Skip to main content Skip to search
21 Jun 2018
13 min 11 sec
Video Overview
Creators: 
Duptho, Sonam Chophel

87-year-old Dorji Tshering from Radhi Gewog, Trashigang, demonstrates the healing of joints and bones. Not long ago, there were no medical treatment facilities available to cure people from different ailments. People performed their own treatments. Some people are renowned as experts in curing different kinds of diseases in traditional ways. In villages, some people prefer to get themselves treated with these local experts, rather than seeking modern, medical assistance. Dorji Tshering is expert in healing bones and joints. With his abilities, he helps villagers recover when they are hurt.

 

བཀྲིས་སྒང་རྫོང་ཁག  རདྷི་་རྒེད་འོག་ ལས་འབད་མི་ སྐྱེས་ལོ་ ༨༧་ལངས་མི་ རྡོ་རྫེ་ཚེ་རིང་གི་ རྐང་ལག་ཚིག་དང་རུཏོ་སངས་ནིའི་ དོན་ལས་འགྲེམས་སྟོན་ འབདཝ་ཨིན་མས། མི་རབ་དང་པ་ཆགས་པའི་སྐབས་ ནད་གཞི་སྨན་བཅོས་ འབད་ནའི་མཐུན་རྐྱེན་མེད་རུང་ ཁོང་ར་སྨོན་བཅོས་འབདཝ་ཨིན་མས།  དེ་ལས་མི་ལ་ལུ་འདི་བཟུམ་མའི་ སྨོན་བཅོས་འབད་ནི་ལུ་ མཁས་མཆོག་ འགྱུར་ཏེ་ འདི་བཟུམ་མའི་   རིག་སྟོབས་བརྒྱུད་དེ་འོང་ནུག། དེ་བཟུམ་མའི་ ལམ་སྲོལ་འདི་ ད་ལྟོའི་བར་ན་ཡང་ ལག་ལེན་འཐབ་ཏེ་ཡོདཔ་ཨིན། རྡོ་རྫེ་ཚི་རེང་འདི་ རྐང་ལག་ཚིག་དང་རུཏོ་ཚུ་ སྨོན་བཅོས་འབད་ནི་ལུ་ མཁས་མཆོག་ཡོད་ལས་ ཁོ་གི་ཁོརའི་གཡུས་ཁའི་མི་ཚུ་ སྨོན་བཅོས་འབདཝ་ཨིན་མས།

 

Transcript search
No results found for this search
0 of 0
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཁྱོད་ཀྱི་འ་ནཱི་ནང་ན་དཀྲུགས་ནུག་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨུམ་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཏོག་ཙི་གིས་ཕོག་ཅི་ ཏོག་ཙི་གིས་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཏོག་ཙེ་གིས་ཕོག་མི་ ཁྱོད་ཀྱི་ཐོག་ཁར་ཏོག་ཙི་གིས་ཕོག་ནུག་ ནང་ན་ལས་འ་ནཱ་དཀྲུགས་ནུག་ འ་ནཱ་ འ་ནཱི་ཚིགས་ནཝ་མས་ག?
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨིན་མས་ འ་ནཱ་ནཝ་མས།
  • རྡོ་རྗེ་ཚེ་རིང་ Dorji Tshering
    སླབ་ཅི་མེན་ན་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨ་ཙ་ཙ་ཙ་
  • རྡོ་རྗེ་ཚེ་རིང་ Dorji Tshering
    སྡོད་ཤིག་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨ་ཙི་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཧང་གཅིག་འབག་ཤོག་ འ་ནཱི་རྐངམ་ལུ་
  • བསྟན་འཛིན་ནོར་བུ་ Tenzin Norbu
    འཐུ་དགོ་ག?
  • རྡོ་རྗེ་ཚེ་རིང་ Dorji Tshering
    འཐུ་དགོ་མི་བདེ་ཁྱོད་ འབག་ཤོག་ འོག་ལས་ཧང་ཅིག་བཙུགས་དགོ་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨེ་ ང་གིས་ལག་གིས་ཡར་འཐུ་ནི་འ་ནཱི་སྦེ་
  • རྡོ་རྗེ་ཚེ་རིང་ Dorji Tshering
    མི་བདེ་
  • བསྟན་འཛིན་ནོར་བུ་ Tenzin Norbu
    འབད་ཚུགས་
  • རྡོ་རྗེ་ཚེ་རིང་ Dorji Tshering
    འབད་ཚུགས?
  • བསྟན་འཛིན་ནོར་བུ་ Tenzin Norbu
    འབད་ཚུགས་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཡ་ཡ་ འབད་ཚུགས་པ་ཅིན་ འབད་ད་
  • བསྟན་འཛིན་ནོར་བུ་ Tenzin Norbu
    འགོ་དང་པ་ཏོག་ཙི་གིས་ཕོགཔ་ད་ བཏོག་དོ་བཟུམ་འབད་དེས་ ཤུལ་ལས་འགྲོས་ཀྱིས་སྦེ་ དྲོད་ཡལ་ཞིནམ་ལས་ གནམ་མེད་ས་མེད་ན་ཡི་ཏེ།
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཁྱོད་ཀྱི་འ་ནཱ་ལས་དཀྲུགས་ནུག་བ་ཏེ་ ནཱ་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨ་ལ་ལ་ལ་ ཨ་ལ་ལ་ལ་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ནཱ་ འ་ནཱ་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨ་ལ་ལ་ལ་
  • རྡོ་རྗེ་ཚེ་རིང་ Dorji Tshering
    བལྟ་ཤིག་ སྐད་ག་དེ་སྦེ་རྐྱབ་མས་
  • བསྟན་འཛིན་ནོར་བུ་ Tenzin Norbu
    རྐངམ་གིས་བཙོག་པ་འགྱོ་འོང་
  • ཚེ་དབང་རྒྱལ་མཚན་ Tshewang Gyeltshen
    འགྱོ་བཅུག་ འགྱོ་བཅུག
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨ་ལ་ལ་ལ་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཨ་ཙི་རྩ་འགེགས་སྡོད་སྨེ།
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨ་ལ་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཨ་ནཱི་དང་ཨ་ནཱི་གཉིས་ཀྱི་རྩ་ཕར་ཡར་སོ་ནུག
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨ་ལ་ལ་ལ་
  • རྡོ་རྗེ་ཚེ་རིང་ Dorji Tshering
    འ་ནཱི་ རྣམ་ཅོ་གོཝ་མས་ག? ཀྲེག་ཀྲེག་སྐད་རྐྱབ་དེས་མེན་ན?
