Skip to main content Skip to search
08 Feb 2016
9 min 38 sec
Rating
0
No votes yet
Video Overview
Creators: 
Duptho, Chimi Wangmo

༉ ཧེ་མ་ འབྲུག་རྒྱལ་གསུམ་པའི་སྐབས་ལས་ རྒཔོ་ཟེར་མིའི་མིང་དང་གོ་གནས་དེ་ཐོབ་པའི་ནང་གསེས་ལས་ ཤར་ཕྱོགས་བཀྲ་ཤིས་སྒང་ཆ་འོག་ནང་ རྒཔོ་འགོ་དང་པ་བཞི་བསྐོས་བསྐོསཔ་དང་ གོང་འཕེལ་གྱི་འགྱུར་བཅོས་ཚུ་ག་དེ་སྦེ་ར་བྱུང་ཡི་གའི་སྐོར་ལས་ ཨོ་རྒྱན་རྡོ་རྗེ་གིས་བཤད་མི་ནང་ དེ་བསྒང་རྒཔོ་ཆ་ཁྱབ་ཀྱི་དར་དེ་ཡང་ གཞུང་ཞབས་ལས་ར་གནང་ ལོག་རྫོང་ཁག་ནང་ལྷོད་ མཛར་ཅུམ་ཅིག་ཡང་གནངམ་ད་ ཨོ་རྒྱན་རྡོ་རྗེ་ཁོ་ར་ སྤྱི་དཔོན་གོངམ་སྦེ་སྡོད་ནི་དེ་གིས་ གཉེརཔ་སྦེ་ཁོ་ལུ་བཀའ་གནང་སྟེ་ གཉེརཔ་སྦེ་འགན་ཁུར་འབག་པའི་ཁ་ལུ་ དེ་བསྒང་གི་རྒཔོ་ཆ་ཁྱབ་ སྒྲིག་ལམ་རྣམ་གཞག་གི་ཐོག་ལས་ལྟོ་རས་ནང་ལྟོ་བཟེད་ཐངས་ར་ མ་ཤེས་པར་ཡོདཔ་ལས་ རྒཔོ་ཆ་ཁྱབ་ལུ་ ཁོ་གིས་སྟོན་སྟོནམ་གི་ལོ་རྒྱུས་སྦེ་བཤད་ནི་འདུག དེ་མ་ཚད་ ཧེ་མའི་རྒཔོ་ཚུ་ གཞུང་ལས་དངུལ་ཕོགས་ཟེར་ཡང་མེདཔ་ད་ ལཱ་གཡོག་ཟེརཝ་ཡང་ ས་ཁྲལ་ཁང་ཁྲལ་ཚུ་བསྡུ་ནི་རྐྱངམ་ཅིག་མ་གཏོགས་ ལཱ་གཡོག་འདི་དང་འདི་ཟེརཝ་ཅིག་མ་སྡོདཔ་ཨིན་པས། དེ་བསྒང་དངུལ་ཕོགས་ཟེར་རུང་ ས་ཁྲལ་ཁང་ཁྲལ་བསྡུ་སྟེ་སྐྱེལ་བ་འགྱོཝ་ད་ བར་ཟས་ ༼ཀ་མི་ཤཱན་༽ ཟེར་དངུལ་ཀྲཾ་༥༠༠ རེ་ཐོབ་དོ་ཡོདཔ་ཨིན་མས།

Show More

  • ཨོ་རྒྱན་རྡོ་རྗེ Ugyen Dorji
    ཨ་ནཱ་ ཧེ་མ་དེ་ རྒཔོ་མེད་པར། རྒཔོ་འདི་ ༤༥ ལས་ ཐོན་དོ་བཟུམ་འབད་ཡི། རྒོཔ་འདི། ཨ་ནཱ་ རྒཔོ་ཐོན་པའི་བསྒང་ ཡར་ལུ་ ཐིམ་ཕུག་ལུ་འདི་ དཔོན་འདི་ ཨ་ནཱ་ ཁོ་འབྲུག་རྒྱལ་གསུམ་པ་ར་ཨིན་མས། ཨ་ནཱེ་འབདཝ་ད་ལུ་ གཉེར་ཆེན་འདི་ཟེར་ སླབ་སྡོད་ཅི་ སོ་སོར་་གཙོ་བོ་ར།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    དེ་ལས་ རྒཔོ་འགོ་ཐོན་ད་ལུ་ རྒཔོ་ག་ར་ དར་ཡར་ལས་གནང་ཡི་ རྒཔོ་ཚུ། དེ་ལས་ དར་གནང་སྟེ་ རྫོང་ནང་ཕེབས་ཅི། ཨ་ནཱ་ལུ་ ང་ཨ་ནཱི་ལུམ་པ་གི་ དཀྱུས་དཔོན་གོངམ་སྦེ་སྡོད་ཅི། ཨ་ནཱ་ལས་ ཕེབས་པའི་སྐབས་ལས་ཏེ་ ད་ལྟོ་ གཏམ་ཞིང་རྒྱ་གར་འདི་ ཁོ་ཁྲིམས་དཔོན་འབད་དེ་ ནང་བསྐོར་གི་ བཱ་བུ་བཀྲ་ཤིས་ ད་ལྟོ་ ཁྲིམས་སྤྱི་བློན་པོ་གི་ཡབ། ཨ་ནཱི་གཉིས་དེ་ ལས་ཁུངས་འབད་དེ་ རྫོང་ནང་བཞུགས་ཏེ་སྡོད་ནུག།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    དེ་ལས་ཏེ་ ཨ་ནཱ་ལས་ ང་ཡང་མར་ཤོག་ཟེར་གསུངས་ཏེ་ དེ་ལས་ ཁོང་རྒཔོ་ཚུ་ལུ་ འུམ་་མཛར་ཅུམ་ཅིག་གནང་ཡི། མར་ལུ་གཞུང་གིས། གནངམ་ད་ལུ་ གཉེརཔ་སྦེ་ཤོག་ཟེར་ ང་སོང་ཡི་མར་ལུ། ཨ་ནཱ་ང་མར་ལུ་ གཉེརཔ་སྦེ་འགྱོ་ད་ལུ་ ཁོང་རྒཔོ་ཚུ་འགོ་ཨིན་པས། ལྟོ་རས་བཟེད་ནི་ར་ མ་ཤེས་པས།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    ང་ཨ་ནཱི་ ལྟོ་རས་བཟེད་ནི་འདི་ ང་འདི་ ཧེ་མ་ རྫོང་ནང་དགེ་སློང་ཨིན། དེ་འབདཝ་ལས་ ཨ་ནཱི་ ལྟོ་རས་བཟེད་ནི་ ང་ལས་ ང་གིས་ སྟོན་བྱིན་ཡི། ཨ་ནཱ་ བཀྲ་ཤིས་སྒང་གར་པ་ ཁི་དཱ་ལ་འདི་ ལྗང་ཕུག་པ་ཨིན་པས། ཨ་ནཱ་ ཁོ་ཡང་ རྒཔོ་ཕོག་སྟེ་སྡོད་ནུག དེ་ལས་ ང་ལུ་སླབ་དེས། དེ་ལས་ ང་གིས་ ལྟོ་རས་བཟེད་ནི་ག་ར་སྟོན་བྱིན། ག་ར་ཨ་ནཱེ་སྦེ།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    ཨ་ནཱེ་སྦེ་རྒཔོ་འབད་དེ་ འབད་དེ། དེ་ལས་ མར་ལས་ཡར་ ནངས་པ་བཟུམ་ཅིག་ མཛར་ཅུམ་རྫོགས་ཞིནམ་ལས་ རང་རང་སོ་སོར་ བྱོན་ནི་འབདཝ་ད། ཁྱིམ་ནང་བྱོན་ནི་འབདཝ་ད་ ད་ལྟོ་ ཁོ་གཏམ་ཞིང་རྒྱ་གར་དང་ གཉེར་ཆེན་དང་ གཏམ་ཞིང་རྒྱ་གར་གྱིས་ ཁོ་ ཁྲིམས་དཔོན་༼དྲང་དཔོན་༽འབད་བྱོན་ཡི། ཏེ་ཁོ་གིས་གསུངས་ཡི། ཁྱོད་རྒཔོ་ཚུ་ རང་རང་སོ་སོ་ ད་ལྟོ་ རེ་རེ་གིས་ རང་སོའི་ལུམ་པ་ནང་ ལེགས་སྦྱར་༼གསལ་བཤད༽ མ་བྱིན།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    ཡར་ ཕོངས་མེད་རྒཔོ་ ད་ལྟོ་ ང་བཅས་ ནཱ་ལས་ཡར་འབད་བ་ཅིན་ ཐུང་དུས། གམ་རི་ལས་ཚུར་ལས་བཅད་དེ་ ཡར་ལུ་ ཧེ་མ་ར་ ཕོངས་མེད་རྒཔོ་འདུག། དེ་ལས་ ར་སྡེ་རྒཔོ་འདུག། དེ་ལས་ དགའ་གླིང་གཤོང་ཕུག་རྒཔོ་འདུག། དེ་ལས་ སྦིས་མཁར་རྒཔོ་འདུག་ཟེར་ཏེ།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    ཏེ་སྦིས་མཁར་རྒཔོ་འདི་ སྦིས་མཁར་ལས་མར་དང་ སྤམ་ལས་ཡར་ དབང་དེས་པ། དེ་ལས་ ང་བཅས་དགའ་གླིང་པ་གིས་འདི་ ང་བཅས་ དགའ་གླིང་ལུ་དང་ ནཱ་དང་ འཆང་མི། གོང་ས་འཕང་མ། བཅའ་གླིང་། གཤོང་ཕུག་དབང་འོང་། དེ་ལས་ ར་སྡེ། གཙང་མཁར་རྒཔོ་གིས་འདི་ ཨ་ནཱ་ཕར་ སྟོང་གླིང་། ར་སྡེ། བོང་མན། ཨ་ནཱེ་ག་ར་ དབང་འོང་། དེ་ལས་ ཕོངས་མེད་རྒཔོ་གིས་འདི་ ཁོ་གིས་ ཕོངས་མེད་དང་། ས་གླིང་ཨ་ཙི་རེ་དབང་འོང་།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    དེ་ལས་ཏེ་ ཨ་ནཱ་གསུངས་དེས། ཨ་ནཱ་ ཁྲིམས་དཔོན་གྱིས་ ཁྱོད་ཚུ་ རྒཔོ་བཞིཔོ་ཆ་ར་ཅིག་ཁར་སོང་སྟེ་ ལེགས་སྦྱར་ཅིག་ཁར་བབཏང་སྦེ་ཤོག་ཟེར། རང་རང་སོ་སོར་ མ་བཏང་ཟེར། དེ་ལས་བཏང་སྟེ། ཨ་ནཱ་ལས་ ཁོ་བཞི་ཡར་ ཏེ་ལེགས་སྦྱར་བཏང་སྟེ་ ཡར་ལས་མར་ ཁོང་ཚུ་ གནང་ནི་བྱོན་ནི་འབདཝ་ད་ལུ་ མར་ལུ་ ང་ཡང་ཕྱག་དབང་ཞུ་སྟེ།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    དེ་ལས་ ང་བཅས་ཚུ་སོང་སྟེ། ཁོང་ཚུ་བྱོན་ཏེ། ང་ནཱ་ དཀྱུས་དཔོན་འབད་སྡོདཔ་ད། ཁོང་ཚུ་བཏང་སྟེ་ ལེགས་སྦྱར་བཏང་པ་འཁྱིད་འོང་ནུག། དེ་ལས་ ཁོང་ཚུ་ ཡར་ལུ་ ལེགས་སྦྱར་གནང་སྟེ། ཁོང་བཞིཔོ་ཆ་ར་ ལེགས་སྦྱར་ཅིག་ཁར་གནང་སྟེ་ ནཱ་ལྷོད། ནཱ་ལྷོད་ཞིནམ་ལས་ཡང་ ཁོང་ཚུ་གིས་ ལེགས་ཤོམ་མཛད་གནང་ཡི་ ཁོང་གིས། ཧེ་མ་འདི་ འབད་སྡོད་ཅིག དེ་ལས་ ཁོང་མི་སེར་ཚུ་ཡང་ག་ར་ སེམས་དགའ་སྟེ་ ཨ་ནཱེ་འབད་དེ།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    དེ་ལས་ ང་བཅས་ར་ མཇུག་བསྡུཝ་ད་ ཁོང་རྒཔོ་བཞི་ག་ར་གིས་ དགའ་དགའ་སྐྱིད་སྐྱིད་སྦེ་ སེམས་དགའ་ཡི་མས། ང་བཅས་ར་ ལེགས་ཤོམ་སོང་ཡི་མས་ཟེར་ གསུངས་ཏེ་ ཁོང་ཚུ་ ཨ་ནཱ་བྱོན་ཏེ་ག་ར་ སེམས་དགའ་སྦེ་ ཨ་ནཱེ་སྦེ་སྡོད། ད་ལྟོ་ ང་བཅས་རྒཔོ་ལས་ འགོ་ཐོག་ར་ ཡར་ཕོངས་མེད་རྒཔོ་ཨིན་མས། འགོ་ཐོག་རྒཔོ་འབདཝ་ད་ ང་བཅས་ནཱ་ རྒཔོ་གསུམ་འབད་ཡི།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    ཏེ་དེ་ལས་ རྒཔོ་ཚུ་གིས་ ལཱ་ག་ཅི་འབད་ནི་ ནཱ་ཨིན་རུང་མེན་རུང་ ས་ཁྲལ་ཅིག་རྐྱངམ་ཅིག་བསྡུ་འོང་ལགས། ཁྲལ། ཁྲལ། ས་ཁྲལ་བསྡུ་སྟེ་ ཨེའེ་་ལོ་ཅིག་ནང་ ཁྲལ། ས་ཁྲལ་ཁང་ཁྲལ་མཇུག་བསྡུ་འོང་། ཨེ་འེང་ཨེ་འེང་་་དེ་ལས་ ཤུལ་ལས་ མེ་རྐྱེན་གྱི་སྦེ་ ཁྲལ་འདི་ ཤུལ་ལས་རྐྱངམ་ཅིག་ཐོན་ཡི། ཧེ་མ་མིན་འདུག དེ་ལས་ ཤུལ་ལས་འདི་ མེ་རྐྱེན་གྱི་ཁྲལ་ ༼ཨིན་ཤུ་རེནསི insurance)་ཟེར་ བསྡུ་ནི་འདུག། ཨ་ནཱི་ཁྲལ་རྐྱངམ་ཅིག་ཨིན། ཨ་ནཱི་ལོ་གཅིག་ནང་མཇུག་བསྡུ་དགོ།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    ཏེ་ལོ་གཅིག་མཇུག་བསྡུ་ད་ལུ་ ལོ་གཅིག་མཇུག་བསྡུ་སྟེ་ མར་ལུ་འབགཔ་ད་རྐྱངམ་ཅིག་ ལྟོ་ལོབ་ཟེར་ ཀ་མི་ཤན་ (དངུལ་ཕོགས། འཐུས)ཟེར་ ཏི་རུ་ ༥༠༠ འབད་མི་ཅིག་ཐོབ། ཧེ་མ་ག་ནཱི་ཡང་ ཐོབ་པའི་ཐོབ་ལུགས་མེད་ རྒཔོ་འདི་ཚུ། དེ་ལས་ ཨ་ནཱ་ལས་ དངུལ་ཕོག་ཟེར་ ཨ་ནཱི་ཐོབ་སྟེ་ འོང་ནི་རྐྱངམ་ཅིག་ཏེ།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    ཏེ་དེ་ལས་ ཁོང་དྲུང་པ་ཚུ་འབད་བ་ཅིན་ བྱཱར་ལཱ་དགུན་ལཱ་ཟེར་ ལཱ་ཉིནམ་དྲུག་བཏོན་འོང་། བྱཱར་ལཱ་དགུན་ལཱ་ཟེར་ཏེ། དགུན་ལུ་ ཉིནམ་དྲུག་། བྱཱར་ལུ་ཉིནམ་དྲུག། དེ་ལས་ བྱཱར་ཤ་དགུན་ཤ་ཟེར། དེ་ལས་ ཤ་ཤ་ཁོང་ཚུ་ལུ་ ཏི་རུ་བྱིན་དགོ་ཏེ། ཨ་ནཱི་ ཤ་ཉ་གི་ཏི་རུ་བྱིན་ཏེ། ཏི་རུ་ ༡༥ དེ་བསྒང་ ཏི་རུ་ཉུང་སུ་ཅིག་སྡོད་ནུག། ཤའི་གོང་། ཏེ་ཏི་རུ་ ༡༥ བྱིན། ཏེ་བྱཱར་ལཱ་དགུན་ལཱ། བྱཱར་ཤ་དགུན་ཤ་ཟེར། ཨ་ནཱེ་སྦེ་སྡོད་ནུག། དེ་ལས་ ཤུལ་ལས་ ཨ་ནཱི་ཡང་མེདཔ་བཟོ་ཡི། ཤུལ་ལས་སྤྲོད་མ་དགོ། དེ་ལས་ ཤུལ་ལས་ཤུལ་ལས་འབདཝ་ད་ རྒཔོ་ཚུ་གིས་འབད་ཞིན་ན་ དྲུང་པ་ཡང་མེདཔ་སོང་ཡི་བ་ ག་ར། དེ་ལས་ རྒཔོ་གིས་འབད་ཡི།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    