05 Jan 2016
2 min 55 sec
Video Overview
Creators:
Tibetan & Himalayan Library
This is a video of Drolle from Serchen, Amdo singing a song called "Beside Qinghai Lake." This song is part of a collection of folk songs from the Rebgong cultural area.
འདི་ནི་ཕ་བླ་མ་དང་སྟག་ཤ་ར། མ་བུ་མོ་བཅས་ལ་བསྟོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་མཚོ་སྔོན་པོ་ཁར་བྱ་ངང་བ་སེར་པོ་གྲགས་པ་དང་འཕུར་བ་དེ་ཕ་བླ་མས་ཆོས་ཀུན་རིག་གསུང་བའི་རྟེན་འབྲེལ་ཡིན་པ་དང་། རི་རྩ་བ་ཡག་གི་རྩེ་མོར་བྱ་ཕོ་རོག་གྲགས་པ་དང་འཕུར་བ་དེ་སྟག་ཤ་རས་དཔའ་རྒྱལ་ཁ་ཐོབ་པའི་རྟེན་འབྲེལ་ཡིན་པ། ནགས་རྒྱ་རྫོང་ནང་དུ་སྐྱ་ཀ་ཕྲ་མོ་གྲགས་པ་དང་འཕུར་བ་མ་བུ་མོས་གནས་ཁ་ཆོད་པའི་རྟེན་འབྲེལ་ཡིན་པ་བརྗོད་ཡོད།
- Blue Lake
- ༼ཡེ་་་་འབའ་ལ་ཡང་ལ་མོ་ལ་དབྱངས་ལེན། འབའ་ལ་དབྱངས་རང་གི་ལེན་ཕྱོགས་རེད༽
- མཚོ་སྔོན་པོ་ཡག་གི་མཚོ་ཁ་ནས། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ལེན༽
- བྱ་ངང་པ་སེར་པོ་སྟོང་རྒྱུན་གྲགས། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ལེན༽
- སྟོང་རྒྱུན་གྲགས་ནས་ཤང་རྒྱུན་འཕུར། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ལེན༽
- ཕ་བླ་མས་ཉོན་དང་ཆོས་སྐད་རེད། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ལེན༽
- ཆོས་ཀུན་རིག་གསུང་གི་རྟེན་འབྲེལ་རེད། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ལེན༽
- རི་རྩ་བ་ཡག་གི་རྩེ་མོ་ནས། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ལེན༽
- བྱ་ཕོ་རོག་ནག་ཆུང་སྟོང་རྒྱུན་གྲགས། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ལེན༽
- སྟོང་རྒྱུན་གྲགས་ནས་ཤང་རྒྱུན་འཕུར། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ལེན༽
- སྟག་ཤ་རས་ཉོན་དང་དཔའ་སྐད་རེད། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ལེན༽
- དཔའ་རྒྱལ་ཁ་ཐོབ་པའི་རྟེན་འབྲེལ་རེད། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ལེན༽
- ནགས་རྒྱ་རྫོང་ཡག་གི་ནང་རོལ་ནས། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ལེན༽
- བྱ་སྐྱ་ཀ་ཕྲ་མོ་སྟོང་རྒྱུན་གྲགས། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ལེན༽
- སྟོང་རྒྱུན་གྲགས་ནས་ཤང་རྒྱུན་འཕུར། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ལེན༽།
- མ་བུ་མོས་ཉོན་དང་གནས་སྐད་རེད། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ལེན༽
- གནས་མི་ཁ་ཆོད་པའི་རྟེན་འབྲེལ་རེད། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ལེན༽
- གླུ་ཤེས་ཁུལ་བྱེད་ལ་དགོད་ཁ་སློངས། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ལེན༽