Skip to main content Skip to search
26 Apr 2019
2 min 56 sec
Video Overview
Creators: 
Dradul Dorjay, Tsegona

Young singer Chakbum's song is about describing a child's inner world, praising the mountains and rivers of his hometown.

གླུ་བ་ཆུང་ཆུང་ལྕགས་འབུམ་གྱིས་བླངས་པའི་བྱིས་གླུ་འདིའི་ནང་དུ་བྱིས་པའི་ནང་སེམས་ཀྱི་འཇིག་རྟེན་ཏེ། ཕ་ཡུལ་གྱི་རི་དང་གཙང་བོར་བསྟོད་པ་ཕུལ་ཡོད།

小歌手嘉宝所唱儿歌中,表达了对故乡与故乡的山河的热爱与赞美。

གླུ་བ་ཆུང་ཆུང་ལྕགས་འབུམ་གྱིས་བླངས་པའི་བྱིས་གླུ་སྙན་མོ་འདིས་ཕ་ཡུལ་གྱི་རི་དང་ཕ་ཡུལ་གྱི་གཙང་བོར་བསྟོད་པ་བྱས་ཤིང་། དེ་ནས་སྐྱིད་ཀྱིས་ཁེངས་པའི་གཡང་ཁྱིམ་གྲུ་བཞིའི་བདེ་སྐྱིད་ཀྱི་རྣམ་པར་བསྟོད་ཡོད་པ་དང་། མཐའ་མར་ཁོར་ཡུག་བཟང་པོའི་འོག་བྱིས་པར་སློབ་གསོ་དང་བསླབ་བྱ་གང་མང་ཐོབ་རྒྱུ་ཡོད་པའི་བདེ་སྐྱིད་ཀྱི་འཚོ་བ་སོགས་ལ་བསྟོད་ཡོད། གཞས་ཀྱི་ཚིག་ནི་འདི་ལྟ་སྟེ། གཡས་ན་རི་བོ་ཡོད། གཡོན་ན་གཙང་བོ་ཡོད། མེ་ཏོག་འདབ་བརྒྱའི་ཁྲོད། སྐྱིད་པའི་ལོ་ཟླ་བསྐྱལ། ང་ཡི་ཕ་ས་གངས་རིས་བརྒྱན་ཡོད། ཕུ་བོས་སྦྲ་ནག་ཕུབ། ཨ་ཅེས་ཐབ་ཀ་བཙུགས། གོ་ཁ་དྲོན་མོ་ཡིས། མེ་ཁ་དེ་ནས་གསོས། ང་ཡི་ཕ་ཁྱིམ་ལག་ཤེས་བཟང་པོས་བརྒྱན། ཨ་ཕ་སྒྲུང་ལ་མཁས། ཨ་མ་གླུ་ལ་དགའ། གཡང་ཁྱིམ་གྲུ་བཞིའི་ནང་། ཀུ་རེ་ཁ་མཚར་མང་། ང་ཡི་བྱིས་དུས་སློབ་གསོས་རྒྱན་ནས་འོངས།

在这首歌的开头,加本首先赞美了家乡的山河,然后赞美了幸福的家庭,最后赞美了快乐的孩子接受良好教育的好环境。这首歌的歌词是:

山在右边

河在左边

在花丛中度过的好岁月

我的家乡被雪山包围着

哥哥搭起了黑色帐篷

姐姐做炉子

火把家温暖了

我的家充满了能力者

父亲擅长讲故事

妈妈喜欢歌

在我家的四面墙里

充满了幸福和笑话

我的童年充满了教育