Skip to main content Skip to search
31 Jan 2017
1 min 32 sec
Video Overview
Creators: 
Norzin Lhamo
Transcript search
No results found for this search
0 of 0
  • གནག་ལེ། Naglay
    ཤིང་ནགས་ཤིང་སྦུག་གི་ཁག་ཤིང་འདི། །རྩ་བོ་ས་ལས་སྐྱེ་ཚེ་ལེགས་མི་ལེགས། །གནམ་ལུ་ལྷ་ཐོན་ཚེ་བྱ་མི་བྱ། །
    The Khashing tree, among the trees, in the forest. It's so beautiful,as it grows from the root. looks more beautiful, As it hits the sky.
  • གནག་ལེ། Naglay
    སྟེང་ལྷ་གིས་སླབ་ཚེ་ལྷ་བང་ལོ། །འོག་ཀླུ་གིས་སླབ་ཚེ་ཀླུ་བང་ལོ། །བར་བཙན་གྱིས་སླབ་ཚེ་བཙན་བང་ལོ། །
    The upper realms of the god, says, It's theirs. The lower realms of the Nagas says, it's theirs. the middle earth deity says, It's theirs.
  • གནག་ལེ། Naglay
    སྟེང་ལྷ་ཡང་མི་བང་ཞུ་ནི་མེད། །པད་ཀྱག་གནས་ལུ་རྒྱག་དགོ་པ། །ལྷ་བང་པའི་ཕྱོགས་སུ་པད་ཀྱག་བཞག །
    I don't say, it's the god's, let the gods have the bud.
  • གནག་ལེ། Naglay
    འོག་ཀླུ་ཡང་མི་བང་ཞུ་ནི་མེད། །རྒྱས་ར་ལས་བཀྲམ་དགོ་པ། །ཀླུ་བང་པའི་ཕྱོགས་སུ་ར་ཏོག་རབཞག །
    I don't say, it's the Naga's, let the root be the Naga's.
  • གནག་ལེ། Naglay
    བར་བཙན་ཡང་མི་བང་ཞུ་ནི་མེད། །བཙན་ལྷ་བར་གྱིས་བཅད་དགོ་པ། །བཙན་བང་པའི་ཕྱོགས་སུ་ཞལ་ལག་བཞག །
    I don't say, it's the middle earth's deities', Let the leaves be theirs.
  • གནག་ལེ། Naglay
    དཔྱེ་མ་ཤེས་ནཱི་དང་ཆ་འདྲཝ་ཅིག །ཡབ་ཆེན་ཨ་བ་སླབ་ཚེ་ཨཔ་བང་ལོ། །ཡུམ་ཆེན་ཨ་མ་སླབ་ཚེ་ཨམ་བང་ལོ། །དགའཝ་བརྩེ་གིས་སླབ་ཚེ་བརྩེ་བང་ལོ། །
    Just like this, The father says, He has more control. The mother says, She has more control. The love between them says, It has more control.
  • གནག་ལེ། Naglay
    ཡབ་ཆེན་ཨ་པ་མི་བང་ཞུ་ནི་མེད། །ཡུམ་ཆེན་ཨ་མ་མི་བང་ཞུ་ནི་མེད། །དགའཝ་བརྩེ་ཡང་མི་བང་ཞུ་ནི་མེད་ལོ། །
    I don't say, the father has no control, I don't say the mother has no control, I don't say the love between them doesn't have the control.
  • གནག་ལེ། Naglay
    ཆུང་ཚེ་མི་ལ་ཨ་པ་བཙུགས་དགོ་པ། །ཨཔ་བང་པའི་ཕྱོགས་སུ་ལཱ་ཀུ་བཞག །ཡུམ་ཆེན་ཨ་མ་མི་བང་ཞུ་ནི་མེད། །ཆུང་ཚེ་རྐང་ཐང་ཨ་མ་དྲང་དགོ་པ། །ཨམ་བང་པའི་ཕྱོགས་སུ་གོ་ཐལ་བཞག་ལོ། །
    the father has to bring up the child till adulthood. Let this be the father's control. the mother has to take care, during childhood, So let this be the mother's control.
  • གནག་ལེ། Naglay
    དགའཝ་བརྩེ་ཡང་མི་བང་ཞུ་ནི་མེད། །ཆུངམ་ཐེད་རྩེད་རྐྱབ་པའི་མཉམ་རོགས་མས། །བརྩེ་བང་པའི་ཕྱོགས་སུ་དམ་བཅའ་བཞག་ལོ། །
    I don't say, the love has the control, It's the companion for my cheerful moments as a kid. Let this be the control of the love.