Video Overview
A local monk from Norboogang village in Pemagatshel district describes the etymology of his village and three more neighboring villages. People were looking for a place to settle down permanently. As they reached near the riverside of the village, the settlers found the tusk of a dead elephant and named the place 'Norboogang', meaning 'Valley of the precious jewel'. The names of the three other villages were based on the kind of trees growing in the area. One was called 'Rinchen Zor' (hill of rinchen), as it has plenty of the plant locally known as Rinshug Bari. Another village was called 'Nyingshing Borang' (forest of Nyingshing) because around the village is a forest where the plant Nyingshing grows. Finally the last village the narrator mentioned, is called Tselshing Zor (hill of Tselshing), again due to the presence of a plant locally known as Tselshing.
༉ གློག་བརྙན་འདི་ནང་ པདྨ་དགའ་ཚལ་ ནོར་བུ་སྒང་ལས་སྐལ་བཟང་གིས་ རང་ལུགས་ཀྱི་གཞུ་གསརཔ་ཅིག་བཟོ་སྟེ་ མདའ་རྩེད་འགྲན་བསྡུར་གྱི་དོན་ལུ་གྲ་སྒྲིག་འབདཝ་ཨིན་པས། ཤར་ཕྱོགས་ཚངས་ལའི་ཁ་སྐད་ལས་ ལི་ཤིང་ཟེར་ ཚལ་མ་ནང་ལས་གཞུ་ཤིང་ལེགས་ཤོམ་ཚུ་བཏོག་འབག་འོང་སྟེ་མེ་དྲོད་ཡོད་སར་ ཟླཝ་དག་པ་ཅིག་སྐམ་བཅུག་ཞིནམ་ལས་བཟོ་དགོཔ་ཨིན་པས། རང་ལུགས་ཀྱི་གཞུ་བཟོ་ཐངས་འདི་ གཞུ་ཤིང་ཚད་དང་ལྡན་ཏོག་ཏོ་སྦེ་བཏོག་ཞིན་ན་གཉིས་མཐུད་རྐྱབ་སྟེ་བཟོ་དོ་ཡོདཔ་ད་ ཚད་ཀྲིག་ཀྲི་སྦེ་བཏོག་ཞིན་ན་ གཞུ་ཤིང་གུ་དུ་པ་གནགཔ་སྦེ་ཆགས་ཏེ་ཡོད་མི་དེ་ཆུ་འཁྱུ་སྦེ་ དང་པ་ར་གྱི་ཅུང་གིས་གཞོག་བཀོ་སྦེ་ བྱི་ལི་རྐྱབ་སྟེ་སྙོམས་ཏོང་ཏོ་བཟོ་སྟེ་ དེ་ལས་མེ་གུ་ངར་བཏང་སྟེ་ཧེང་སྐལ་ར་སྐམ་བཅུགཔ་ཨིན་པས། དེ་ལས་གཉིས་མཐུད་རྐྱབ་སའི་སྦུག་ལས་གྱིབ་ཀྱིས་བསྡམས་ཞིན་ན་ མཐའམ་གཉིས་ལས་ལྕགས་སྐུད་ཀྱིས་སྒྲིང་སྒྲིང་སྦེ་བསྡམས་སྦེ་ གྱིབ་ཀྱིས་བསྡམས་མི་དེ་བཤུབ་སྟེ་ སྦུག་ལས་ཕར་དོང་སྤེད་སྦེ་གཞུ་ཤིང་གི་གཟེར་ཅིག་བརྡབས་སྦེ་ མཇུག་ར་གཞུ་ཐག་བཀལ་སའི་རྣམ་ཅོ་བཟོ་སྟེ་ གཞུ་ཐག་བཀལ་སྦེ་བཏུབ་མ་བཏུབ་བལྟ་ཞིན་ན་ དེ་ལས་ཧུམ་ཆི་ཆི་སྦེ་བཟོཝ་ཨིན་པས།
- Pemagatshel
- སྐལ་བཟང་/ Kezang:ངའི་མིང་འདི་ སྐལ་བཟང་ཨིན་ ང་ སྐྱེས་ལོ་ ༦༡་འགྱོ་ཡི་ ད་ལྟོ་ཚུན་ཚོད་ ཆུང་ཀུ་བསྒང་ལས་རང་ གཞུ་བཟོ་ནི་འདི་བཟོ་སྟེ་རང་སྡོད་ཡི།
- སྐལ་བཟང་/ Kezang:ཨིན་རུང་ གཡུས་ཁ་ལྷོད་དེ་ ཨ་ཙི་ཅིག་ མ་འབད་བར་ཧ་ལམ་འགྱོ་ཡི་ ཨ་ཙི་ཅིག་ ཆ་རོགས་ཚུ་གིས་ རྩེད་གེ་ཟེར་སླབ་ལས་ ངལ་གསོ་ཚུ་ལུ་ རྩེད་དགོ་པས་ཟེར་ གཞུ་གཅིག་བཟོ་དགོ་པས་ཟེར་སྒྲག་སྒྲིག་འབད་དོ་ལགས།
- སྐལ་བཟང་/ Kezang:ང་གི་གཞུ་ ལེགས་ཤོམ་འདི་རང་སལ་དགོ་སྨོ་ལགས། ལེགས་ཤོམ་འདི་སལ་ཏེ་ མ་འབད་བ་ཅིན་ ཁོང་ མཐོ་གང་ བཞི་དང་ འདི་ལས།
- སྐལ་བཟང་/ Kezang:འ་ནི་སྦེ་བཞག་ཞིནམ་ལས་ ད་རུང་ འཁྱུ་དགོ་ལགས་ འཁྱུ་ཞིནམ་ལས་ དེ་ལས་འདི་
- སྐལ་བཟང་/ Kezang:དེ་སྦེ་འབད་དེ་ ད་རུང་ ཧ་ལམ་ ཤ་བཟོ་སྟེ་ ངར་འབད་དགོ་ལགས་
- སྐལ་བཟང་/ Kezang:དེམ་ཅི་བཟོ་ཞིནམ་ལས་འདི་ བྱི་ལི་འབད་དགོ་
- སྐལ་བཟང་/ Kezang:དེམ་ཅིག་སྦེ་ ངར་འབད་ནི་
- སྐལ་བཟང་/ Kezang:ནང་ན་གི་ དྲོས་རྟགས་ཞིནམ་ལས་ རླངས་པ་དེ་སྦེ་ཐོནམ་ཨིན་
- སྐལ་བཟང་/ Kezang:དེ་ལས་ སྐབས་ནིའི་བརྟགས་ཚན་ཨིན་
- སྐལ་བཟང་/ Kezang:ཏེ་བཏུབ་ཅི་ དེམ་ཅི་ བཏུབ་ཨིན་
- སྐལ་བཟང་/ Kezang:ཏེ་ཨ་ཙི་ཅིག་ ཁོད་ཅུག་དགོ་ ཁོད་ཅུག་ཞིནམ་ལས་འདི་བཏུབ་ མར་ལྟ་འགྱོ་གེ་
- སྐལ་བཟང་/ Kezang:ཏེ་ འ་ནི་ཚར་ཞིནམ་ལས་ ངར་འབད་ཚར་ཞིནམ་ལས་ དེ་སྦེ་འདམ་དགོ་ ཧེ་མ་རང་སྦུག་གི་
- སྐལ་བཟང་/ Kezang:འགྱིབ་གཅིག་གི་འདམ་སྟེ་
