Video Overview
Yeshi Choden of Radhi Gewog, Tashigang sings an old boedra song entitled Jala Tshering Mizhu (The Bird Tshering Resides). The song is about happiness: firstly the presence of the bird; secondly the sowing of flower seeds; thirdly the growth of the flowers; fourthly the offering of the flower in the altar room; and fifthly meeting the religious master. The song has beautiful lyrics, and can be performed on any occasion. The song is performed in a circular formation with around five to twenty dancers. The composer and the origin of the song are unknown.
བཀྲིས་སྒང་རྫོང་ཁག་ རདྷི་རྒེད་འོག་ ལས་ཨིན་མི་ ཡེ་ཤེས་ཆོས་སྒྲོན་གྱི་ འབོད་སྒྲ་རྙིངམ་ བྱཱ་ཚེ་རིང་མི་བཞུགས་ ཟེར་མི་འདི་འཐེན་ནུག། ཞབས་ཁྲ་འདི་ཡང་ དགའ་སྐྱིད་ཀྱི་སྐོར་ལས་ཨིན་ལས་ དེ་ཡང་དང་པ་རང་བྱཱ་ཚེ་རིང་གནས་སྟེ་ ཡོད་ནི་འདི་གི་དང གཉིས་པ་མེ་ཏོགའི་སོན་བཏབ་ནི་འདི་གི་དང་ གསུམ་པ་མེ་ཏོག་ཡར་འཕེལ་འགྱོ་ནི་འདི་གི་དང་ བཞི་པ་ལུ་མེ་ཏོག་འདི་ མཆོད་བཤམ་ནང་འཕུལ་ནི་འདི་གི་དང་ ལྔ་པ་ལུ་བླ་མ་འཇལ་ནི་ཐོབ་ནི འདི་གི་ཨིན་མས། ཞབས་ཁྲའི་ཚིག་འདི་ མཛེས་ཏོག་ཏོ་ཡོདཔ་ལས་ དགའ་སྟོན་དང་རྟེན་འབྲེལ་ ག་ཅི་བཟུམ་ཡོད་རུང་ དེའིསྐབས་རྐྱབ་སློལ་ ཡོདཔ་ཨིན། ཞབས་ཁྲ་འདི་འབོད་སྒྲ་ནང་ཚུདཔ་ལས་ མི་ལྔ་དང་ཉི་ཤུ་བར་ན་ སྒོར་སྒོམས་འབད་ཁྲབ་སློལ་ཡོདཔ་ཨིན། ཞབས་ཁྲ་འདི་གི་ དེའི་འབྱང་ཁུངས་དང་ རྩོམ་པ་པོ་འདི་ མ་ཤེས་མས།
- Trashigang
- Radhi
- ཡེ་ཤེས་ཆོས་སྒྲོན་ Yeshi Chodenབྱ་ལ་ཚེ་རིང་མི་བཞུགས། །བྱ་ལ་ཚེ་རིང་མི་བཞུགས། །བྱ་ལ་ཚེ་རིང་བཞུགས་ན། །ནང་ལ་ཕྱིན་ཚེ་ཡོ། །བྱ་ལ་ཚེ་རིང་བཞུགས་ན། །ནང་ལ་ཕྱིན་ཚེ་ཡོ། །
- ཡེ་ཤེས་ཆོས་སྒྲོན་ Yeshi Chodenམེ་ཏོག་བཏབ་པའི་ལོ་ལ། །མེ་ཏོག་བཏབ་པའི་ལོ་ལ། །ས་འདི་འོད་ཀྱིས་གང་སོང་། །ནང་ལ་ཕྱིན་ཚེ་ཡོ། །ས་འདི་འོད་ཀྱིས་གང་སོང་། །ནང་ལ་ཕྱིན་ཚེ་ཡོ། །
- ཡེ་ཤེས་ཆོས་སྒྲོན་ Yeshi Chodenམེ་ཏོག་འཁྲུངས་པའི་ལོ་ལ། །མེ་ཏོག་འཁྲུངས་པའི་ལོ་ལ། །ལྡུམ་ར་འོད་ཀྱིས་གང་སོང་། །ནང་ལ་ཕྱིན་ཚེ་ཡོ། །ལྡུམ་ར་འོད་ཀྱིས་གང་སོང་། །ནང་ལ་ཕྱིན་ཚེ་ཡོ། །
- ཡེ་ཤེས་ཆོས་སྒྲོན་ Yeshi Chodenམེ་ཏོག་ཕུལ་བའི་ལོ་ལ། །མེ་ཏོག་ཕུལ་བའི་ལོ་ལ། །མཆོད་བཤམ་འོད་ཀྱིས་གང་སོང་། །ནང་ལ་ཕྱིན་ཚེ་ཡོ། །མཆོད་བཤམ་འོད་ཀྱིས་གང་སོང་། །ནང་ལ་ཕྱིན་ཚེ་ཡོ། །
- ཡེ་ཤེས་ཆོས་སྒྲོན་ Yeshi Chodenབླ་མ་བཞུགས་པའི་ལོ་ལ། །བླ་མ་བཞུགས་པའི་ལོ་ལ། །བཞུགས་ཁྲི་འོད་ཀྱིས་གང་སོང་། །ནང་ལ་ཕྱིན་ཚེ་ཡོ། །བཞུགས་ཁྲི་འོད་ཀྱིས་གང་སོང་། །ནང་ལ་ཕྱིན་ཚེ་ཡོ། །
- ཡེ་ཤེས་ཆོས་སྒྲོན་ Yeshi Chodenབླ་མ་བྱོན་པའི་ལོ་ལ། །བླ་མ་བྱོན་པའི་ལོ་ལ། །གཟིམ་ཅུང་ཤུག་ཤུག་རུག་རུག །ནང་ལ་ཕྱིན་ཚེ་ཡོ། །གཟིམ་ཅུང་ཤུག་ཤུག་རུག་རུག །ནང་ལ་ཕྱིན་ཚེ་ཡོ།། །།