Video Overview
There are three kinds of zhems performed by women in Bhutan: Nubi Zhem of Trongsa, Talopi Zhem of Punakha and Dagapi Zhem of Dagana. Aum Lhadon Mo of Nubi says that Nubi Zhem was first performed by women from Tangsibji Gewog. During the time of second king nine women from Tangsibji were ordered to perform the song during Trongsa Tshechu, and women from Bji picked it up. Aum Pem Zam was the first well known performer from Tangsibji; other leaders have been Aum Meto Dem, Aum Kelzang Wangmo, Aum Lemo, Aum Kuenzang and Aum Lhadon. It is usually performed early in the morning of the religious events as the song describes the morning prayers and activities of great masters.
༉ རྒྱལ་ཁབ་ནང་ལུ་ གཞསམོ་ལྷམ་པ་གསུམ་དེ་ཅིག་ཡོད་ས་ལས་ ཀྲོང་གསར་ནུབ་སྦིས་གཞསམོ་དང་ སྤུ་ན་ཁ་གི་རྟ་ལོག་པའི་གཞསམོ་ དེ་ལས་དར་དཀར་ན་གི་གཞསམོ་ཚུ་ཨིནམ་ད་ གཞསམོ་འདི་ཨམ་སྲུ་ཚུ་གིས་འཁྲབ་དོ་ཡོདཔ་ཨིན་མས། ཀྲོང་གསར་རྫོང་ཁག་ ནུབ་སྦིས་རྒེད་འོག་ལས་ལྷ་སྒྲོན་གྱིས་སླབ་མི་ནང་ གཞསམོ་འདི་ འགོ་དང་པ་ར་ སྟང་སི་སྦྱིས་རྒེད་འོག་གི་ཨམ་སྲུ་ཅིག་གིས་འཁྲབ་འཁྲབ་ཨིན་ཟེར་ བཤདཔ་ཨིན་མས། ཨིན་རུང་ གཞསམོ་གི་ལེའུ་དང་ཚིག་བརྩམས་པ་པོ་ག་ཨིན་ན་ ཁ་གསལ་སྦེ་མི་ཤེས་དོ་ཡོདཔ་ཨིན་རུང་ བྱུང་རབས་འདི་ འབྲུག་རྒྱལ་གཉིས་པའི་སྐབས་ལས་བྱུང་བྱུངམ་ཨིན་མས། དེ་ཡང་ མི་དབང་མཆོག་གིས་ སྟང་སི་སྦྱིས་ཀྱི་ཨམ་སྲུ་དགུ་ལུ་ ཀྲོང་གསར་ཚེས་བཅུ་བརྩི་སྲུང་ཞུ་ནིའི་དོན་ལུ་ ཞབས་ཁྲ་རྐྱབ་དགོ་པའི་བཀའ་ཤོག་གནང་ཞིནམ་ལས་ཚུར་བྱུང་བྱུངམ་ཨིནམ་སྦེ་བཤདཔ་ཨིན་པས། གཞསམོ་འདི་ ངོ་མ་ར་ སྟང་སི་སྦྱིས་ལུ་རྐྱབ་ཨིན་རུང་ ཤུལ་ལས་སྦྱིའི་གཡུས་ཚན་གྱི་ཨམ་སྲུ་ཚུ་གི་ནང་འཁོད་སྙན་གྲགས་ཡར་སོ་ནུག ཨམ་པདྨ་བཟང་མོ་ཟེར་མི་འདི་ གཞསམོ་འགོ་དང་པ་རྐྱབ་མི་གི་གྲལ་ལས་ ཡོངས་གྲགས་ཅན་ཅིག་ཨིན་མས།
- Nubee
- Trongsa
- ལྷ་སྒྲོན་མོ་Lhadon Mo: ཡ་ཡ། གནམ་དགུང་ནག་ལངས་ཅི་དགུང་ནག་ལངས། །གནམ་དགུང་ནག་ཡ་[ལང་པོ་ཆ་གསུམ་?]ཡོད་ཡ། ། ཡ་ཆ་གཅིག་ལྷོ་ཡི་གཡུས་ལས་ལངས། །ཡ་ལྷོ་ཡི་ཡ་གཡུས་ལས་ལངས་མི་འདི་ཡ། །
- ལྷ་སྒྲོན་མོ་Lhadon Mo: ལྷོ་མི་དབང་རྒྱལ་པོའི་གནས་ལས་བསྲིངས། །ཡ་ལྷོ་ཡི་ཡ་གཡོག་མོ་བསང་གསུར་གཏང་ཡ། ། ལྷོ་ངག་དབང་རྣམ་རྒྱལ་ཞལ་ཐུན་གཏང་། །ཡ་ཐུན་མགོ་ཡ་འཇིག་རྟེན་དབང་ཕྱུག་བཙུགས་ཡ། །
- ལྷ་སྒྲོན་མོ་Lhadon Mo: ཐུན་བར་མ་ཨོ་རྒྱན་སིད་དུ་(སིདྡྷི་)བཙུགས། །ཡ་ཐུན་མཇུག་ཡ་ཤེས་རབ་ཉི་མ་(སྙིང་པོས་)བསྡུ་ཡ། ། ཐུན་[སྒྲ་མ་གནས་སུ་བསྐྱེད་དགོ་ལོ། །?]ཡ་མང་ན་ཡ་རྒྱལ་པོའི་གསུང་ཡང་འཇོག་ཡ། །
- ལྷ་སྒྲོན་མོ་Lhadon Mo: ཡ་ཉུང་ན་ལེན་པའི་བརྡ་མ་བྱེད། །ཡ་མཚམས་ཚོད་ཡ་དུས་ལུ་བཞག་ད་གེ་ཡ། །[ཞོམ་ཨ་ལེ་ཟེར་རོ་?]མཆོད་པ་ཕུལ།། །།