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨ་ལོའོ་ ཨ་ཧ་ཧི་ཧི་ཧི་
  • རྡོ་རྗེ་ཚེ་རིང་ Dorji Tshering
    སྡོད་ཤིག་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཨ་ཙི་ཅིག་ རྩ་འགེངས་སྡོད་ཤིག
  • རྡོ་རྗེ་ཚེ་རིང་ Dorji Tshering
    འ་ནཱི་འདི་གནམ་མེད་ས་མེད་ཅིག་མིན་འདུག
  • བསྟན་འཛིན་ནོར་བུ་ Tenzin Norbu
    འ་ནཱ་འདི་ གནམ་མེད་ས་མེད་མི་ན་བས།
  • བསྟན་འཛིན་ནོར་བུ་དང་རྡོ་རྗེ་ཚེ་རིང་ Tenzin Norbu & Dorji Tshering
    འ་ནཱ་རང་ཨིན་པས། འ་ནཱ་ར་གཉིས་ཡར་སོང་ནུག་ལགས་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཡ་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨ་ལ་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ད་འབདན་ ཁྱོད་ཀྱི་བཏུབ་ཅི་སྨེ་
  • རྡོ་རྗེ་ཚེ་རིང་ Dorji Tshering
    འ་ནཱ་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨུ་ཕུཧུ་་་་་ ཧ་ཧ་ཧ་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ལྟ་ཤིག་ ཧོག་ཀ་རང་ཡར་སོ་ཡི་ཁྱོད་ འ་ནཱ་འགྱོ་ཡི་མེན་ན་ མ་པ་ལས་རང་མ་དྲག་པ་ཅིན་ དེ་ལས་ [མེ་རྡུང་བྱིན་འོང་?]ང་གིས་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨའུ་
  • རྡོ་རྗེ་ཚེ་རིང་ Dorji Tshering
    [མེ་རྡུངམ་ད་?] བྱོག་འགྱོཝ་ཨིན་ཁྱོད་ཀྱིས།
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨེ་ཧེ་ཧ་ཧ།
  • རྡོ་རྗེ་ཚེ་རིང་ Dorji Tshering
    མེ་ནང་ ལྕགས་མེ་བཏང་ས་མཐོངམ་ཅིག་ བྱོག་འགྱོཝ་ཨིན་འ་ནཱི་མི་གིས་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ལགཔ་བལྟ་གནང་དོ་རུང་ འ་ནཱི་ལགཔ་ འ་ནཱི་སྦེ་འབདཝ་ད་ ངར་ངར་ནཝ་མས་ད་རུང་ འ་ནཱིམ་ཅིག་ཁར་
  • བསྟན་འཛིན་ནོར་བུ་ Tenzin Norbu
    མདང་ཞག་ལས་ དཀྲུགས་དཀྲུགསཔ་ཨིན་དཀྲུགས་ནི་འདི་ ད་རུང་མེས་མེས་ཉམས་འཚེར་འོང་མནོ་སྟེ་སླབ་མ་ཚུགས།
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཁྱོད་ཀྱི་འ་ནཱ་འདུག་མེན་ན?
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨོང་ ཨིན་མས།
  • རྡོ་རྗེ་ཚེ་རིང་ Dorji Tshering
    འ་ནཱ་ནཝ་མས་གོ་ཤིག? འ་ནཱ་ འ་ནཱི་ནང་ ན་ནུག་མེན་ན་ཁྱོད?
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨོང་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཀྲག་ ལྟ་ཤིག དེ་ཅིག་ནཝ་ད་ རྩ་འགེངས་སྡོད་ཡི་སྦོ་ཏེ?
  • བསྟན་འཛིན་ནོར་བུ་ Tenzin Norbu
    མེས་མེས་ཉམས་འཚེར་འོང་ཟེར་ སླབ་མ་ཚུགས་ཏེ་ ཧེ་ཧི་ཧི་ ད་ལྟོ་འདི་ ནཱ་ཀྲིག་ཀྲི་ འ་ནཱི་གི་དོན་ལས་ ཀྲིག་ཀྲི་བཏང་ཡི་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ལྟ་ཤིག ཁྱོད་ཀྱི་འ་ནཱི་ཡུན་རིང་ནུག་སྨེ་ ཧ་ལམ་ཡར་སོ་ནུག
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨོང་ ཡར་སོ་ཡི་ མདང་ཞག་བཅོ་ཡི་མེན་ན? འ་ནཱ་བཅོ་ཞིནམ་ལས་ ལོག་ཡར་སོ་ཡི་ ང་གིས་སླབ་མ་ཚུགས་པར་བཀོ་བཞག་ཡི།
  • རྡོ་རྗེ་ཚེ་རིང་ Dorji Tshering
    འ་ནཱ་དབའེ་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཧ་ལམ་ཡར་སོ་ཡི་ཏེ་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཟླཝ་ཧ་ལམ་འགྱོ་འགྱོ་འོང་སྨེ་ བདུན་བརྒྱད་དེ་ཅིག་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཡུན་ཐག་རིང་རིངམ་ ན་འཐན་ཤེས་འོང་བ་ཏེ་ནཱ་ ཤ་ནང་ན་ཤ་ཨོ་ཀྲོམ་ཡར་སོ་ནུག
  • བསྟན་འཛིན་ནོར་བུ་ Tenzin Norbu
    འ་ནཱི་གཞན་ ག་དེ་སྦེ་ཨིན་རུང་ འ་ནཱི་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཡ་
  • བསྟན་འཛིན་ནོར་བུ་ Tenzin Norbu
    འཐུཝ་ད་འདི་ག་ནི་ཡང་མི་འབད་བས་ ཕར་ཕུལཝ་ད་ ལགཔ་རྒྱབ་ཁར་བལྟབ་འོངམ་ད་ ང་ར་ར་ར་ནཝ་མས་ཏེ་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ག་ཅི་མི་ན་ནི་ ཁྱོད་ཀྱི་མར་ཚིགས་མེདཔ་ཡར་སོ་ནུག་བ་ཏེ་ ནཱ་ལྟ་ཤིག་ འ་ནཱ་འདུག་བ་ ནཝ་མས་གོ་ཤིག་ཁྱོད?
