Skip to main content Skip to search
29 Dec 2015
2 min 52 sec
Video Overview
Creators: 
Tibetan & Himalayan Library, Dudul Dorjee

Tsethar Bum from Yonru Village in Chentsa (Qinghai Province) sings a folk song called "Best Wishes for the Family"

 

འདི་ནི་རྟེན་འབྲེལ་གྱི་གླུ་ཞིག་ཡིན་པ་དང་། དུས་རྒྱུན་གཉེན་སྟོན་དང་ལོ་གསར་སོགས་ཀྱི་སྐབས་སུ་ལེན་པ་ཡིན་ལ། གཉེན་སྟོན་གྱི་སྐབས་སུ་ཨ་ཞང་རྣམས་བསུ་བའི་ཚུལ་དུ་ཡང་བླངས་ཆོག

Transcript search
No results found for this search
0 of 0
  • ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན། ༽
  • དགུང་ཨ་སྔོན་ཤར་ཕྱོགས་ནམ་མཁའ་ནས། །༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན། ༽
  • སྐྱ་གསལ་ལེ་སྐྱ་རེངས་དང་པོ་ཤར། །༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན། ༽
  • དགུང་ཉི་མ་ཤར་གི་རྟེན་འབྲེལ་རེད། །༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན། ༽
  • ས་དྲོད་ཁོལ་རྒྱས་པའི་སྨོན་ལམ་འདེབས། །༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན། ༽
  • ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན། ༽
  • སྨད་མཚོ་དྲུག་གླིང་གི་མཁར་སྒོ་ནས། །༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན། ༽
  • བྱ་སྐྱ་ཀ་ཕྲ་མོ་སྟོང་རྒྱུན་གྲགས། །༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན། ༽
  • མགྲོན་ཚུར་ཡོང་སྔུན་གྱི་བསུ་མ་རེད། །༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན། ༽
  • ཁྱིམ་བདེ་སྐྱིད་ལྡན་པའི་སྨོན་ལམ་འདེབས། །༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན། ༽