Video Overview
Four elders of the Minang Village tell the history of black barley, and the various farming methods in the area.
མི་ནང་སྡེ་བའི་མི་རྒན་པ་བཞིས་རང་སྡེ་བའི་ནས་ནག་གི་ལོ་རྒྱུས་དང་ཡུལ་དེར་གནའ་སྔ་མོ་ནས་དར་བའི་ཞིང་རྨོ་ལོག་རྒྱག་བྱེད་སྟངས་མི་འདྲ་བའི་སྲོལ་སོགས་བཤད་ཡོད།
གནའ་བོའི་རྡལ་ལམ་ཐོག་གི་དར་རྩེ་མདོ་འགག་པ་ཡུལ་ཤོག་མི་ནང་སྡེ་བ་ནས་རྨོ་འདེབས་ཐོན་སྐྱེད་བྱས་ཏེ་ཐོན་པའི་འབྲུ་རིགས་ཐོན་རྫས་ཤིག་ཡིན། འགྲིམ་འགྲུལ་སྟབས་བདེ་མ་བྱུང་གོང་གི་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ལ། བོད་ཀྱི་རྡལ་པ་ཚོས། རྟ་དྲེལ་མཛོ་གསུམ་གྱི་ཁལ་མ་མི་ཉག་མི་ནང་དུ་ཕབ་ནས་སྒར་བཏབ་སྟེ་ངལ་གསོ། དཀར་ནག་དམར་གསུམ་གྱི་ནས་རྩམ་དང་ནས་རྗེན་སོགས་གནས་འདི་ནས་བསྡུ་ཉོ་བྱེད་པས། མི་ཉག་མི་ནང་གི་ནས་དང་རྩམ་པའི་སྙན་གྲགས་རིམ་གྱིས་མདོ་དབུས་མཐོ་སྒང་ཡོངས་ལ་ཁྱབ་སོང་བ་རེད། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་ནང་དུའང་། སེང་ཆེན་ནོར་བུ་དགྲ་འདུལ་གྱིས་ཕྱོགས་བཞིའི་བདུད་དཔུང་མ་ལུས་ཆམ་ལ་ཕབ་ཅིང་སྐྱེ་འགྲོ་སེམས་ཅན་ཀུན་ལ་བདེ་སྐྱིད་ཀྱི་འཚོ་བ་ལྡན་པར་མཛད་པ་དང་། ལྷག་པར་དུ་སྟག་གཟིག་ནོར་རྫོང་ཕབ་རྗེས། ནས་གཡང་ཁྱུང་གི་སྒོ་ང་དེ་མི་ཉག་གཡུ་རི་རྩེ་རྒྱལ་ལ་བགོ་སྐལ་ཏུ་གནང་བར་བཤད།
木雅木弄村的四位长老讲述了黑青稞的历史以及当地古老的农耕方式等。
这是从康定地区的木雅木弄村生产出来的一种粮食。在几百年前交通还没有那么发达时,藏区的城镇居民们靠马,骡和牦牛等的驮畜赶往木雅木弄。 在这里开始收购青稞和黑,白,红青稞的糌粑等,使木雅木弄的青稞和糌粑的名誉传遍了整个青藏高原。
并在格萨尔王传中, 雄狮大王降敌如意宝(格萨尔王别名)打败了四方的魔军,让每一个众生都有幸福的生活。尤其是成功得到大食财宗,据说木雅的瑜日仔加山脉得到了青稞的种子。
- Gakpa
- ཚེ་རིང་བཀྲ་ཤིས།ངའི་མིང་ལ་ཚེ་རིང་བཀྲ་ཤིས་ཟེར་རེད།