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨོང་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ལྟ་ཤིག
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨ་ལ་ལ་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཡ་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཡ་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཁ་ཤ་གིས་བསྡམ་མི་དགོ་ག?
  • རྡོ་རྗེ་ཚེ་རིང་ Dorji Tshering
    བསྡམ་དགོཔ་འོང་ཨ་ཙི་ཅིག་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ནངས་པ་ལསནི་ ལཱ་འབད་དགོ་ ད་རུང་རང་ལོག་ན་འོང་ག་མ་ཤེས་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ལོག་ ཨ་ཙི་ཅིག་ འགྲོས་ཀྱིས་སྦེ་མ་འབད་བ་ཅིན་ ལོག་ན་འོང་ཏེ་ཁྱོད་ཀྱི་འ་ནཱི་ ནང་ན་ལོག་འགྱོཝ་དནི་འཇམ་སྨེ།
  • བསྟན་འཛིན་ནོར་བུ་ Tenzin Norbu
    འ་ནཱི་སྦེ་བཟུང་དགོཔ་འོང་ད་རུང་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ལོག་འགྱོཝ་ད་འཇམ་ཏོང་ཏོ་ཨིན།
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཉིནམ་གཅིག་གཉིས་དེ་ཅིག་ ཨ་ཙི་འགྲོས་ཀྱིས་འབད་དགོ་བཅོ་ཞིནམ་ལས་ ཁོང་གཉིས་སྒྲིག་ཁམས་ ཀྲིག་ཀྲི་བསྒྲིགས་བཞག་མི་འདི་ འ་ནཱི་ ལཱ་འབདཝ་ད་ ལོག་འགྱོ་འོང་ཏེ་ཁྱོད་ཀྱི་འ་ནཱི་ ལོག་འགྱོཝ་དནི་ ལོག་སྟེ་རང་ན་འོང་ཏེ།
  • བསྟན་འཛིན་ནོར་བུ་ Tenzin Norbu
    འ་ནཱི་འདི་ག་དེ་སྦེ་འོང་
  • རྡོ་རྗེ་ཚེ་རིང་ Dorji Tshering
    འ་ནཱི་བསྡམ་མི་དགོ་ འགྲོས་ཀྱིས་སྦེ་ ཉིམ་གཅིག་གཉིས་དེ་ཅིག་ ཁྱོད་ལཱ་འབདཝ་ད་
  • བསྟན་འཛིན་ནོར་བུ་ Tenzin Norbu
    འགྲོས་ཀྱིས་སྦེ་བཀལ་དགོཔ་ཨིན་ན་བཀལ་ནི་འདི?
  • རྡོ་རྗེ་ཚེ་རིང་ Dorji Tshering
    འགྲོས་ཀྱིས་སྦེ་བཀལ་ཏེ་ བཀལ་ནི་འགྲོས་ཀྱིས་སྦེ་བཀལ་དགོ་ དེ་ལས་ད་རུང་ ཨ་ཙི་དྲག་ཅི་ཟེར་ སྣང་བདག་རང་མེདཔ་སྦེ་ ཤུགས་སྦེ་འགྱོ་ནི་མེན་ ལོག་འགྱོཝ་དནི་ འཇམ་རང་འཇམ་ཁོ་ ཧེ་མ་ལས་མེདཔ་འགྱོ་ནི་དེ་གིས་ ལོག་འགྱོཝ་ད་འཇམ་རང་འཇམ་སྨེ་ ལོག་འགྱོཝ་ད་འཇམ་ཏོང་ཏོ་སྦེ་འགྱོ་འོང་།
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཏེ་ལེགས་ཤོམ་འབད་བ་ཅིན་ ཏེ་ཁྱད་མེད་འོང་ ཨ་ཙི་ཅིག་འགྲོས་ཀྱིས་འབད་ཤིག་ འ་ནཱི།
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཧོག་ཀ་རང་ཡར་སོ་ཡི་འ་ནཱ།
  • རྡོ་རྗེ་ཚེ་རིང་ Dorji Tshering
    འ་ནཱི་ག་དེ་ཅི་མི་འགྱོ་ནི་ ཁྱོད་ཀྱི་འ་ནཱ་ར་ཏོག་གཉིས་ འ་ནཱ་ཚིགས་ལས་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཁྲག་རང་ཐོན་ཡི་ ཏོག་ཏོག་བཏངམ་ད་ བླ་་་་ རྡོ་ལས་འགྱེལ་ཏ་རྐྱབ་སྟེ་ཕྲངམ་ཕྲང་སར་ འ་ནཱ་ལས་ཕར་ཕོག་སྟེ་ ཏེང་གེར་
  • རྡོ་རྗེ་ཚེ་རིང་ Dorji Tshering
    འ་ནཱི་ འ་ནཱི་འདི་གི་འདི་ སྐྱོན་མིན་འདུག འ་ནཱ་ལས་ འ་ནཱ་ལུ་ འ་ནཱ་ལས་འགྱོ་འོང་བ་ཏེ་རྐངམ་འ་ནཱི་
  • བསྟན་འཛིན་ནོར་བུ་ Tenzin Norbu
