Video Overview
Yeshi Choden of Radhi Gewog, Tashigang, sings a boedra song entitled Jala Tshering Mizhu (The Bird Tshering Resides). The song describes the auspiciousness of the bird, Tshering. The composer offers the residence of bird Tshering to the East where the Eastern Vajrasattva resides, then, similarly, to the South, West, North, and finally to the center. This song is performed in a circular formation with around five to twenty dancers. The composer and the origin of this song are unknown.
བཀྲིས་སྒང་རྫོང་ཁག་ རདྷི་རྒེད་འོག་ ལས་ཨིན་མི་ ཡེ་ཤེས་ཆོས་སྒྲོན་གྱི་ འབོད་སྒྲ་རྙིངམ་ བྱཱ་ལ་ཚེ་རིང་མི་བཞུགས་ ཟེར་མི་འདི་འཐེན་ནུག། ཞབས་ཁྲ་འདི་ཡང་ དགེ་མཚན་ཅན་བྱཱ་ཚེ་རིང་གི་ སྐོར་ལས་འགྲེལ་བཤད ་རྐྱབ་ཨིན་མས། དེ་ཡང་རྩོམ་པ་པོ་གི་ ཤར་ལུ་ཡོད་མི་ ཤར་ཕྱོགས་རྡོ་རྗེ་སེམས་དཔའ་བཞུགས་སའི་ གནས་ཁང་འདི་ བྱཱ་ཚེ་རིང་ལུ་འཕུལཝ་ ཨིནམ་དངདགེ་མཚན་ཅན་ལུ་ དགའ་ཚོར་བསྐྱེདཔ་ཨིན་མས། དེ་ལས་ ལྷོ་ཁ་ཐུག་འབད་བ་ཅིན་ ལྷོའི་རིན་ཆེན་འབྱུང་གནས་བཞུགས་སའི གནས་ཁང་འདི་འཕུལཝ་ ཨིནམ་དང་ དགེ་མཚན་ཅན་ལུ་ དགའ་ཚོར་བསྐྱེདཔ་ཨིན་མས། ནུབ་ཁ་ཐུག་འབད་བ་ཅིན་ འོད་དཔག་མེད་བཞུགས་སའི གནས་ཁང་འདི་ འཕུལཝ་ ཨིནམ་དང་ དགེ་མཚན་ཅན་ལུ་ དགའ་ཚོར་བསྐྱེདཔ་ཨིན་མས། བྱང་ཁ་ཐུག་འབད་བ་ཅིན་ བྱང་གི་ དོན་ཡོན་གྲུབ་པ་བཞུགས་སའི་ གནས་ཁང་འདི་ འཕུལཝ་ ཨིནམ་དང་ དགེ་མཚན་ཅན་ལུ་ དགའ་ཚོར་བསྐྱེདཔ་ཨིན་མས། མཇུག་ར་སྦུག་ལུ་ འབད་བ་ཅིན་བ་ཅིན་ རྣམ་པར་སྣང་མཛད་ཀྱི་བཞུགས་སའི་ གནས་ཁང་འདི་ འཕུལཝ་ འཕུལཝ་ ཨིནམ་དང་ དགེ་མཚན་ཅན་ལུ་ དགའ་ཚོར་བསྐྱེདཔ་ཨིན་མས། ཞབས་ཁྲ་འདི་ མི་ལྔ་དང་ཉི་ཤུ་བར་ན་ སྒོར་སྒོམས་འབད་ཁྲབ་སློལ་ཡོདཔ་ཨིན། ཞབས་ཁྲ་འདི་གི་ དེའི་འབྱང་ཁུངས་དང་ རྩོམ་པ་པོ་འདི་ མ་ཤེས་མས།
