Video Overview
དམངས་གླུ་འདི་ནི་དགོན་པའི་ལྷ་ཁང་འདུ་ཁང་དང་ལྷ་རྟེན་ཆོས་གསུམ་འགྲུབ་དུས་ཀྱི་ཆོས་རྟེན་སྐབས་སུ་ལེན་པའི་དམངས་གླུ་ཞིག་རེད།།
- བྱང་སྐྱབས།ངའི་ལ་བཀྲ་ཤིས་ཐང་གི་ཐང་སྟོད་ན།།
- མཐའ་ལ་ན་ནིང་གསེར་གྱི་ཐང་མ་བཏིང་།།
- ལོ་ལ་དོ་ཚིག་གསེར་གྱི་མཆོད་རྟེན་བཞེངས།།
- དེ་ལ་འགྲུབ་ཀི་སྟོན་མོ་དེ་རིང་རེད།།
- ངའི་ལ་བཀྲ་ཤིས་ཐང་གི་ཐང་རྐེད་ན།།
- མཐའ་ལ་ན་ནིང་དངུལ་གྱི་ཐང་མ་བཏིང་།།
- ལོ་ལ་དོ་ཚིག་དངུལ་གྱི་མཆོད་རྟེན་བཞེངས།།
- དེ་ལ་འགྲུབ་ཀི་སྟོན་མོ་དེ་རིང་རེད།།
- ངའི་ལ་བཀྲ་ཤིས་ཐང་གི་ཐང་ཞོལ་ན།།
- མཐའ་ལ་ན་ནིང་དུང་གྱི་ཐང་མ་བཏིང་།།
- ལོ་ལ་དོ་ཚིག་དུང་གི་མཆོད་རྟེན་བཞེངས།།
- དེ་ལ་འགྲུབ་ཀི་སྟོན་མོ་དེ་རིང་རེད།།