    འ་ནཱི་ཚིགས་གསུམ་ཡོདཔ་མས་སྨོ? འ་ནཱི་བར་ན་ལས་
  • རྡོ་རྗེ་ཚེ་རིང་ Dorji Tshering
    གསུམ་ཏེ་འ་ནཱ་ལས་ཡར་ འ་ནཱ་ལས་ཡར་ འ་ནཱ་ལས་གཅིག་ འ་ནཱ་ལས་གཅིག་ འ་ནཱ་ལས་གཅིག་ འ་ནཱ་མཛུབ་མོ་རང་ཚིགས་གསུམ་འོང་ དེ་ལས་འ་ནཱི་ལུ་ འ་ནཱ་ནང་ན་ རྩ་འོང་ རྩ་འདི་ རྩ་འགྱོ་མི་དང་ཚིགས་དཀྲུགས་མི་ ཤེས་དགོཔ་ཨིན།
  • རྡོ་རྗེ་ཚེ་རིང་ Dorji Tshering
    འ་ནཱི་ཚིགས་ རྩ་ནང་ན་རྩ་དཀྲུགས་དཀྲུགསཔ་ཡོད་པ་ཅིན་ རྩ་ལུ་ལྟ་དགོ་ཏེ་ ཚིགས་དཀྲུགས་དཀྲུགསཔ་ཡོད་པ་ཅིན་ ཚིགས་ལུ་ལྟ་དགོ་ཏེ་ འ་ནཱི་མ་ལྟ་བར་ ཨིན་ཨིན་རང་འདྲཝ་སྦེ་ གཅུས་བཏང་ དེ་ལས་ཕར་དྲག་ནི་གི་ཡང་ མ་དྲག་པར་ལུས་མི་འདི་ འ་ནཱི་ཏེ་ཁུངས་འདི།
  • བསྟན་འཛིན་ནོར་བུ་ Tenzin Norbu
    བཀྲ་ཤིས་བཟུམ་སྦེ་འགྱོ་ནི་མས་ བཀྲ་ཤིས་བཟུམ་སྦེ་
  • རྡོ་རྗེ་ཚེ་རིང་ Dorji Tshering
    བཀྲ་ཤིས་ ཡེ་ཤེས?
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨོང་ ཡེ་ཤེས་ བཀྲ་ཤིས་ཟེར་སླབ་སྡོད་ནུག
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཨ་ནཱི་ཡེ་ཤེས་འདི་ མགྱོགས་པར་མི་དྲག་ འ་ནཱི་རྐངམ་ [ཝང་ཀལ་ཝང་ཀལ་?]སྦེ་འོང་ནུག་ཏེ་ རྐངམ་ཡར་ལྟ་བཀུམ་ཨིན་ཟེར་ ཚར་གཉིས་དེ་ཅིག་ ནང་དོག་ཆི་ཡི་སྨེ་ཁོ་
  • བསྟན་འཛིན་ནོར་བུ་ Tenzin Norbu
    འགྲོས་ཀྱི་སྦེ་བཀལཝ་ད་འདི་ ཁྱད་མེད་འོང་སྨོ?
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཨ་ཙི་རེ་ཨ་ཙི་རེ་ འགྲོས་ཀྱིས་སྦེ་བཀལ་དགོ་ཏེ་ འགྲོས་ཀྱིས་སྦེ་འབད་དེ་བཀལ་ནི་ བཅོ་ཞིནམ་ལས་འགྲོས་ཀྱིས་འབད་དགོ
  • བསྟན་འཛིན་ནོར་བུ་ Tenzin Norbu
    ལགཔ་འདི་ འ་ནཱི་སྦེ་འབད་ཞིནམ་ལས་ འ་ནཱི་སྦེ་བསྡམ་བཞག་པ་ཅིན་ཨ་ཙི་ཅིག
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཁ་ཤ་སྡོད་ཡི་ད་ཅི་ འ་ནཱི་ནུམ་ོགིས་ག་ཏེ་འབག་སོང་ཡི་ག་
  • བསྟན་འཛིན་ནོར་བུ་ Tenzin Norbu
    སྡོད་ཤིག་ ང་ར་རྐྱངམ་ཅིག་འབད་ མི་བདེ་ནི་མས་ལྟ་མ།
  • རྡོ་རྗེ་ཚེ་རིང་ Dorji Tshering
    བསྡམ་དགོ
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཁ་ཤ་རས་ཅིག་སྡོད་ཡི་ས་ ཨ་ཕར་བཀལ་བཞག་ནུག ཁ་ཙ་ཕར་ སྦྱིན་བསྲེག་གནང་གནངམ་གི་བྱིན་བྱིནམ་ཨིན།
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཡ་ད་རུང་མེས་མེས་ཕོག་ཅི་ མེས་མེས་ཉམས་འཚེར་རུང་ ད་རུང་མི་ཤེས་འོང་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཁ་ཙ་སྦྱིན་བསྲེག་བཏངམ་ད་ དཔྱལཝ་བསྡམས་བསྡམས་གི་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཁ་ཙ་གི་ཡ? ཕར་རང་འབྱུང་གི་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཨོང་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ལགཔ་དང་རྐངམ་གཉིས་ཆ་རང་དཀྲུགས་ད་ཡི་ཟེར་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ལགཔ་འདི་ཧེ་མ་ལས་རང་ཏེ་ ནཱ་མེས་མེས་གི་ཞབས་སར་བཅགས་མ་ཚུགས་པར་
