Skip to main content Skip to search
05 Sep 2018
2 min 28 sec
Video Overview
Creators: 
Sonam Tobgye

The composer of this song had experienced the essence of dharma and created the song because despite knowing the pleasure of love and happiness and beauty, he desired to leave those things and focus on the dharma. The lyrics say that the composer's community had many beautiful women. Some went to practice dharma, while others remained back in the village and attracted the souls of the composer and his friends. The composer got fed up with marriage and being in love. He decided to leave those behind and focus on practicing dharma.

 

༉  ཀུར་སྟོད་ཆ་འོག་ ལྷུན་རྩེ་རྒེད་འོག་ མཐུན་པས་ལས་བསོ་ནམས་དབང་མོ་གིས་ བོད་སྒྲའི་གླུ་གཞས་ རང་ཡུལ་ཚེ་རིང་སྐྱེས་པའི་གྲོང་ཁྱེར་ ཟེར་མི་ཅིག་འཐེན་ཏེ་འདུག གླུ་གཞས་འདི་ནང་ འཁྲུལ་སྣང་གི་ཚིག་ཚུ་ཡོདཔ་ད་ སེམས་སྐྱོ་བའི་གནས་སྐབས་ནང་འཐེན་ནི་གི་གླུ་གཞས་ཅིག་ཨིན་པས། འཁོར་བའི་གྲོང་ཁྱེར་ནང་ཞེན་པ་ལོག་སྟེ་ དམ་པའི་ཆོས་བསྒྲུབ་ནི་གི་མནོ་བསམ་བཏང་སྟེ་ བླམ་རྗེ་བཙུན་ལུ་གསོལཝ་བཏབ་མ་ཚད་ བུམོ་རང་གི་ལུས་ལུ་སྐྱེས་མི་དེ་ ལས་མ་དགཔ་ལས་བརྟེན་སྐྱེས་སྐྱེསཝ་འབད་ནི་དེ་གིས་ ཤུལ་ལས་བུ་མོའི་ལུས་ལུ་སྐྱེ་མ་བཅུག་ གལ་སྲིད་སྐྱེ་སྟེ་འདབ་རུང་ ཞིང་མཆོག་དེ་རུ་སྐྱེ་བར་ཤོག་ཟེར་ ཞིང་མཆོག་ཏུ་འགྱུར་པ་ཅིག་ལུ་སྐྱེ་བཅུག་ཅིག་ཟེར་ སྨོན་ལམ་བཏབ་ཨིན་པས།

Transcript search
No results found for this search
0 of 0
  • བསོད་ནམས་དབང་མོ་ Sonam Wangmo
    རང་ཡུལ་ཚེ་རིང་སྐྱེས་པའི་གྲོང་ཁྱེར་ནང་ལ། །བུ་མོ་ལེགས་ཀྱང་གཅིག་དང་ལེགས་མིན་གཉིས། །
    In the long live community, There is beautiful lady and not.
  • བསོད་ནམས་དབང་མོ་ Sonam Wangmo
    བུ་མོ་ལེགས་ཀྱང་དམ་པའི་ཆོས་ལ་འགྲོ་ལ། །ལེགས་མིན་རང་ནི་མི་ཁའི་འོག་ཏུ་ཚུད། །
    Beautiful ones go for religious, Nasty ones are under blame.
  • བསོད་ནམས་དབང་མོ་ Sonam Wangmo
    རང་ཡང་མི་ཁའི་འོག་ལས་ཐ་ན་དགའ། །རྗེ་བཙུན་བླ་མ་གཅིག་གི་ཐུགས་རྗེ་གཟིགས། །
    It would be pleasant, if gets away from blame. Bless me with your (master) wisdom mind.
  • བསོད་ནམས་དབང་མོ་ Sonam Wangmo
    [སྐུ་ལ་གསར་པ་རས་ཀྱི་ན་བཟའ་ཕུལ། །ཟས་འདི་སྔོན་མར་?]དཀོན་མཆོག་མཆོད་པ་ཕུལ། ། Offer new clothing to your body, Offer first meal to the triple gem.
  • བསོད་ནམས་དབང་མོ་ Sonam Wangmo
    བུ་མོ་ང་ཡི་ལུས་སུ་མ་སྐྱེས་ཤིག་ལ། །སྐྱེས་ཀྱང་ཞིང་ཕྱོགས་འདི་རུ་སྐྱེ་བར་ཤོག །སྐྱེས་ཀྱི་ཞིང་ཕྱོགས་འདི་རུ་སྐྱེ་བར་ཤོག །
    Don’t born in my place, If born, born in heaven.
  • བསོད་ནམས་དབང་མོ་ Sonam Wangmo
    ལགས་སོ།། །།
    Thank you.