- ལུང་པ་འདིའི་ནང་དུ་ང་རང་གིས་ཧ་གོ་བ་ནས་བཟུང་།
- ས་ཆ་འདིའི་མིང་ལ་མི་ནང་ལུང་པ་ཟེར་རེད།
- ང་ཚོའི་ལྕགས་ཟམ་ལུང་པ་ཁག་གསུམ་ལས།
- ང་ཚོའི་ལུང་པ་ལ་མི་ནང་ལུང་པ་ཟེར།
- ཕར་ཕྱོགས་ལུང་པ་ལ་ལྕགས་ཟམ་ལུང་པ་ཟེར།
- ང་ཡར་ལ་ཅུང་ཙམ་ཆེ་ནས་གོ་ཆོད་སྐབས།
- ཁལ་མ་འདྲ་འཚོ་སྐྱོང་བྱས་ནས་བསྡད་པ་རེད།
- དེའི་རྗེས་ནས་མཉམ་ལས་ཁང་བཙུགས་པ་རེད།
- དེ་ནས་ང་མཉམ་ལས་ཁང་གི་ནོར་རྫི་བྱས་པ་རེད།
- ཡས་ཀྱི་ལུང་པ་གཅིག་ལ་སངས་རྒྱས་བསྟན་ཟེར་ནི་འདྲ་འདྲ།
- ཡང་ལུང་པ་གཅིག་ལ་མཛེས་རྒྱན་ནང་ཟེར་བ་རེད།
- ཡང་ལུང་པ་གཅིག་ལ་བོན་རྫོང་ནང་ཟེར་བ་རེད།
- དེ་ན་སྔོན་གྱི་དུས་སུ་བོན་པོ་དགོན་པ་ཞིག་ཡོད་པར་བཤད་སྲོལ་འདུག
- ང་རང་ཡང་ལུང་པ་ཐམས་ཅད་ཀྱི་ནང་དུ་འགྲོ་མྱོང་།
- ས་ཆ་དེ་ཚོའི་མཉམ་ལས་ཁང་གི་ཁལ་མ་འཚོ་ས་རེད།
- མཉམ་ལས་ཁང་ལ་སྡེ་ཁག་གཉིས་ཡོད་པ་རེད།
- སྡེ་ཁག་རེ་ལ་ནོར་ནག་གཉིས་བརྒྱ་ལྷག་ཡོད་པ་རེད།
- ངས་མཉམ་ལས་ཁང་ལ་ནོར་རྫི་བྱས་ནས་ལོ་འགའ་བསྡད་པ་རེད།
- ང་ཚོའི་ཞིང་ལ་ས་བོན་འདེབས་མཁན་གྱི་ལོ་རྟགས་བལྟ་དགོན་རེད།
- དེ་ནས་ཞིང་ཁ་ལ་བསང་གཏོང་བ་དང་།
- བཀྲ་ཤིས་བརྩེགས་པ་དང་གནམ་ས་སྣང་བརྒྱད་འདོན་པ་རེད།
- ཞིང་ལ་སྨོན་ལམ་རྒྱག་རྒྱུ་ཟེར་ན་འདྲ།
- ང་ཚོའི་རྟེན་འབྲེལ་ཟེར་ན་འདྲ་སྔོན་ནས་བཞག་སྲོལ་དེ་འདྲ་ཡོད་རེད།
- ང་ཚོའི་མི་ནང་མ་ཚད་གཞན་པ་སྡེ་བ་ཚོ་ལ་དེ་འདྲ་ཡོད་རེད།
- བཤད་སྲོལ་ལ་ཞིང་རྨོས་ནས་ལོ་གཅིག
- ཕག་གསོས་ནས་ལོ་གཅིག་ཞེས་དཔེ་ཡོད་རེད།
- ལུགས་སྲོལ་དེ་ཚོ་བྱ་བ་གལ་ཆེན་ལ་བརྩི་བ་རེད།
- ང་ཚོས་ཞིང་རྨོ་རྒྱུ་ལ་ལས་སླ་བོ་ཡོད་མ་རེད།
- ངས་རྒྱ་ཆེན་པོ་བཤད་ནི་མིན་ཡང་།
- ཞིང་ལ་སེར་ར་རྒྱག་རྒྱུའི་ཉེན་ཁ་ཡོད་རེད།
- ཞིང་ལ་འབུ་རྒྱག་རྒྱུའི་དགྲ་ཡོད་རེད།
