Video Overview
Dowa from Chuma village in Repgong tells the story of a couple succeeded in marrying their daughter to a prince by praying to Maitreya.
ཕ་མ་གཉིས་ཀྱིས་རང་གི་བུ་མོ་གནས་ས་ཡག་པོ་ཞིག་ལ་འཕྲད་དགོས་བསམ་ནས་ནམ་རྒྱུན་དུ་བྱམས་པ་ལ་གསོལ་བ་བཏབས་པས་མཐར་རྒྱལ་པོའི་བཙུན་མོ་བྱས་པ་བརྗོད་ཡོད།
བརྙན་འདིར་བརྗོད་ཡོད་པའི་ཕ་མ་གཉིས་ཀྱིས་རང་གི་བུ་མོ་གཅིག་པོ་དེ་གནས་ཡུལ་ཡག་པོ་ཞིག་ལ་འཕྲད་དགོས་བསམ་ནས་ཉིན་རྒྱུན་དུ་བྱམས་པའི་མགོན་ཁང་དུ་སོང་ནས་གསོལ་བ་འདེབས་པ་དང་། རེ་ཞིག་སྤྲང་བོ་ཞིག་གིས་མཐོང་ནས་བྱམས་པ་ཡིན་ཁུལ་བྱས་ཏེ་སང་ཉིན་ཁྱེད་ཚང་གི་སྒོ་ཁར་སྤྲང་བོ་ཞིག་ཡོང་ན་དེ་མནའ་མར་བྱིན་ཟེར་ནས། ཕ་མ་གཉིས་ཀྱིས་བདེན་པར་སྙམ་དེ་བུ་མོའི་རྒྱན་ཆ་སྣ་ཚོགས་དང་གོན་པ་སྣ་ཚོགས་གྲ་སྒྲིག་བྱས་ཏེ་སྤྲང་བོ་དེ་དང་མཉམ་དུ་འགྲོ་རུ་བཅུག ལམ་བར་ཞིག་ནས་སྤང་བོས་ཁོ་རང་སྔོན་ལ་སོང་ནས་གྲ་སྒྲིག་བྱས་རྗེས་ཁྱོད་ལེན་དུ་ཡོང་ཟེར་ནས་བུ་མོ་སྒམ་ནང་དུ་བཅུག་ནས་རྒྱན་ཆ་སོགས་ཁོས་ཁྱེར་ནས་བུད་སོང་། ཉིན་དེར་རྒྱལ་བོ་ཚང་གི་སྲས་རི་དྭགས་རྔོམ་དུ་འགྲོ་བའི་ལམ་བར་དུ་བུ་མོ་དེ་ལ་ཐུག་པ་དང་རྒྱལ་སྲས་ཀྱིས་བཙུན་མོ་བྱས་པ་རེད། ཕ་མ་གཉིས་ཀྱིས་བྱམས་པ་ལ་གསོལ་བ་བཏབས་པའི་བྱིན་རླབས་ཀྱིས་བུ་མོའང་གནས་ཡུལ་ཡག་པོ་ཞིག་དང་འཕྲད་སོང་ངོ་།
这段故事讲述了一对夫妇为了让自己的女儿嫁给一个好人家,每天去拜佛祈祷,最后如愿以偿成了国王的妃子的故事。
这段故事简述了一对夫妇为了让自己唯一的女儿嫁给一个好人家,每天会带各种祭祀品去拜佛并祈祷。一位乞丐知道了此事,有一天躲在佛像后面嘱咐那对夫妇,明天会一个乞丐来乞讨你们就把女儿嫁给他。他们误以为真是佛祖玉言,给女儿准备各种服饰让她跟着乞丐走了。但是在路上乞丐让女孩躲在箱子里自己带着所有服饰品跑了。然而国王的王子却在打猎时撞见了那位女孩并娶了她。
- གནའ་དེང་མ་ས་ཆ་ཞིག་ན་རྒན་རྒོན་གཉིས་ཡོད།
- རྒན་རྒོན་གཉིས་ཡོད།
- ཁོ་ཚང་གི་གླས་ན་བྱམས་པ་ཡི་སྐུ་ཞིག་ཡོད།
- རྒན་རྒོན་ཁོ་གཉིས་ལོ་ཆེ།
- བུ་མོ་འདི་སྐྱིད་ས་བདེ་ས་ཞིག་ལ་འཕྲོད་དགོས་ཞེས་ཉིན་རྒྱུན་དུ།
- བྱམས་པ་དེར་གསོལ་བ་བཏབ་ནས།
- བུ་མོ་འདི་སྐྱིད་ས་བདེ་ས་ཞིག་ལ་འཕྲོད་དགོས་ཞེས་ཉིན་རྒྱུན་དུ།