  • བསྟན་འཛིན་ནོར་བུ་ Tenzin Norbu
    འཐུཝ་ད་འདི་མི་ཤེས་པས་ ཕར་ཕུལཝ་ད་ རྒྱབ་ཁར་བལྟབ་འོངམ་ད་ འ་ནཱ་ ངར་རང་ནཝ་མས་ ཡ་ དཀྲུགས་དཀྲུགསཔ་རང་ཨིན་འ་ནཱི་ཟེར་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཏེ་ད་ལྟོ་ཁོ་གི་སླབ་སྨེ་ ནཱ་མེས་མེས་ཨང་རྒས་འཁྱིད་ཤོག་ཟེར་ དེ་ལས་ཨང་རྒས་རྐྱངམ་ཅིག་མེན་པར་ ང་ར་གི་ཡང་དཀྲུགས་ཏེ་ཡོད་ བཅོ་བའི་ཞོར་ཁར་ ཨ་ཙི་ཅིག་ སྟབས་བདེ་ནི་མས་ཟེར་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཆ་སྦ་ཨ་མ་འདི་ མགྱོགས་པར་མི་དྲག་ཏེ་ འ་ནཱི་རྒྱ་གྲམས་དཀྲུགས་ནུག་ འ་ནཱ་ལས་ རུ་ཏོ་ཆག་ནུག
  • བསྟན་འཛིན་ནོར་བུ་ Tenzin Norbu
    རྦོབ་རིལ་འགྱོ་འགྱོཝ་འདྲས?
  • རྡོ་རྗེ་ཚེ་རིང་ Dorji Tshering
    མོ་ རྦོབ་རིལ་ཡར་སོ་ཡི་ལོ་མེན་ན་ཏེ་ ཏེ་ལགཔ་བྱང་ཁོག་བཙུགས་སྦེ་ དེ་ཡང་ ཏེ་ཨ་པ་གིས་ ཕར་མེས་མེས་འབད་སར་རང་སོང་ མེས་མེས་རང་དྲག་འོང་ གཞན་ཚུ་གིས་འབད་མི་ཚུགས་ཟེར་སླབ་སྟེ་འོང་ཡི་ཟེར་ ལྷོད་དེ་གནམ་ཉི་མ་རང་ གནམ་ཉི་མ་རང་མེན་ ཕྱི་རུ་ཧ་ལམ་ཡར་སོ་ཡི།
  • རྡོ་རྗེ་ཚེ་རིང་ Dorji Tshering
    འ་ནཱི་ང་གིས་འ་ནཱི་སྦེ་བསྡམས་བཞག་ནི་ བསྡམས་བཞགཔ་ད་ ཁྱོད་ཀྱི་ ལྟ་མ་འ་ནཱི་ འ་ནཱ་ལས་ཡར་ ཁྲག་རྒྱུག་ནི་ཅིག་འོང་ འ་ནཱི་ཕྲཱང་ཕྲཱང་འབད་དེ་ན་བ་ཅིན་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨོང་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཏེ་འ་ནཱི་ ཕྲཱང་ཕྲཱང་སྦེ་ན་བ་ཅིན་ འ་ནཱི་མཐུད་མཚམས་ཨ་ཙི་ཅིག་ལྷོད་གཏང་ད་ མཐུད་མཚམས་ཨ་ཙི་ཅིག་ལྷོད་བཏངམ་ད་ ཁྱོད་ཀྱི་འ་ནཱི་ ཞི་ཏོག་ཏོ་ཚོར་འོང་།
  • རྡོ་རྗེ་ཚེ་རིང་ Dorji Tshering
    ད་ལྟོ་ཚར་གཅིག་བསྡམ་རང་བསྡམ་དགོ་ ཕར་སྒྲིག་ཁམས་ལུ་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཉིམ་གཅིག་གཉིས་ཅིག་ལུ་རང་ ལོག་གཏན་ཏོག་ཏོ་འགྱོ་ནི་མས་སྨོ? ཧེ་མའི་སྔར་ལུ་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཉིམ་གཅིག་གཉིས་དེ་ཅིག་རང་ འགྲོས་ཀྱིས་འབད་བ་ཅིན་གཏན་ཏོག་ཏོ་འགྱོ་འོང་ཏེ་ དེ་ཅིག་རང་ཨིན་ངེའི་ཁ་ཐུག་ལས་ ཨ་ནཱ་ལས་གཞན་བཅོ་ཐབས་འབད་ནི་གཞན་འདིན་མེད།
  • བསྟན་འཛིན་ནོར་བུ་ Tenzin Norbu
    བཅོས་ནི་འདི་ མེས་མེས་ཀྱིས་ཚར་གཅིག་བཅོ་ཡི་མེན་ན? བཅོ་ཞིནམ་ལས་ འ་ནཱི་སྦེ་བསྡམས་བྱིན་ཡི་ དེ་ལས་ང་གིས་ ནངས་པར་ཟེརཝ་ཅིག་ལཱ་འབདཝ་ད་ ཕུད་བཏང་ཡི་ དེ་སྦེ་རང་ལཱ་འབད་དེ་ ད་རུང་རང་ལོག་ཆི།
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཕུད་ནི་མེད་འོང་ཏེ་ ཉིམ་གཉིས་དེ་ཅིག་བཞག་རང་བཞག་དགོ་ ཕྱི་ཁ་ལས་བསྡམས་བཞགཔ་ད་ལུ་ ནང་ན་གི་འདི་ས་སྒོ་ཁར་སྡོད་འོང་བ་ཏེ་ ཁོང་ འ་ནཱི་འཐེན་བཞགཔ་ད་ ཁོ་ གཅིག་ཁར་མི་སྡོད་ དེ་ལས་འདི་ ན་འོང་ ན་ཚ་རླུང་རང་ལོག་དགོཔ་ཨིན་ ང་བཅས་བཅོས་མི་ངོ་མ་འ་ནཱི་ ཁྱེད་ན་ཚ་གི་རླུང་འདི་ རང་རང་བཟེད་དགོ་ཏེ་ དེ་ལས་ང་བཅས་བཅོ་མི་ངོ་མེདཔ་ཅིག་ ཁྱེད་ན་ཚ་རླུང་བཟེད་སྡོད་དགོཔ་ཅིག་འགྱུར་འོང་ཏེ།
