Skip to main content Skip to search
28 Jun 2018
3 min 50 sec
Video Overview
Creators: 
Penchela, Yeshi Wangchuk, Karma Studio

Gungdang Tringi Tshamley is a song that may be based on a girl named Sonam Dema. It seems that the author is missing Sonam Dema badly, who is far away or in some way prevented from seeing him. The author used the sun as a metaphor, where clouds cover the sun to make it invisible. The author desired to look at the sun without any disturbance from clouds. Similarly, the otter is invisible in the water, yet the author wants to see the otter. The song is thus a melancholy song reflecting a man desperately missing his lover, Sonam Dema.

 

དགུང་དང་སྤྲིན་གྱི་མཚམས་ལས་ཟེར་མི་གླུ་གཞས་འདི་ རྩོམ་པ་པོ་འདི་གིས་ བུམོ་བསོད་ནམས་སྒྲོལ་མ་ཟེར་མི་ཅིག་ ཧིང་ལས་ལས་དྲན་ཏེ་ བརྩམས་བརྩམསམ་བཟུམ་ཅིག་འདུག། ཏེ་གླུ་གཞས་འདི་ནང་ རྩོམ་པ་པོ་འདི་གིས་ ཉིམ་འདི་ལྟ་དགོ་མནོ་རུང་ རྐྱེན་སྤྲིན་གྱིས་གྲིབ་སྟེ་མཐོང་མ་ཚུགས་ཟེར་ དཔེ་ཉིམ་ལུ་བཀོད་ཐོག་ལས་ ཁོ་རའི་དགའ་མི་ བུམོ་བསོད་ནམས་སྒྲོལ་མ་འདི་ཡང་ མཐོང་མ་ཚུགས་པར་ སེམས་ཁར་དྲན་པའི་སྐྱོ་སྣང་ཚུ་ ཞབས་བྲོའི་ཐོག་ལུ་བརྩམས་ཏེ་སླབ་མས། 

 

Transcript search
No results found for this search
0 of 0
  • སྐལ་བཟང་སྒྲོལ་མ་
    དགུང་དང་སྤྲིན་གྱི་མཚམས་ལས་ཞེས་པའི་ཡ་ལ། །
  • སྐལ་བཟང་སྒྲོལ་མ་
    ཁྲི་གདུགས་མིག་གིས་མ་མཐོང་བསོད་ནམས་སྒྲོལ་མ་ཡ་ལ་དབའི། །
  • སྐལ་བཟང་སྒྲོལ་མ་
    རང་མ་མཐོང་བར་གྱི་ཁྲི་གདུགས་ཞེས་པའི་ཡ་ལ། །
  • སྐལ་བཟང་སྒྲོལ་མ་
    ལུས་གཟའ་འཛིན་གཉིས་ཀྱིས་གོམ་མ་བཅུག་ཟེར་བསོད་ནམས་སྒྲོལ་མ་ཡ་ལ་དབའི། །
  • སྐལ་བཟང་སྒྲོལ་མ་
    སེམས་པ་སྐྱོ་སྐྱོ་མ་བྱེད་ཞེས་པའི་ཡ་ལ་དབའི། །
  • སྐལ་བཟང་སྒྲོལ་མ་
    ཆུ་དང་བྱེ་མའི་སེམས་ནས་བསོད་ནམས་སྒྲོལ་མ་ཡ་ལ་དབའི། །
  • སྐལ་བཟང་སྒྲོལ་མ་
    ངའི་སེང་མིག་མིག་གི་མ་མཐོང་ཞེས་པའི་ཡ་ལ། །
  • སྐལ་བཟང་སྒྲོལ་མ་
    རང་མ་མཐོང་བར་གྱི་སེང་མིག་བསོད་ནམས་སྒྲོལ་མ་ཡ་ལ་དབའི། །
  • སྐལ་བཟང་སྒྲོལ་མ་
    སེམས་པ་སྐྱོ་སྐྱོ་མ་བྱེད་ཞེས་པའི་ཡ་ལ། །
  • སྐལ་བཟང་སྒྲོལ་མ་
    ལུས་སམ་ཆུང་གཉིས་ཀྱིས་གོམ་མ་བཅུག་ཟེར་བསོད་ནམས་སྒྲོལ་མ་ཡ་ལ་དབའི། །