- འབུ་ཡི་དགྲ་དང་སེར་བའི་དགྲ་སོགས་ཡོད་རེད།
- ང་ཚོ་མི་ནང་སྡེ་བས་དབྱར་ཁ་གཞི་བདག་གསོ་ས་འགྲོ་ནི་རེད།
- ང་ཚོས་གཞི་བདག་ཡུལ་ལུང་ཞེས་པ་ལ་བསང་མཆོད་བྱེད་པ་རེད།
- ང་ཚོས་ཞིང་ལ་དགྲ་མི་འོང་བའི་ཆེད་དུ་ཆོ་ག་སྣ་ཚོགས་དགོས་རེད།
- དེ་རིང་སྐར་མ་ཡག་པོ་གཡང་གི་སྐར་མ།
- སྐར་མ་རྒྱལ་ཕུར་འཛོམས་པ།
- ཉི་མ་ལྷ་ཡི་ཉི་མ།
- བཀྲ་ཤིས་ཤིས་པའི་ཉི་མ།
- ཚེ་རིང་བའི་ཟླ་བ།
- དོན་འགྲུབ་པའི་སྐར་མ།
- ཚེས་གྲངས་བཟང་པོའི་གཡང་གི་སྐར་མ།
- ང་ཚོ་མི་ནང་ལུང་པའི་ནས་དེ།
- གཞན་གཅིག་དང་མི་འདྲ་གུང་གཅིག་མི་མཉམ་མཁན།
- མི་མཉམ་མཁན་གྱི་ལོ་རྒྱུས་ཅི་འདྲ་རེ་ཟེར་ན།
- དེ་ནས་ང་ཚོའི་ནས་ནི་ལོ་བཅུ་ལ་ཐེངས་ལྔ་རེད།
- ལོ་བཅུ་ཐེངས་ལྔ་ཟེར་རྒྱུ་དེ་ནི།
- དེ་ནི་ངོ་མ་ཅན་ལ་ཧོ་འཕེན་དེ་འདྲ་བཟོས་ནས།
- ནས་ཡག་དགོས་སྐྱེད་ཀྱི་རྩ་བ་གཅིག་དེ་ནི་དེ་རེད།
- གཉིས་ལ་ནི་ལོ་གཅིག་ལ་ལོག་ཐེངས་མ་བཞི་རྒྱག་དགོས་རེད།
- དེས་མ་ཚད་དོང་ལུད་ལ་མཚོན་ན་ཡང་།
- དེ་ནི་ཉོས་ནིའི་དོང་ལུད་དང་རྒྱ་ཡི་དོང་ལུད་ཟེར་རྒྱུ་འདྲ་འདྲ་ཕུགས་ཀི་ཡོད་ནི་མ་རེད།
- དུག་བྲོ་ནི་མ་རེད་དུག་རྫས་དེ་འདྲ་ཞིང་གི་ནང་ལ་གཏོར་གི་ཡོད་ནི་མ་རེད།
- དེ་འདྲ་ཡིན་པས་རྟ་ཁལ་ར་ལུག་ཐམས་ཅད་ཀྱི།
- དོང་ལུད་ཞིང་དེའི་ནང་དུ་ལྡུག་རེད།
- ནས་ཡག་དགོས་སྐྱེད་དང་མི་ལ་ཕན་སྐྱེད་དེ།
- རྩ་བ་ནི་ཅི་འདྲ་རེད་ཟེར་ན།
- རྟ་ཁལ་ར་ལུག་གིས་སྨན་རྩྭ་ཟོས་ནས།
- སྨན་རྩྭ་ཟོས་པའི་དོང་ལུད་འདིས་ནི་ཅི་མིན་འདི་མིན་གྱིས།
- དོང་ལུད་འདིས་ནད་ཐམས་ཅད་ལ་ཕན་པའི་སྨན་རེད།
- ནས་ཡག་དགོས་སྐྱེད་ཀྱི་རྩ་བ་དེ་འདྲ་རེད།
- ནས་དེ་ཚོ་ཡིན་ན་ཅི་མིན་འདི་མིན་ཡག་དགོན་སྐྱེད་དེ་འདྲ་ཡིན་ལེ་རེད།
- དེ་ནས་ད་ལྟ་ང་ཚོའི་ནས་དེ་ཁམས་ཀྱི་ནས་རེད་ནས་སྔོན་ཟེར་བ་དེ་རེད།