  • བསྟན་འཛིན་ནོར་བུ་ Tenzin Norbu
    གནམ་མེད་ས་མེད་ནཝ་མས་
  • བསྟན་འཛིན་ནོར་བུ་ Tenzin Norbu
    འ་ནཱི་རྐངམ་འདི་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཨ་ཙི་ཅིག་འགྲོས་ཀྱིས་འབད་ད་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ལྟ་ཤིག་ཧོག་ཀ་རང་ཡར་སོ་ཡི་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ང་འདི་ འ་ནཱི་ ཕོག་ས་རང་ ནང་ན་གི་རྩ་བཏོག་འགྱོ་འགྱོཝ་འདྲས་ ཟེར་མནོ་ཡི་ཏེ་ ཏོག་ཙི་གིས།
  • རྡོ་རྗེ་ཚེ་རིང་ Dorji Tshering
    རྩ་བཏོག་ནི་མེན་པར་ ནང་ན་གི་ཚིགས་འདི་ གནོདཔ་འགྱོ་ནུག་བ་ཏེ་ཁྱོད་ཀྱི་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཚིགས་ལུ་ཕོག་ཕོགཔ་མས་སྨོ? ཏོག་ཙི་གིས་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཁྲག་འདི་ཐོན་ཡི་བཏོགཔ་ད་ལུ་
  • བསྟན་འཛིན་ནོར་བུ་ Tenzin Norbu
    འགྲོས་ཀྱིས་སྦེ་ཡང་མེན་ ཤུགས་སྦེ་རང་ཕོག་ཅི་ ས་འཐེནམ་ད་ རྡོ་གུ་ཕོག་ རྡོ་གུ་ལས་མཆོངས་ཏེ་ འ་ནཱ་ལས་ཕར་ཕོག་ཆི་ཏོག་ཙི་གིས།
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཁྱོད་ཀྱི་སྐལཝ་བཅོ་ད་ཡི་ འ་ནཱི་འཚོལ་མ་ཐོབ་པ་ཅིན་ འ་ནཱི་བཅོ་ནི་གི་བཅོ་ཐངས་མ་ཤེས་པ་ཅིན་ ཁྱེད་ནདཔ་འགྱོ་མི་ཚུ་ ན་ཚ་རླུང་བཟེད་དགོཔ་ཅིག་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཤོག་ལོ།
  • རྡོ་རྗེ་ཚེ་རིང་ Dorji Tshering
    ང་བཅས་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཨ་ཞང་ཡང་བཅོ་ལོ།
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཁོང་གཉིས་ཡང་ལགཔ་ག་ཅི་ཨིན་ན་ཅིག་བཅོ་ནི་ལོ་ ཡ་ཡ་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ག་ཅི་འབད་ཡི་ཁོ་འདི་
  • ཚེ་དབང་རྒྱལ་མཚན་ Tshewang Gyeltshen
    ད་འདི་ ར་བཀུག་ཚར་ནུག
  • བསྟན་འཛིན་ནོར་བུ་ Tenzin Norbu
    སོང་ཤིག
  • རྡོ་རྗེ་ཚེ་རིང་ Dorji Tshering
    མཇེ་ ཁྱེད་ཆ་ཁྱབ་ཀྱིས་ ག་ཏེ་རྩ་འགེངས་སྡོད་སྡོདཔ་སྨོ་ཏེ་ འདེ་ཚུན་ཚོད་
  • བསྟན་འཛིན་ནོར་བུ་ Tenzin Norbu
    ཁོ་གི་ཨ་ནཱི་བཟོཝ་ད་ ཀྲིག་ཀྲིག་སྟབས་བདེ་ནི་མས་
  • ཚེ་དབང་རྒྱལ་མཚན་ Tshewang Gyeltshen
    བ་གི་ རྒྱ་ཚ་མིན་གྱིས་བརྡུངས་བྱིན་ཡི་ ལགཔ་ པཱག་ཀེན་
  • རྡོ་རྗེ་ཚེ་རིང་ Dorji Tshering
    སྤ་་་་་ ཁ་ཙ་འདི་ ཉིནམ་གཉིས་འདི་ ཉིམ་གཅིག་ལུ་མི་དྲུག་ ཉིམ་གཅིག་ལུ་ལྔ་ ཁ་ཙ་མཇུག་རང་ ཀོ་ཏ་སྦ་ལིང་བི་གིས་བསྡུ་ཡི་
  • ཚེ་དབང་རྒྱལ་མཚན་ Tshewang Gyeltshen
    ཡར་གྱི་ཡ?
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཨ་ཕར་ དོར་སྦ་ཨ་མ་ ཁྱེད་ཀྱི་ ཏོང་ལིང་དབང་འདུས་ཀྱི་ཨ་ནེ་ཨིན་མས། རྦོབ་རིལ་ཏེ་ ལགཔ་རུ་ཏོ་དཀྲུགས་ནུག ཡར་གྱི་འ་ནཱི་རྒྱ་གྲམས་དཀྲུགས་ནུག་ མཛུབ་མོ་ཚུ་དཀྲུགས་ནུག
  • ཚེ་དབང་རྒྱལ་མཚན་ Tshewang Gyeltshen
    འ་ནཱི་ཨིན་མས་ཡ?
