29 Dec 2015
2 min 22 sec
Video Overview
Creators:
Tibetan & Himalayan Library
This is a video of Tsethar Bum from Yonru Village in Chentsa singing "A Black Tent Makes One Happy." This song is part of a collection of folk songs from the Rebgong cultural area.
འདི་ནི་ཨ་མདོའི་ཡུལ་གྱི་སྤྱིར་བཏང་གི་དམངས་གླུ་ཞིག་ཡིན་ལ། འདིའི་ནང་བདེ་སྐྱིད་ཡང་ཡང་འབྱུང་བའི་སྨོན་ལམ་བཏབ་ཡོད།
འདི་ནི་བདེ་སྐྱིད་ལ་སྨོན་པའི་དམངས་གླུ་ཞིག་སྟེ། དགུང་སྔོན་གནམ་དང་དོག་མོ་ས་ཡི་བར་ན་རང་དབང་གིས་རྒྱུ་བ་འབྲུག་ཆུང་ཡིན་ལ། འབྲུག་ཆུང་གི་བདེ་སྐྱིད་ཡང་ཡང་རྟག་པའི་སྨོན་ལམ་བཏབ་ཡོད། ཡང་མཐིང་སྨུག་སྦྲ་ཆུང་ནང་གི་ཆེས་སྐྱིད་པ་ཕ་མ་གཉིས་ཡིན་པ་དང་། ཕ་མ་གཉིས་ཀྱི་བདེ་སྐྱིད་ཡང་ཡང་རྟག་པའི་སྨོན་ལམ་བཏབ་ཡོད།
- ་ཡེ་་་་་་་ཡ་རེ་་་་་་་་ཨ་ཟིན་ཁོ་ཡ་རེ་ལེན།
- དགུང་སྔོན་པོ་སྐྱིད་ལ༼ཡེ༽མར་འཁོར་རེད། །
- ས་དོག་མོ་སྐྱིད་ལ༼ཡེ༽ཡར་འཁོར་རེད། །
- འདིའི་མཐོ་དམན་བར་གྱི༼ཡེ༽འབྲུག་ཆུང་སྐྱིད། །
- འདི་འབྲུག་ཡང་ཡང་སྐྱིད་པའི༼ཡེ༽སྨོན་ལམ་འདེབས། །
- སྦྲ་མཐིང་སྨུག་སྐྱིད་ལ༼ཡེ༽མར་འཁོར་རེད། །
- ཁྱིམ་གདན་ཆ་སྐྱིད་ལ༼ཡེ༽ཡར་འཁོར་རེད། །
- འདི་མཐོ་དམན་བར༼ཡེ༽གྱི་ཕ་མ་སྐྱིད། །
- འདི་སྐྱིད་ཡང་ཡང་སྐྱིད་པའི༼ཡེ༽སྨོན་ལམ་འདེབས། །