Skip to main content Skip to search
29 Jan 2016
2 min 57 sec
Video Overview
Creators: 
Sonam Tobgye, Sangay Tshomo

The lyrics to this song describe in detail Punakha Dzong along with its holy sacred objects. It explains the importance of being in the presence of sacred objects to a person who does not know about them.

 

ས་ལ་སྨན་ལྗོངས་འབྲུག་གི་རྒྱལ་ཁབ་ན། ཟེར་ མོང་སྒར་ སྔ་ཚང་ལས་ ཕུན་ཚོགས་དབང་འདུས་ཀྱིས་འཐེན་ནི་འདུག གླུ་གཞས་དེ་ མི་ག་ཟེར་མི་དེ་གིས་ ནམ་བརྩམས་ཅི་ག་ག་མི་ཤེས་པས། ཨིན་རུང་ གླུ་གཞས་ཀྱི་ཚིག་ལུ་ཉན་བལྟ་བ་ཅིན་ སྤུ་ན་ཁ་རྫོང་གི་བཀོད་པ་དང་ བྱིན་རླབས་ཅན་གྱི་ནང་རྟེན་ཚུ་ཡོད་ཚུལ་ དེ་སྦེ་ཡོདཔ་མ་ཤེས་མི་དང་མ་མཇལ་མི་ཚུ་ལུ་ ནང་རྟེན་དེ་བཟུམ་ཡོད་པའི་ངོ་སྤྲོད་དང་ མཇལ་དགོ་པའི་བསྐུལ་མ་བཟུམ་ཅིག་སྦེ་ འཐེན་པའི་གླུ་གཞས་ཅིག་ཨིན་མས།

 

Transcript search
No results found for this search
0 of 0
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ས་ལ་སྨན་ལྗོངས་འབྲུག་པའི་རྒྱལ་ཁབ་ནང་ལ། །རྫོང་ལ་འབྲུག་པའི་སྤུང་ཐང་བདེ་ཆེན་འདི། །རྫོང་ལ་འབྲུག་པའི་སྤུང་ཐང་བདེ་ཆེན་འདི། །
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    བཞེངས་འདི་སྤྲུལ་པའི་བཟོ་བ་(བོ་)བཞེངས་འདི་གིས་ལ། །རབ་གནས་མཛད་པ་ངག་དབང་རྣམ་རྒྱལ་བྱོན། །རབ་གནས་མཛད་པ་ངག་དབང་རྣམ་རྒྱལ་བྱོན། །
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    གཡས་ལུ་ཡེ་ཤེས་མགོན་པོའི་བཞུགས་ཁར་(ཁང་)འདུག་ལ། །གཡོན་ལུ་དཔལ་ལྡན་ལྷ་མོའི་བཞུགས་ཁར་(ཁང་)འདུག །གཡོན་ལུ་དཔལ་ལྡན་ལྷ་མོའི་བཞུགས་ཁར་(ཁང་)འདུག །
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ཕྱི་ལ་མཇལ་ཚེ་བཀྲ་ཤིས་སྒོ་མང་འདྲ་ལ། །བྱིན་རླབས་ཆེ་བ་ཁར་ས་པ་ནི་བཞུགས། །བྱིན་རླབས་ཆེ་བ་ཁར་ས་པ་ནི་བཞུགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ཚེ་བཅུ་བཅོ་ལྔ་གནམ་གང་དུས་བཟང་ལུ་ལ། །རྫོང་ཆེན་ལ་མཇལ་ཤོག་འབྲུག་པའི་མི་སེར་ཚུ། །རྫོང་ཆེན་ལ་མཇལ་ཤོག་འབྲུག་པའི་མི་སེར་ཚུ། །
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ཚེ་ལ་འདི་ལུ་བར་ཆད་ཞི་ནི་དང་ལ། །ཕྱི་མ་སྐལ་བ་བཟང་པོའི་(བའི་)སྨོན་ལམ་ཞུ། །ཕྱི་མ་སྐལ་བ་བཟང་པོའི་(བའི་)སྨོན་ལམ་ཞ
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ལ་སོགས། བཀའ་དྲིན་ཆེ།