  • རྡོ་རྗེ་ཚེ་རིང་ Dorji Tshering
    འ་ནཱ་འདུག་མེན་ན? ཁྱེད་ཀྱི།
  • ཚེ་དབང་རྒྱལ་མཚན་ Tshewang Gyeltshen
    རྒྱ་ཚ་མིན་གྱིས་
  • རྡོ་རྗེ་ཚེ་རིང་ Dorji Tshering
    འ་ནཱ་ཚིགས་དཀྲུགས་ཏེ་འདུག
  • ཚེ་དབང་རྒྱལ་མཚན་ Tshewang Gyeltshen
    ཨ་ཡ་
  • ཚེ་དབང་རྒྱལ་མཚན་ Tshewang Gyeltshen
    ད་རེས་འོང་ཡི་ཡ? ཕར་ལས་ཚུར་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ན་སྟེ་འོང་ཡི་ང་ཡང་ ཁ་ཙ་ཕར་ལས་
  • ཚེ་དབང་རྒྱལ་མཚན་ Tshewang Gyeltshen
    རྒྱ་ཚ་མིན་གྱིས་
  • ཚེ་དབང་རྒྱལ་མཚན་ Tshewang Gyeltshen
    འ་ནཱི་ཚིགས་དཀྲུགས་ནུག་ཡ?
  • རྡོ་རྗེ་ཚེ་རིང་ Dorji Tshering
    འ་ནཱ་ཚིགས་ལུ་ ནཱ་
  • རྡོ་རྗེ་ཚེ་རིང་ Dorji Tshering
    འ་ནཱི་འདི་ན་ནུག་མེན་ན་ཁྱོད?
  • ཚེ་དབང་རྒྱལ་མཚན་ Tshewang Gyeltshen
    ཨོང་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཨོ་ཨུ་ འ་ནཱི་འདི་
  • ཚེ་དབང་རྒྱལ་མཚན་ Tshewang Gyeltshen
    འ་ནཱི་ཨིན་མས།
  • རྡོ་རྗེ་ཚེ་རིང་ Dorji Tshering
    འ་ནཱི་ན་མི་འདི་ཕར་ འཚོལ་མ་ཐོབ་པ་ཅིན་ བཅོ་རུང་ཁུངས་མེདཔ་ཨིན།
  • ཚེ་དབང་རྒྱལ་མཚན་ Tshewang Gyeltshen
    ཁྱོད་བཟུམ་ཅིག་མེད་པ་ཅིན་ དཀའཝ་སྤྱོདཔ་མས་སྨེ་ ང་བཅས་ཚུ་ནཱ་ བཅོ་མི་མེད་པར་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཁ་ཙ་ཁ་ཉིནམ་ ཞག་གསུམ་ བཞི་ལྔ་དེ་ཅིག་འགྱོ་འགྱོཝ་འདྲས་ བསམ་མཁར་ལས་ཨམ་གཅིག་ རྦོབ་རིལ་ཏེ་ རྐངམ་གྱི་འབབ་(མཛུབ་མོ་འཛོམས་སར་)དཀྲུགས་སྦེ་ལྷོད་ཅི་ འ་ནཱི་བཅོ་བྱིན་ཡི་ མར་ཨོ་ཛོ་རོང་ལས་ཡར་ཨ་མ་གཅིག་ རྐངམ་དཀྲུགས་ཏེ་ལྷོད་ཅི་ བཅོ་སྦེ་ [མེ་རྡུང་?]བྱིནམ་ཅིག་ དེ་འཕྲོ་ལས་ཡར་སོ་ཡི་ གླ་འཁོར་བདའ་འོང་ནུག་ མར་ལས་ཡར་ལྟ།
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཕར་ རྐང་ལུང་གི་ མེས་མེས་བླ་མ་གི་ ཨ་མ་གི་ ཨ་ཟེམ་ ཨ་མ་འབད་བ་ཅིན་ རྐངམ་གཡོནམ་ དུམ་ད་ཁནམ་རང་ཆག་ནུག འ་ནཱི་འགྱོ་སྦེ་ བཅོ་བྱིན་ཡི་ ཏེ་ང་གིས་ འ་ནཱི་སྦེ་ཨིན་ཟེར་ ང་ལོག་མི་ལྷོད་ལམ་རིངམ་ ང་གིས་དེ་སྦེ་ཐགཔ་བསྡམས་བྱིན་ཡི་ ཕོག་ནི་འདི་ཕོག་ཅི་ ཏེ་ཐགཔ་ ནང་ན་སྦོ་མི་འདི་སངསམ་ད་ལུ་ ཐགཔ་ལྷོད་བཏང་འགྱོ་འོང་།
  • རྡོ་རྗེ་ཚེ་རིང་ Dorji Tshering
    འ་ནཱི་ཐགཔ་འདི་ འབད་ཚུགསཔ་ཅིག་ ནདཔ་གིས་ནཝ་མས་ཟེརཝ་ད་བཞག་དགོ་ བསྡམ་དྲག་པ་ཅིན་ ན་འོང་སྨེ་ ཟེར་སླབ་ཅི་ དེ་ལས་ འ་ནཱི་འདི་ཕོག་ཅི་ག་མ་ཕོག་ག་མ་ལྷོད་ལོག་སྟེ།
  • ཚེ་དབང་རྒྱལ་མཚན་ Tshewang Gyeltshen
    ཕོག་ཕོགཔ་ཨིན་མས།