དེ་ལས་ ཨ་ནཱེ་འབད་ཞིནམ་ལས་ རྒཔོ་ཚུ་གིས་ ལཱ་ག་ཅི་འབད་ནི། རྒཔོ་ཚུ་ལཱ་འབད་མ་ཤེས་པ་ཨིནམ་འོང་ཏེ། ད་ལྟོ་ དཔོན་བཟུམ་སྦེ་ ཡར་གསུངམ་མི་ཡང་མེདཔ་ཨིནམ་འོང་། དངུལ་ཕོག་ཡང་མེད་ ལཱ་ག་ནི་ཡང་མེད་པར་ རྒས་སོང་ཡི་རྒཔོ་ཚུ། ལཱ་ཡང་ག་ནི་ཡང་མེད་པར། རྒཔོ་ལས་ ང་ར་འུ་སྡུག་ཤོས་ར་ང་ཨིན།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    ཏེ་ད་ལྟོ་ ང་གིས་ རྒཔོ་འབད་བའི་ནམ་དུས་ལུ་ ང་བཅས་ བཅའ་གླིང་གཤོང་ཕུག་ ག་ཏེ་ཡང་ ད་ལྟོ་ བཅའ་གླིང་གཤོང་ཕུག་མེན། འཐུང་ནི་གི་ཆུ་མིན་འདུག ག་ནི་ཡང་མིན་འདུག་བ། ཨ་ནཱེའི་སྐབས་ལུ་ ཁོང་རྒཔོ་ཚུ་གི ཨ་ནཱི་མེད་པར། ཏེ་ང་བཅས་མར་ལུ་ རྫོང་ནང་ འཛོམས་འདུ་ནང་འགྱོ་འོང་།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    འགྱོཝ་ད་ མར་ལུ་ རྫོང་བདག། དེ་ལས་ ཁོང་ནཱ་ ནཱ་་ཆུའི་འགོ་དཔོན་དང་ གཞན་ཚུ་འཛོམས་ཏེ། དེ་ལས་ མར་ལུ་ ཞུ་ད་ལུ་ཐོབ་ནི་འདུག ཏེ་མར་ལུ་ ང་གིས་ མར་ལུ་ཞུ་སྟེ་ ཨ་ནཱ་ ཆུའི་འགོ་དཔོན་ཚུ་ལུ་ཞུ་སྟེ་ ཞུ་བའི་བསྒང་། ཏེ་རྫོང་བདག་ཀུན་བཟང་གིས་ སླབ་འོང་། ཡ་ཏེ་ ཁོ་དགའ་གླིང་རྒཔོ་འདིནི་ ཁོ་རའི་ མི་སེར་ལུ་ དགོ་མི་ཚུ་ག་ར་་ཞུ་ཚརཝ་མས། ཁྱོད་ཚུ་ ཞུ་ནི་མེད་ག?ཟེརཝ་ད་ དེ་ལས་རྐྱངམ་ཅིག་ ཁོང་ཚུ་གིས་ ཞུ་སྟེ་ཐོབ་ཐོབ་ཨིནམ་འོང་།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    ཧེ་མ་ ང་བཅས་ཀྱི་བཟའ་ཆུ་ཟེར་ བཟའ་ཆུ་མེད། ག་ར་ ཟོ་ནང་དབོག་སྟེ་བསྐྱལ་དགོ དཀའཝ་སྤྱད་དགོ་ཧེ་མ། ཤུལ་ལས་ ཁོང་ གཞུང་གི་བཀའ་དྲིན་ལས་ ལེགས་ཤོམ་སོང་ཡི། གཞུང་གིས་ བཟའ་ཆུ་བཏོན་ཏེ་ ཏེ་ཨ་ནཱེ་སྦེ་འབད་དེ་ ཨ་ནཱ་ལས་ གཞན་ཁ་ཡང་ བཏོན་བཏོནམ་ཨིནམ་འོང་།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    ཏེ་ང་གིས་ ཡར་ལུ་ བཅའ་གླིང་ལུ་སོང་སྟེ་ བཅའ་གླིང་གི་ བཟའ་ཆུ་འདི་ཡར་ ཨ་ནཱ་ཨེ་ཏོག་མེ་ཏོག་ལས་བཏོན་ཡི། དེ་ལས་ ཨ་ཕར་ འཆང་མི། ཨ་ཕར་ རྡོ་རོག་པ་ལས་བཏོན་ཡི། ང་བཅས་ དགའ་གླིང་ ཨ་ནཱ་ཆུ་ཐག་གྲོང་ལས་ བཏོན་ཏེ། ག་ར་ བཟའ་ཆུ་བཏོན་ཏེ་ ཨ་ནཱེ་སྦེ་འབད་ཡི།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    དེ་ལས་ང་གིས་ ནཱ་སློབ་གྲྭ་ གནམ་ལོ་ ༧༥ ལུ་ ཞུ་ཡི་ཨ་ཡར་ལུ། ཤུལ་ལས་ ཨ་ནཱི་ཚུ་ མར་ལུ་སྤོ་སྟེ་ཡོད། གཞན་ཨ་ཡར་ལུ་ཨིན། ཏེ་དེ་ ང་བཅས་རྒཔོ་གིས་ ལཱ་ཨིན། དེ་ལས་ ཁོང་གཞན་ཚུ་ ཨ་ནཱི་ ང་གིས་ སློབ་གྲྭ་ནཱ་ཞུ་ཡི། དེ་བསྒང་ ཏེ་འབྲུག་རྒྱལ་གསུམ་པ་གིས་ ང་མར་ལུ་ ཞུ་བའི་སྐབས་ ང་གིས་ མར་ལས་ སློབ་གྲྭ་གནང་དགོ་ཟེར་ཞུ་ཡི།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    ག་ཅི་གི་སློབ་གྲྭ་སྨོ ? ཟེརཝ་ད་ ང་བཅས་ནང་ ས་ཧོག་ཀ་ནང་ ས་ཟུར་ས་བཟུམ་ཅིག་ཨིན། ང་བཅས་ནཱ་ མི་ཚུ་རིག་པ་ཡང་ དཀོན་དྲག་སྦེ་འདུག་ ཏེ་གཞུང་ཁྱེད་ར་གིས་ མི་སེར་ལུ་ མཛད་ཡང་མཛད་གནང་དེས། མི་སེར་གྱིས་ཕམ། སྐྱིད་སྡུག་ཕ་མ་ཁྱོད་ར་ཨིན་མས། སློབ་གྲྭ་ཞུ་ནི་ཟེར་ ཞུ་ཡི་ང་གིས།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    སློབ་གྲྭ་འཇམ་ཏོང་ཏོ་མེན། སློབ་གྲྭ་ཟེར་མི་འདི་ སློབ་དཔོན་ག་དེམ་ཅིག་མེད་ཟེར་རུང་ སློབ་དཔོན་ ༦ དེ་ཅིག་དགོ། ཏེ་སློབ་དཔོན་ཡང་ ཨ་ནཱིའི་སྐབས་ལུ་ དངུལ་ཕོག་སྦོམ། སྦོམ་ནུག་ག་ཏེ། སློབ་དཔོན་རེ་ལུ་ ཏི་རུ་ ༦༠༠ རེ་བྱིན་དགོ་དངུལ་ཕོག་ཟེར། དེ་ལས་ ཁྱོད་ཀྱིས་ ག་ཅི་འབད་ནི་ཟེར་ གསུངས་དེས་ དེ་ལས་འབདན།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    དེ་ལས་ ང་གིས་ ཞུ་ཡི། ཏེ་སློབ་དཔོན་དང་ ཨ་ནཱི་འདི་ སློབ་དཔོན་གྱི་དངུལ་ཕོགས་དང་ དཔེ་ཆ་ག་ར་ རྒྱལཔོ་ཁྱོད་ར་གིས་ གནང་ནི་ཡོད་པ་ཅིན་ སློབ་གྲྭའི་ཁྱིམ་ ང་བཅས་ར་ མི་སེར་གྱིས་ ཕྱག་ཞུ་ནི་ཟེར་ ཞུ་ཞུཝ་ཨིན། དེ་ལས་ ཁྱིམ་བཟོ་ཡི། དེ་ལས་ ང་གིས་ ནཱ་གི་སློབ་གྲྭ། དེ་ལས་ འཆང་མི་གི་སློབ་གྲྭ། དེ་ལས་ འཆང་མི་རྒཔོ་དང་ སྤྱི་མིའི་ཡིག་ཚང་། དེ་ལས་ ཕར་བཅའ་གླིང་སློབ་གྲྭ་ཁྱིམ་ཚུ། ཁོང་རྒཔོ་གཞན་ཚུ་གིས་ བཟོ་བཟོཝ་འོང་།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    མ་གཞི་ ང་གིས་ ཨ་ནཱེ་འབད་བ་ཅིན། ང་བཅས་ ཧེ་མའི་རྒཔོ་ ཁོང་གསུམ་པོ་གིས་མིན་འདུག་ ཁོང་གིས་ ཤུལ་རང་མིན་འདུག། ད་ལྟོ་ ཤུལ་སྟོན་པ་ཅིན་ ངེ་གིས་ ཤུལ་མངམ་ཡོད། ཨིན་ན་མེན་ན་ལྟཝ་ད་ཤེས། །རྡོ་རྗེ་གྲོ་ལོད་འཆམ་ད་ཤེས། །ཟེར་འབད་མ་འབད་ཤུལ་ལུ་བལྟ། །བཟའ་མ་བཟའ་གདོང་ལུ་བལྟ། །ཟེར་ ད་ལྟོ་ ཁོང་ཚུ་གིས་ ལཱ་སྟོན་ཟེར་བ་ཅིན་ ཧེ་མའི་རྒཔོ་ཚུ་གིས་ སྟོན་ནི་མི་འོང་།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    དེ་ལས་ ང་གིས་ ཨ་ནཱེ་ཅིག་ ད་ལྟོ་ཚུན་ཚོད་ག་ར་ ངེ་སྐབས་ཀྱི་ཨིན་ ད་ལྟོ། ཁོང་ ད་ལྟོའི་ རྒཔོ་ཚུ་གིས་ འབད་དོ་འབད་དོ་ཟེརཝ་མ་གཏོགས་ ཁོང་ཚུ་གིས་ལཱ་མེད། ག་ར་ ང་གིས་བཏོན། ག་ར་ ངེ་གི་ལཱ་ཨིན། དཔེ་འབདན། དེ་ལས་ཏེ་ ང་རྒཔོ་ལས་ ཐོན་ཞིནམ་ལས་ དེ་ལས་ ཨ་ཕར་ ནཱ་འཆང་མི་ལས་ཨིན། ནཱ་འཆང་མི་ལས་འབདཝ་ད་ ཡར་རྒྱས་ཅིག་བཏང་མ་ཚུགས། ཨ་ནཱེ་ཅིག་སྦེ་ རྫོགས་རྫོགཔ་བཟུམ་འབད་ཅིག་ཡི།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    ཏེ་ང་འདི་ རྒཔོ་འབད་རུང་ མི་བཏང་ཏེ་ ཨ་ནཱ་ལས། ནཱ་གཞུང་གི་ ཨ་རིང་ཡོད་ནི་དེ་གིས། ང་བཅས་ ནཱ་བུ་ན་ལུ་ ཨ་རིང་ གླང་དོར་བཅོ་བརྒྱད། དེ་ལས་ རང་འབྱུང་ལུ་ ཨ་རིང་གླང་དོར་བཅོ་བརྒྱད། ཡར་སྤགས་ཀ་གླིང་ལུ་ གླང་དོར་(ཁལ་གཅིག) ཨ་ཁའི་་་་་བཞི་བཅུ་ཞེ་གཅིག། ཨ་ནཱི་ཚུ་གི་ ལཱ་རྒྱབ་འབད་ཡི་ང་། དེ་ལས་ མར་གཙང་ཆི་ལུ་ སློབ་གྲྭའི་ཁྱིམ་རྐྱབ་ཟེར་ སློབ་གྲྭའི་ཁྱིམ་ནང་ ལོ་གཅིག་དང་ ཟླཝ་གསུམ། ཁྱིམ་ནང་སྡོད་ར་མ་བཅུག་གཞུང་གིས། ཨ་ནཱེ་སྦེ་ར་ རྒས་སོང་ཡི།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    ཏེ་དངུལ་ཕོགས་མེད་པའི་ ལཱ་རང་ཨིན་ ངེ་གི་དེ། ག་ར་དངུལ་ཕོག་མེད་པའི་ལཱ། དེ་ལས་ ད་ལྟོ་ སྐྱིད་མི་འདི་ གཞུང་གི་ བཀྲིན་ལས་ར་ཨིན། ག་ནཱི་ཡང་འབད་མ་དགོ། ཧེ་མ་ཧེ་མ་འདི་ཕོག་སྡོད་ཅིག། ཤུལ་ལས་ག་ནཱི་ཡང་མ་ཕོག་པར་ མི་སེར་སྐྱིད་ཏོང་ཏོ་འོང་ཡི་མས། ཨིན་རུང་མེན་རུང་ ཨ་ནཱི་བཀའ་ཤོག་བཀལ་ནི་དེ་ར་ཨིན།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    ད་འདི་ ཨ་ནཱི་བཀའ་ཤོག་ཡང་ ལྷོད་ནི་མིན་འདུག། ད་འདི་ སྒྲ་དང་ ཨ་ནཱི་ཚུ་ཡོད་ནི་དེ་གིས་ ཏེ་ལྷོད་ནི་མིན་འདུག་བ། ཧེ་མ་སྒྲ་ཨ་ནཱེ་སྦེ་ མེད་ནི་དེ་གིས་ཏེ། ཨ་ནཱི་བཀའ་ཤོག་ལྷོད་འོང་། ཏེ་ད་ལྟོ་ ང་བཅས་མི་སེར་ཚུ་ སྐྱིད་ཏོང་ཏོ་ར་ཨིན། ད་འདི་ གཞུང་གི་བཀྲིན་གྱིས་ མི་སེར་སྐྱིད་ཏོང་ཏོ་ཡོད་བ། ག་ནི་ཡང་ནང་དོགས་དགོཔ་མེད་པར། རང་སོའི་ ལཱ་ལྕོགས་དང་མ་ལྕོགས་ རང་སོ་སོ་བལྟ་ནི་རྐྱངམ་ཅིག ག་ཅི་ར་ ཁོ་གཞུང་གིས་མཛད་དེ།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    ཧེ་མ་ཧེ་མ་ ཁྲལ་ གནམ་མེད་ས་མེད་ཁྲལ་སྡོད་ཅི། ད་ལྟོ་ འབྲུག་རྒྱལ་དང་པ་དང་ གཉིས་པའི་སྐབས་ལུ་ ཁྲལ་སྡོད་ཡི་ཅི། དེ་བསྒང་ ཨ་ནཱ་བཀྲིས་སྒང་པ་ ཤུགས་ཡོད་ནི་དེ་གིས་ ཡར་ལས་མེན་པར་ བཀྲིས་སྒང་གིས་ར་བསྐྱལ་སྡོད་ཅི་བ། དེ་ལས་ ཤུལ་ལས་ འབྲུག་རྒྱལ་གསུམ་པའི་སྐབས་ལས་ཏེ་ ནཱ་གཡུས་ཁ་ དཔྱ་ཁྲ་ཚུ་ཡང་ དཔྱ་ཁྲ་ཡང་ ཁོང་ཡར་ལས་ བཟོ་འབག་འོང་ཡི་བ།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    གཡུས་ཁ་ཁལཝ (བྲེ) སྲང་ག་ར་ ཡར་ལས་བཟོ་འབག་འོང་སྟེ་ ང་རྒཔོ་སྦེ་སྡོད་པའི་བསྒང་ ཨ་ནཱེ་སྦེ་ལྷོད་ཅིག། ཁཝ་(བྲེ)དང་སྲང་། དེ་ལས་ དཔྱ་ཁྲ་འདི་ ཨ་ནཱ་ལས་ཐོན་ཡི། གཞན་དལ་གཞི་ ཧེ་མ་དཔྱ་ཁྲ་མེད། ཁྱིམ་ཕྱུགཔོ་ཡོད་མི་གིས་ ཕྱུགཔོ་ཁོ་གཅིག་འབད་མི་ཅིག་ ཕྱུགཔོ་འགྱོ་སྡོད་འོང་། འཚོལ་བར་འགྱོ་རུང་ ཁོ་འབད་སར་སོང་སྟེ་བཟའ།
  • ཨོ་རྒྱན་རྡོ་རྗེ Ugyen Dorji
    གེ་ཛ་འབད་རུང་ རེད་འབད་རུང་ ཁོ་ལས་འབག་འོང་། ཁོ་འདི་ཕྱུགཔོ་ཐོན། དགའ་གླིང་པ་ སྤྱང་ཀ་འགྱོ་འོང་། དེ་ལས་ ཤུལ་ལས་འདི་ འབྲུག་རྒྱལ་གསུམ་པའི་ བཀྲིན་ལས་ ང་བཅས་ག་ར་ ཨ་ནཱེ་ཅིག་ ལེགས་ཤོམ་འགྱོ་མི་འདི་ ག་ར་ཁོ་གི་ བཀའ་དྲིན་ཨིན།