- Radhi
- Trashigang
- ཡེ་ཤེས་ཆོས་སྒྲོན་ Yeshi Chodenབྱ་ལ་(ལ)ཚེ་རིང་མི་བཞུགས། །བྱ་ལ་(ལ)ཚེ་རིང་བཞུགས་ན། །བྱ་ལ་(ལ)ཚེ་རིང་བཞུགས་ན། །བྱ་ལ(ལ)ཚེ་རིང་བཞུགས་ན། །ཉི་མ་ལ་སོ་ཤར་གྱི་ཕྱོགས་ལ་བཞུགས་ཡོད། །ཉི་མ་ལ་སོ་ཤར་གྱི་ཕྱོགས་ལ་བཞུགས་ཡོད། །ཤར་ན་(ལ)རྡོ་རྗེ་སེམས་དཔའ། །བཀྲ་ལ་(ལ)ཤིས་པར་ཤོག་ཅིག །གཡང་ལ་(ལ)ཆགས་པར་ཤོག་ཅིག །
- ཡེ་ཤེས་ཆོས་སྒྲོན་ Yeshi Chodenབྱ་ལ་(ལ)ཚེ་རིང་མི་བཞུགས། །བྱ་ལ་(ལ)ཚེ་རིང་བཞུགས་ན། །བྱ་ལ་(ལ)ཚེ་རིང་བཞུགས་ན། །བྱ་ལ(ལ)ཚེ་རིང་བཞུགས་ན། །ཉི་མ་ལ་སོ་ལྷོ་གི་ཕྱོགས་ལ་བཞུགས་ཡོད། །ཉི་མ་ལ་སོ་ལྷོ་གི་ཕྱོགས་ལ་བཞུགས་ཡོད། །ལྷོ་ན་(ལ)རིན་ཆེན་འབྱུང་གནས། །བཀྲ་ལ་(ལ)ཤིས་པར་ཤོག་ཅིག །གཡང་ལ་(ལ)ཆགས་པར་ཤོག་ཅིག །
- ཡེ་ཤེས་ཆོས་སྒྲོན་ Yeshi Chodenབྱ་ལ་(ལ)ཚེ་རིང་མི་བཞུགས། །བྱ་ལ་(ལ)ཚེ་རིང་བཞུགས་ན། །བྱ་ལ་(ལ)ཚེ་རིང་བཞུགས་ན། །བྱ་ལ(ལ)ཚེ་རིང་བཞུགས་ན། །ཉི་མ་ལ་སོ་ནུབ་ཀྱི་ཕྱོགས་ལ་བཞུགས་ཡོད། །ཉི་མ་ལ་སོ་ནུབ་ཀྱི་ཕྱོགས་ལ་བཞུགས་ཡོད། །ནུབ་ན་(ལ)སྣང་བ་མཐའ་ཡས། །བཀྲ་ལ་(ལ)ཤིས་པར་ཤོག་ཅིག །གཡང་ལ་(ལ)ཆགས་པར་ཤོག་ཅིག །
- ཡེ་ཤེས་ཆོས་སྒྲོན་ Yeshi Chodenབྱ་ལ་(ལ)ཚེ་རིང་མི་བཞུགས། །བྱ་ལ་(ལ)ཚེ་རིང་བཞུགས་ན། །བྱ་ལ་(ལ)ཚེ་རིང་བཞུགས་ན། །བྱ་ལ(ལ)ཚེ་རིང་བཞུགས་ན། །ཉི་མ་ལ་སོ་བྱང་གི་ཕྱོགས་ལ་བཞུགས་ཡོད། །ཉི་མ་ལ་སོ་བྱང་གི་ཕྱོགས་ལ་བཞུགས་ཡོད། །བྱང་ན་(ལ)དོན་ཡོད་གྲུབ་པ། །བཀྲ་ལ་(ལ)ཤིས་པར་ཤོག་ཅིག །གཡང་ལ་(ལ)ཆགས་པར་ཤོག་ཅིག །
- ཡེ་ཤེས་ཆོས་སྒྲོན་ Yeshi Chodenབྱ་ལ་(ལ)ཚེ་རིང་མི་བཞུགས། །བྱ་ལ་(ལ)ཚེ་རིང་བཞུགས་ན། །བྱ་ལ་(ལ)ཚེ་རིང་བཞུགས་ན། །བྱ་ལ(ལ)ཚེ་རིང་བཞུགས་ན། །ཉི་མ་ལ་སོ་དབུས་ཀྱི་ཕྱོགས་ལ་བཞུགས་ཡོད། །ཉི་མ་ལ་སོ་དབུས་ཀྱི་ཕྱོགས་ལ་བཞུགས་ཡོད། །དབུས་ན་(ལ)རྣམ་པར་སྣང་མཛད། །བཀྲ་ལ་(ལ)ཤིས་པར་ཤོག་ཅིག །གཡང་ལ་(ལ)ཆགས་པར་ཤོག་ཅིག། །།