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཏེ་དེ་ལས་ ང་བཅས་འ་ནཱི་ མཁྱེན་བརྩེ་གིས་ བར་མཚམས་ལུ་དབང་གནངམ་ད་ རྐང་ལུང་པ་མེས་མེས་ ཁ་ཅན་ཅིག་འདུག་ ཁོ་ལྷོད་དེ་ ང་བཅས་གཉིས་ཤོབ་ཨ་ཙི་བཏང་སྡོད་སྦེ་ མེས་མེས་བླ་མ་གི་ ཨ་མ་འདི་ རྐངམ་ནདཔ་ཐལ་འདུག་ ག་དེ་སྦེ་སྨོ་ ཁྱེད་ཀྱི་ ཁྱེད་ཚུ་ཡར་མར་ཨིནམ་འོང་སྨོ་ཤིག? ཟེར་སླབ་ད་ འཇམ་ཏོང་ཏོ་ཨིན་ འགྱོཝ་མས་འགྱོཝ་མས་ ད་འདི་ བེའི་ནང་ཤིང་འདབ་མ་འཕྱག་སྟེ་ བྱེལཝ་འཐོན་ཏེ་ཡོད་ ཟེར་སླབ་དེས།
  • ཚེ་དབང་རྒྱལ་མཚན་ Tshewang Gyeltshen
    ཕོག་ཕོགཔ་ཨིན་མས།
  • རྡོ་རྗེ་ཚེ་རིང་ Dorji Tshering
    དྲག་དྲག་དབའེ་ ཟེར་སླབ་ཅི།
  • རྡོ་རྗེ་ཚེ་རིང་ Dorji Tshering
    ད་ང་བཅས་བཅོ་མི་ཚུ་ཡང་ ཁོང་དྲག་ཅི་ཟེར་བ་ཅིན་རྐྱངམ་ཅིག་ སེམས་དགའཝ་མས་བ་ཏེ་ མ་དྲག་པ་ཅིན་ དབའེ་ག་ཅི་ གནས་སྐབས་ཅིག་མ་འགྲིགཔ་ཨིན་ན་ཟེར་ མནོ་བསམ་བཏང་འོང་མས་རང་ཡང་།
  • ཚེ་དབང་རྒྱལ་མཚན་ Tshewang Gyeltshen
    ཚིགས་འགྱོ་འགྱོཝ་ཡོདཔ་མས་ རྒྱ་ཚ་མིན་གྱིས་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཚིགས་ཡར་སོ་ནུག
  • ཚེ་དབང་རྒྱལ་མཚན་ Tshewang Gyeltshen
    སྐད་རང་ ཀེརེབ་བཏང་ རྐྱབ་དེས།
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཡ་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཕོག་ཅི་ ས་གོ་ནང་ ཨ་ནཱ་ཧོག་ཀ་རང་ཡར་སོ་ཡི་ འ་ནཱ་ཚིགས་ལས་ཡར་སོ་ནུག་ཁྱོད་ཀྱི།
  • ཚེ་དབང་རྒྱལ་མཚན་ Tshewang Gyeltshen
    ཨིན་ཨིན་ ཚིགས་ལས་ཡར་སོ་ཡི་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཨ་ཙི་ཅིག་ཡར་སོ་ནུག འ་ནཱི་སྦེ་མ་འབད་ ཨ་ཙི་ཅིག་འགྲོས་ཀྱི་སྦེ་འབད་ འ་ནཱ་ལས་ཡར་སོ་ནུག་འ་ནཱ་ལས།
  • རྡོ་རྗེ་ཚེ་རིང་ Dorji Tshering
    སོང་
  • ཚེ་དབང་རྒྱལ་མཚན་ Tshewang Gyeltshen
    རྒྱ་ཚ་མིན་གྱིས་ རག་བཏག་བརྡུངས་བྱིན་ཏེ་ སྐད་རང་ཀེརེབ་བཏང་རྐྱབ་ཅི་ལགཔ། དཀྲུགས་ཏེ་ང་རང་འཐེན་བལྟཝ་ད་ འབད་རང་མི་ཚུགས་པས་ཏེ་
  • རྡོ་རྗེ་ཚེ་རིང་ Dorji Tshering
    རང་གི་ལགཔ་ རང་གིས་དཀྲུགསཔ་ད་འདི་ གནས་སྐབས་སྒྲིག་མི་ཚུགས་ཏེ་
  • ཚེ་དབང་རྒྱལ་མཚན་ Tshewang Gyeltshen
    མིན་འདུག་
  • ཚེ་དབང་རྒྱལ་མཚན་དང་རྡོ་རྗེ་ཚེ་རིང་ Tshewang Gyeltshen & Dorji Tshering
    བཏུབ་ཅི་ བཀའ་དྲིན་ཆེ་ཡི་སྨེ་ ཡ་ཡ་ ཨ་ཙི་དྲག་འོང་ ག་ཅི་ཡང་འབག་མ་འོང་སྨེ་
  • རྡོ་རྗེ་ཚེ་རིང་ Dorji Tshering
    ག་ཅི་འབག་ནི་ ཏི་རུ་རེ་སྟོང་ཕྲག་གཅིག་དེ་ཅིག་འབག་ཤོག་
  • ཚེ་དབང་རྒྱལ་མཚན་ Tshewang Gyeltshen
    གཞན་འདི་ག་ཅི་ཡང་མ་འབག་རུང་ཡ་ ཧ་ཧ་ཧ་
  • ཚེ་དབང་རྒྱལ་མཚན་ Tshewang Gyeltshen
    འ་ནཱི་བཟུམ་ ཁྱོད་མེད་པ་ཅིན་འདི་ དཀའཝ་སྤྱོད་ནི་མས་ བདེན་བདེན་རང་ ནཱ་ང་བཅས་ར་ཚུ།། །།