- སྐལ་བཟང་/ Kezang:འ་ནི་སྦེ་དེ་ དེ་ལས་འདི་ ལྕགས་ཀྱི་སྐུདཔ་
- སྐལ་བཟང་/ Kezang:འུ་ ཕྲང་སྟེ་ དེ་ལས་འདི་ དོང་འཔོད་དགོ་
- སྐལ་བཟང་/ Kezang:དེ་ལས་འདི་ གཟེར་ གཟེར་བརྡབ་དགོ་
- སྐལ་བཟང་/ Kezang:འ་ནཱ་འདི་ ད་རུང་ ཞོག་དགོ
- སྐལ་བཟང་/ Kezang:ཨ་མ་ དབའི་ཨ་མ་ ཨ་མ་
- པདྨ་གསལ་སྒྲོན་/ Pema Seldon:དབའི་
- སྐལ་བཟང་/ Kezang:ང་གི་ འ་ནི་གཞུ་ ཤུབས་ནང་ལས་སྨོ་ གཞུ་ཐགཔ་འབག་ཤོག་ གཞུ་ཐགཔ་ བཀོ་ད་ནཱ་
- རབ་སྒྲུབ་/ Rabdrup:གཞུ་ཐགཔ་
- སྐལ་བཟང་/ Kezang:གཞུ་ཤུབས་ནང་ལས་ གཞུ་ཐགཔ་་བཀོ་ད་ འ་ནཱ་ལས་མར་བཀོ་ད་
- སྐལ་བཟང་/ Kezang:འ་ནི་བཟུམ་གྱིས་ འཇུག་བསྡུ་དགོ་
- སྐལ་བཟང་/ Kezang:ད་ རྣམ་ཅོག་བཟོ་དགོ་ འ་ནཱ་
- སྐལ་བཟང་/ Kezang:ད་ དེ་ལས་ ཡར་མར་ སྙོམས་ནུག་ག་ མ་སྙོམས་ནུག་ག་ བལྟ་ནིའི་དོན་ལས་ཨིན་
- སྐལ་བཟང་/ Kezang:ལེགས་ཤོམ་འགྱོཝ་ཨིན་ན་ མ་འགྱོཝ་ག་
- སྐལ་བཟང་/ Kezang:ཨ་ ལེགས་ཤོམ་འགྱོ་ནུག་
- སྐལ་བཟང་/ Kezang:ད་ དེ་སྦེ་ནི་འདི་གིས་ བྱེ་ཤོག་ བྱེ་ཤོག་ཟེར་མི་འབད་དགོ་
- སྐལ་བཟང་/ Kezang:ད་ འཇུག་བསྡུཝ་ཨིན་ད་ ཚར་ཅིག་ བལྟ་དགོ་ ཀྲིང་སྟེ་
- སྐལ་བཟང་/ Kezang:ད་ བཏུབ་ཅིག་
- སྐལ་བཟང་/ Kezang:འ་ནི་འདི་ ང་རའི་ འབད་མི་ རྙིངམ་ཨིན་ ད་ ད་ལྟོ་འདི་ གསརཔ་བཟོ་མི་ འ་ནི་ཨིན།
- སྐལ་བཟང་/ Kezang:དེ་ལས་ རང་གི་ ཧིང་ལས་འབད་ནི་ཨིན་པ་ཅིན་ ཧུམ་ ཨེ་རོ་དྲིཊ་(arrowdiate)ཟེར་མི་གཅིག་ཡོད་ འ་ནི་ཨུར་དགོ་ ལེགས་ཤོམ་ འ་ནི་ སྤུ་ཡང་མི་ལོང་།
- སྐལ་བཟང་/ Kezang:དེ་ལས་ ཆརཔ་རྐྱབས་རུང་ འ་ནི་གི་འདི་ ནང་ན་ཡང་མི་འཛུལ་ ལེགས་ཤོམ་སྦེ་སྡོད་ནི་ཨིན་ ཟར་ར་ཟོ་རོ་མི་ཐོན་ རང་གི་ཧིང་གི་བཟོ་བ་ཅིན་ དེ་སྦེ་བཟོ་དགོ
- སྐལ་བཟང་/ Kezang:འ་ནི་ ཧུམ་ སོར་སོ་རང་ ཉོ་དགོ་ དེ་ལས་ རོགས་ བཙོང་མི་གི་ གཞུ་རྐྱངམ་ཅིག་བཟོ་བྱིན་འོང་ རང་གི་རང་བཟོ་དགོ་འ་ནི་དེ།