05 Jan 2016
2 min 24 sec
Video Overview
Creators:
Tibetan & Himalayan Library
This is a video of Namkha from Gagya Village in Chentsa singing a song called "The Beneficence of Parents." This song is part of a collection of folk songs from the Rebgong cultural area.
འདི་ནི་བུ་ཕྲུག་རྣམས་ཀྱིས་རང་གི་ཕ་མའི་ཁ་ལེན་ཚིག་བརྩི་བྱེད་དགོས་པར་བསྐུལ་བའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་རྐྱང་ཁ་དཀར་གྱི་རྒྱབ་ལ་སྒ་གཏོད་མ་དགོས་པ་ནི་འདོ་རིགས་རྟ་པོའི་དྲིན་ཡིན་པ་དང་། བུ་བུ་ཕྲུག་རྣམས་དཀའ་ལས་དཀའ་ཁག་ལ་མ་འཕྲད་པ་དང་རང་སྐྱིད་པོ་བདེ་མོ་ཡིན་པ་ནི་ཕ་མ་བཀའ་དྲིན་ཅན་གྱི་དྲིན་ཡིན་པས་ཁ་ལེན་ཚིག་བརྩི་དང་དྲིན་ལན་འཇལ་དགོས་པར་གདམས་པའི་གླུ་ཞིག་ཡིན།
- ༼ཡེེ་་་་ཡ་རེ་་་་ངས་ཡ་རེ་ལེན་་་གླུ་བ་ལོ་ལོ་་་་་་གླུ་ཞིག་རེ་ལེན༽
- སྤྱང་ཁ་དཀར་བསམ་པའི་དོན་འགྲུབ་བོ། །
- འདོ་རིགས་རྟ་ལ་བརྩི་བཀུར་བྱོས། །
- སྒ་གསེར་སྒ་རྒྱབ་ལ་མ་བསྟད་ནོ། །
- འདི་འདོ་རིགས་རྟ་ཡི་བཀའ་དྲིན་ཡིན། །
- ༼ཡེེ་་་་ཡ་རེ་་་་ངས་ཡ་རེ་ལེན་་་གླུ་བ་ལོ་ལོ་་་་་་གླུཞིག་རེ་ལེན༽
- བུ་བུ་ཕྲུག་ཚེ་ཐག་རིང་རྒྱུ་བོ། །
- དྲིན་ཕ་མ་འཛོམས་དུས་བརྩི་བཀུར་བྱོས། །
- ཚིག་སྡུག་ནི་རྣ་ཡིས་མ་གོ་ནོ། །
- འདི་དྲིན་ཆེན་ཕ་མའི་བཀའ་དྲིན་ཡིན། །
- བྱང་ཨ་དབྱངས་ང་ཡི་བདེ་ཕྱོགས་ཡིན། །