- ཁོ་གཉིས་ཀྱིས་སྐྱབས་འཇུག་ཞུ་བ་དང་མཆོད་པ་ཕུལ།
- དེ་ནས་ཉིན་ཞིག་ས་དེ་ན་ཡོད་པའི་རྒྱ་སྤྲང་ངམ་སྤྲང་བོ་ཞིག་དེས་གོ་ནས།
- ཉིན་ཞིག་ཁ་རོག་གེར་སོང་ནས་བྱམས་པའི་རྒྱབ་ནས་གཞའ་ནས་བསྡད་དེ།
- སང་ཉིན་སྔ་མོ་ཁྱོད་ཚང་གི་སྒོ་ནང་ལ་སྤྲང་བོ་ཞིག་ཡོང་ངེས།
- དེར་བྱིན་ན་ཁྱོད་ཚང་གི་བུ་མོ་སྐྱིད་ས་བདེ་ས་ཞིག་ལ་འཕྲོད་ངེས་ཞེས།
- དེ་ལྟར་བཤད་པ་རེད།
- དེ་ལྟར་བཤད་པས་རྒན་རྒོན་གཉིས་ཀྱིས་བྱམས་པས་གསུངས་བརྗོད་བྱུང་སྙམ་ནས།
- དགའ་ནས་སང་ཉིན་སྔ་མོར་བུ་མོ་ལ་གོས་ཚ་རུ་གོན་ནས།
- གཡུ་བྱུ་རུའི་རྒྱན་ཆ་བཏགས་ནས།
- བུ་མོ་མི་འཐད་ནའང་སྤྲང་བོ་དེར་བྱིན།
- སྤྲང་བོ་དེར་བྱིན་རྗེས་སྤྲང་བོ་དེ་ཁྲིད་ནས་མར་ལ་སོང་རྗེས།
- སྒམ་ཆུང་ཞིག་གི་ནང་དུ་བཅུག་ནས།
- དེ་ནས་ཁུར་ནས་སོང་སྟེ་མར་གྱི་གྲམ་པ་ཞིག་ན་བྱེ་མ་མང་ས་ཞིག་ཡོད་པ།
- བྱེ་དུང་ཞིག་གི་ནང་དུ་བཞག་ནས་སྟེང་དུ་བྱེ་མ་བཀབ་རྗེས་ཡུལ་ལ་སོང་།
- དེ་རིང་གཡུ་བྱུ་རུའི་མཛོད་འབབ་རྒྱུ་རེད།
- ཨ་ཙ་ཨ་ན་ཞེས་ཅི་འདྲ་ངུ་ནའང་མི་གཅིག་ཀྱང་སྒོར་འབུད་མི་དགོས།
- ཞེས་ཁོས་དེ་ལྟར་བཤད་ནས།
- ཁོ་རང་སྒམ་དེ་ཁུར་དུ་སོང་།
- སྐབས་དེར་ས་ཆ་དེའི་རྒྱལ་བོའི་སྲས་གཉིས་ཡོད་པ་དེས།
- འཁོར་དང་བཅས་པ་ཁྲིད་དེ་རི་དྭགས་བདའ་བར་འགྲོ་དུས།
- མདའ་འཕེན་ཞོར་དུ་འགྲོ་དུས་སྤུན་ཆུང་བས་བཤད་རྒྱུར།
- ཕ་རོལ་ལ་བྱེ་རྡེའུ་ཞིག་ཡོད་པ་གན་ལ་ངས་མདའ་འཕེན་ཞེས་བཤད་དེ།
- གཅིག་འཕངས་བ་ན་བྱེ་མའི་སྟེང་དུ་འཛེར་ནས་བསྡད།
- གཅིག་འཐེན་དུས་ལེན་མི་ཐུབ་པར་ཤིང་སྒམ་སྟེང་དུ་འཛེར་འདུག
- དེ་ནས་འདི་ཅི་ཞིག་ཡིན་ནམ་ཞེས་བྱེ་མ་མར་ལ་བཤིག་དུས།
- ནང་དུ་སྒམ་ཞིག་ཡོད།
- སྒམ་དེའི་ཁ་ཕྱེ་དུས་བུ་མོ་མཛེས་མ་ལྟ་བའི་ཆོག་མི་ཤེས་པ་ཞིག་ཡོད།
- གཡུ་བྱུ་རུའི་རྒྱན་ཆ་བཏགས་ཡོད་པ་ཞིག་རིག
- དེ་རིག་དུས་ཁྱོད་འདིའི་ནང་དུ་ཅིའི་ཕྱིར་བསྡད་ཡོད་ཅེས་རྒྱུ་མཚན་དྲིས་དུས།
- མོ་རང་གི་ལོ་རྒྱུས་ཁ་ཚང་བོར་བཤད།
- བཤད་རྗེས་འདི་རྒྱལ་བོའི་བཙུན་མོ་བྱས་ཆོག་ཅེས་བཙུན་མོ་བྱས།
