Video Overview
This is a video of Drolle from Serchen, Amdo singing a song called "Beneath the Bodhi Tree in India." This song is part of a series of folk songs from the Rebgong cultural area.
- India
- ༼ཡེ་་་་ཡ་རེ་ཡ་རེ་ངས་ཡ་རེ་ལེན་དགོ ཡེ་གླུ་བ་ལོ་ལོ་གླུ་ཞིག་ལེན༽
- སྟོད་རྒྱ་གར་བྱང་ཆུབ་ཤིང་དྲུང་ནས། །
- མགོན་རྒྱལ་བ་ཤཀྱཱ་ཐུབ་པ་འཁྲུངས། །
- ཆོས་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས། །
- ཤི་དམྱལ་བ་མི་ལྷུང་སྐྱིད་ཅིག་ཡོད། །
- ༼ཡེ་་་་ཡ་རེ་ཡ་རེ་ངས་ཡ་རེ་ལེན་དགོ༽
- གནས་པོ་ཏ་ལ་ཡི་ཕོ་བྲང་ནས། །
- ལྷ་འཕགས་མཆོག་སྤྱན་རས་གཟིགས་དབང་འཁྲུངས། །
- ཆོས་མ་ཎི་ཡི་གེ་དྲུག་མ་གསུངས། །
- ཤི་དམྱལ་བ་མི་ལྷུང་སྐྱིད་ཅིག་ཡོད། །
- ཤར་ཙོང་ཁའི་སྐྱེས་རི་མཐོན་པོ་ནས། །
- རྗེ་རྒྱལ་བ་བློ་བཟང་གྲགས་པ་འཁྲུངས། །
- ལམ་བྱང་ཆུབ་རིམ་པའི་ཆོས་ཤིག་གསུངས། །
- བསྟན་ཡུན་རིང་མི་ནུབ་སྐྱིད་ཅིག་ཡོད། །
- གླུ་ཤེས་ཁུལ་བྱེད་ལ་དགོད་ཁ་སློངས། །