Skip to main content Skip to search
21 Jun 2018
3 min 7 sec
Video Overview
Creators: 
Duptho, Sonam Chophel

Yangay from Woongchilo village in Jamkhar Gewog, Trashiyangtse Dzongkhag sings “Sajana Rigi Pharjabna,” which loosely translates as “Beyond the Jewel Hill in China.” This boedra song says that, when the Lama stays in the temple then religion flourishes; when the king stays in the dzong, there is happiness for his people; when parents are in their house, wealth will come to them. Finally, the song says that when there are girls and boys in the village, there will be cooperation between people. 

 

བཀྲ ཤིས་གཡང་རྩིས་ འཇམ་མཁར་རྒས་འིག་ གཡུས་འོ་ཅི་ལོ་ལས་ གཡང་རྒྱས་གིས་བོད་སྒྲའི་གླུ་གཞས་ ས་རྒྱ་ན་ནོར་བུ་རིས་ཀྱིས་ཕར་རྒྱ་ཟེར་མི་འདི་ འཐེན་འདི་ཡོདཔ་ཨིན་མས། འདི་ཡང་ བླམ་འདི་ ལྷ ཁང་ནང་ བཞུགས་པའི་སྐབས་ དམ་པའི་ཆོས་དརཝ་ཨིན་མས། དེ་ལས་རྒྱལཔོ་གཟིམས་ཅུང་ནང་ བཞུགས་པའི་སྐབས་ལུ་ མི་སེར་ལུ་ དགའ་བ་བྱིན་དོ་ཡོདཔ་ཨིན་མས། ཕམ་ཚུ་ཁྱིམ་ནང་ལྡོདཔ་ད་ རྒྱུ་ནོར་ཡོདཔ་ཨིན་མས། ཕོ་མོ་འདྲ་མཉམ་ཡོད་པའི་སྐབས་ལུ་ ཐུན་འབྲལ་ཡོད་པའི་བརྟགས་ཚན་སྟོན་དོ་ཡོདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • གཡང་རྒྱས་ Yangay
    ས་རྒྱ་ནག་ནོར་བུ་རི་ཡི་ལ་ནི་ཕར་རྒྱབ་ན་ལ། །ཨོ་ལོ་ནོར་བུ་རི་ཡི་ལ་ནི་ཚུར་རྒྱབ་ན། །
  • གཡང་རྒྱས་ Yangay
    བཞེངས་པ་རྣམ་གསུམ་དགོན་བཟང་(རྫོང་ཆེན་)ལ་ནི་ཁྲ་མོ་བཞེངས་ལ། །བཞུགས་པ་རྣམ་གསུམ་དབང་ཆེན་ལ་ནི་དཔོན་པོ་བཞུགས། །
  • གཡང་རྒྱས་ Yangay
    དབང་ཆེན་དཔོན་པོའི་ཐུགས་རིག་ལ་ནི་སྒོམ་པ་གནང་ལ། །རྒྱུ་ནོར་ལོངས་སྤྱོད་བསྟན་པ་ལ་ནི་དར་སེ་དར། །རྒྱུ་ནོར་ལོངས་སྤྱོད་བསྟན་པ་ལ་ནི་དར་སེ་དར། །
  • གཡང་རྒྱས་ Yangay
    བཞེངས་པ་རྣམ་གསུམ་གཡུས་བཟང་ལ་ནི་ཁྲ་མོ་བཞེངས་ལ། །བཞུགས་པ་རྣམ་གསུམ་དྲིན་ཆེན་ལ་ནི་མ་ཕ་བཞུགས། །
  • གཡང་རྒྱས་ Yangay
    དྲིན་ཆེན་ཕ་མའི་ཐུགས་རིག་ལ་ནི་སྒོམ་པ་གནང་ལ། །སྲས་དང་སྲས་མོའི་བསྟན་པ་ལ་ནི་དར་སེ་དར། །
  • གཡང་རྒྱས་ Yangay
    བཞེངས་པ་རྣམ་གསུམ་ལྷ་ཁང་ལ་ནི་གྲུ་བཞི་བཞེངས་ལ། །མཚན་ལྡན་བླ་མ་གཉིས་ཀུ་ལ་ནི་ཡོ་སུ་(བཞུགས་སུ་)གསོལ། །
  • གཡང་རྒྱས་ Yangay
    མཚན་ལྡན་བླ་མའི་ཐུགས་རིག་ལ་ནི་སྒོམ་པ་གནང་ལ། །བྱིན་རླབས་གསུང་སྐུད་བསྟན་པ་ལ་ནི་དར་སེ་དར། །བྱིན་རླབས་གསུང་སྐུད་བསྟན་པ་ལ་ནི་དར་སེ་དར། །
  • གཡང་རྒྱས་ Yangay
    ལགས་སོ་ལགས་ བཀའ་དྲིན་ཆེ།། །།