- དེའི་སྒམ་ནང་དུ་སྟག་ཁྱི་གཟིག་ཁྱི་གཉིས་ཁྲིད་ནས་འགྲོ་བ་དེ་བཅུག་ནས།
- རྒྱལ་བོའི་ཕོ་བྲང་དུ་ལོག
- སྐབས་དེར་སྤྲང་རྒན་དེ་ཡོང་ནས་ཁུར་ནས་འགྲོ་དུས་ནང་དུ་ཙ་ར་ཙི་རི་ཞིག་གྲགས་པས།
- ད་ལྟ་ཁྱོད་ཀྱིས་ཙ་ར་ཙི་རི་ཟེར་མོད་ཡུལ་ལ་འགྲོ་དང་ལྟ།
- བཀོད་པ་འཐེན་ཞེས་བཤད་དེ་ཁུར་ནས་སོང་།
- ཁང་པ་ཞིག་གི་ནང་དུ་བཅུག་ནས་སྒོར་ཟྭ་བརྒྱབ་རྗེས་ཁ་ཕྱེ་དུས།
- སྟག་ཁྱི་གཟིག་ཁྱི་གཉིས་སྒོར་ཡོང་ནས་ཁོ་རང་འཆའ་ཡག་བྱས།
- དབུར་ཅི་འདྲ་བརྒྱབ་རུང་བཟའ་ཚང་ལ་ཁོས་སྒྲིག་ལམ་བཞག་ཡོད་པས།
- གཅིག་ཀྱང་སྒོར་མ་བུད་པས་ཁོ་ཟོས་པ་རེད།
- དེའི་མཚམས་དེར་བུ་མོ་དེ་རྒྱལ་བོའི་བཙུན་མོ་ཡིན་པ་རེད།
- ས་ཕྱོགས་དེའི་མི་རྣམས་ཀྱིས་བཤད་རྒྱུར།
- ཨ་ཁུ་རྒྱལ་བོ་ཚང་གིས་མནའ་མ་ཡུལ་མེད་པ་ཞིག་ཁྲིད་ཡོང་འདུག་ཅེས།
- ས་ཆ་དེར་དེ་འདྲའི་སྐད་ཆ་ཞིག་གྲགས་སོང་།
- གྲགས་སོང་བས་ཉིན་ཞིག་ལ་བུ་མོ་དེའི་ཁྱིམ་གྱིས།
- དེར་ལོ་མང་པོ་ཞིག་འགོར་སོང་།
- བུ་མོ་དེའི་ཁྱིམ་གྱིས་རྒྱལ་བོ་ཚང་གི་མི་ཚང་མ་བོས་ནས།
- འཁོར་གཡོག་དང་རྒྱལ་བོ་སྲས་དང་བཅས་པ་བོས་ནས།
- དགོང་མོ་ཤ་བཙོས་པ་དང་ཇ་ཅང་བླུད་ནས།
- དེ་ལྟར་དགོང་མོ་དེར་ཟ་མ་མི་འདྲ་བ་ཟོས་ནས་བསྡད།
- གཞན་ཚང་མ་ཕྱིར་སོང་དང་བུ་མོ་དོ་དགོང་འདི་ནས་འདུག་ཏུ་བཅུག
- དོ་དགོང་འདི་ནས་བསྡད་དེ་སང་ཉིན་ཡོང་ངེས་ཅེས་བཤད་དེ་འཁོར་གཡོག་ཚང་མ་ཕྱིར་སོང་།
- ཕྱིར་བུད་སོང་བས་མོ་རང་དགོང་མོ་དེ་རུ་བསྡད་ནས།
- དེ་ནས་ཉལ་བ་དང་ཉལ་ནས་ནམ་ལངས་དུས།
- མོས་རྨི་ལམ་ཞིག་རྨིས་པ་ནི་དེང་ཕྱིན་ཆད་ཁྱོད་ལ་ཡུལ་ཟེར་བ་ཞིག་མེད་ཅེས་པ་དེ་རེད།
- མོ་རྨི་ལམ་ལས་སད་དུས་ཁང་པ་ལ་སོགས་པ་གཅིག་ཀྱང་མེད།
- ཟམ་པའི་ཤུལ་ན་ས་ཐོ་ཞིག་ཡོད།
- དེའི་རྩིབ་ན་མགོ་རྡོ་ཐོག་ལ་བཞག་ནས་གཉིད་འདུག་ཟེར།
- མཚམས་དེར་མོས་ཀྱང་བྱམས་པའི་བྱིན་རླབས་ཡིན་པ་སེམས་ལ་དྲན་ནས།
- ཕྱག་འཚལ་ནས་གཅིག་ངུས་རྗེས་རྒྱལ་བོའི་ཕོ་བྲང་ལ་ལོག་སོང་།
- ཨ་ཁུ་རྒྱལ་བོ་ཚང་གི་མནའ་མའི་ཡུལ་ངར་བ་རེད་ཅེས།
- ཁྱིམ་ཚང་ཡ་མེད་ཅིག་རེད་ཅེས་ས་ཆ་དེར་ཡང་དེ་ལྟར་གྲགས་སོང་།
- དེ་ནས་ཚར་སོང་།