- ཅི་མིན་འདི་མིན་གྱི་རྩམ་པ་འཐག་ན་ཞིམ་པོ་དང་བྲོ་བ་ཡོད་རེད།
- ནས་འདི་ས་ཆ་གང་ན་ཡིན་ན་ཁུར་གི་ཡོད་རེད།
- ལྷ་ས་ཡར་ལ་ཁུར་ན་ཡག་གི་ཟེར་རེད།
- རྒྱ་ནག་མར་ལ་ཐོན་ན་ཡག་གི་ཟེར་ནི་རེད།
- ནས་འདི་ཟོས་ན་ན་ཚ་མེད་རྒྱུ་དང་།
- ནས་དེ་ཚོའི་ཆུང་ནས་ད་བར་དུ་ཟོས་ནས་འོང་བ་རེད།
- ད་བར་དུ་མི་རྒ་རྒས་ཀྱིས་ཟོས་ན་འདྲ་ལོ་ཆུང་གིས་ཟོས་ན་འདྲ།
- གཅིག་ནས་ང་ཚོ་ལ་ནད་རིགས་འདྲ་མིན་ཡོད་ནི་མ་རེད།
- གཉིས་ནས་ས་གནས་ཐོག་ལ་ལག་ལེན་མི་ཤེས་རྒྱུ་ནི་ཡོད་ནི་མ་རེད།
- ཆུང་དུས་ནས་ལག་ལེན་བྱས་ནས་འོང་བ་རེད།
- ང་ཚོས་ད་བར་དུ་གཅིག་གིས་གཅིག་ལ་བསླབས་ནས་འོང་བ་རེད།
- ཆར་ཆུ་དུས་གསུམ་རྒྱས་པའི་བཀྲ་ཤིས་ཤོག
- རྩི་ཤིང་ལོ་ཏོག་རྒྱས་པའི་བཀྲ་ཤིས་ཤོག
- ཆར་གཡང་དཔལ་འབྱོར་རྒྱས་པའི་བཀྲ་ཤིས་ཤོག
- ནས་ལྔ་ཡོན་ཏན་རྒྱས་པའི་བཀྲ་ཤིས་ཤོག
- མི་རྣམས་ལུང་ཁག་བདེ་བའི་བཀྲ་ཤིས་ཤོག
- རྟ་ཟོག་ནོར་ཕྱུག་ལྡན་པའི་བཀྲ་ཤིས་པར་ཤོག་ཅིག
- ནམ་མཁའ་ལ་བཀྲ་ཤིས་པ།
- དགོང་ཨ་སྔོ་ལ་དམའ་རྒྱུ་མེད་པ།
- བར་སྣང་ལ་བཀྲ་ཤིས་པ།
- ཉི་ཟླ་ལ་གསལ་སྒྲིབ་མེད་པ།
- ས་གཞི་ལ་བཀྲ་ཤིས་པ།
- རི་རྒྱལ་ལ་གཡོ་འགུལ་མེད་པ།
- ཚེ་ཐམས་ཅད་དུ་བཀྲ་ཤིས་པ།
- ཚེ་རིང་རྣམ་དྲུག་འཛོམས།
- བསོད་ནམས་བཀྲ་ཤིས་པ།
- རྒྱལ་པོ་གཡུ་ཐོག་ལྟ་བུ།
- ཁ་རྗེ་བཀྲ་ཤིས་པ།
- ནམ་མཁའ་མཛོད་བདུན་ལྟ་བུ།
- དབང་ཐང་བཀྲ་ཤིས་པ།
- གསེར་གྱི་དབང་རྒྱལ་འཁོར་ལོ་ལྟ་བུ།
- ཚེ་ཡི་རྒྱལ་པོ་ཚེ་རིང་ནད་མེད་ཤོག
- འདོད་པའི་རྒྱལ་པོ་ལོངས་སྤྱོད་ཕུན་སུམ་ཚོགས།
- སྨོན་ལམ་གྱི་རྒྱལ་པོ་གང་བཏབས་བཞིན་དུ།
- འགྲུབ་པའི་རྟེན་འབྲེལ་དང་།
- རྟེན་འབྲེལ་ཁ་ཡིས་བཤད་ན།
- བསོད་ནམས་ལུས་ལ་འཁོར་བའི་རྟེན་འབྲེལ་ཡོད།