་འདི་ བཤད་པ་རྐྱབ་ད་ འ་ནཱི་སྦེ་འདུག་ལགས། ལགས་སོ་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: ལགས་སོ་ལགས། དེ་ལས་ ཕར་ཕར་གཡུས་ཅིག་ མཐོང་མས་མེན་ན་ལགས། འ་ནཱི་འདི་ མིང་
  • ཚེ་རིང་རྡོ་རྗེ་/Tshering Dorji: འོང་ལགས། ཕར་གི་ ཚུར་ཁ་ཐུག་ལུ་ མཐོང་མི་འདི་ སྣང་སྣང་ཟེར་ སླབ་པའི་ལགས། དེ་ལས་ ཕར་ཕར་ ད་རུང་ པོག་ཏོ་དཀརཔོ་ཕར་ལས་སྦེ་ མཐོང་མི་འདི་ ཉི་མ་ལུང་ཟེར་ སླབ་པའི་ལགས། ཉི་མ་ལུང་།
  • ཚེ་རིང་རྡོ་རྗེ་/Tshering Dorji: དེ་ལས་ སྤྱི་འོག་འབད་བ་ཅིན་