Skip to main content Skip to search
28 Jun 2018
8 min 33 sec
Video Overview
Creators: 
Rinchen Dorji, Khandu, Sonam Chophel, Rinchen Dorji

Thrungla Yaya is a religious song that describes Talo Goenpa in Talo, Punakha. It is a sacred site and residence of Zhabdrung Ngawang Namgyal, the founder of Bhutan who came from Tibet. Three spiritual masters were born in the monastery. The three sons of Pedling were born in the temple from the mother Singye Dolma. The eldest son was Jigme Chogyal, the youngest son was Gangteng Truelku and the middle son was Tango Truelku—all born for the welfare of all sentient beings. Thus, the song celebrates the joyful occasion of the birth of great masters.

 

འཁྲུངས་ལ་ཡ་ཡ་འདི་ སྤུན་ན་ཁ་རྫོང་ཁག་ རྟ་ལོག་དགོན་པའི་ འགྲེལ་བཤད་ཕུལ་བའི་ ཆོས་འབྲེལ་གྱི་གླུ་གཞས་ཅིག་ཨིནམ་ད་ དགོན་པ་འདི་ ཞབས་དྲུང་ངག་དབང་རྣམ་གྱི་གདན་ས་་དང་ གཙུག་ལག་ཁང་འདི་ནང་ བླམ་གསུམ་འཁྲུངས་སའི་ གནས་རྩ་ཅན་ཅིག་ཡང་ཨིན། འདི་ཡང་པད་གླིང་གི་གདུང་ལས་ཆེད་པའི་ ཡུམ་སེངྒེ་སྒྲོལ་མ་ལས་ སྲས་ཆེ་བ་འཇིགས་མེད་ཆོས་རྒྱལ་དང་ བར་པ་སྒང་སྟེང་སྤྲུལ་སྐུ་ སྲས་ཆུང་བ་རྟ་མགོ་སྤྲུལ་སྐུ་གསུམ་ འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་ལུ་ འཁྲུངས་འཁྲུངསམ་ཨིན་མས། འདི་གི་སྦེ་ འདི་བཟུམ་གྱི་ དགེ་བའི་བཤེས་གཉེན་ཚུ་ རྟ་ལོག་ལུ་འཁྲུངས་མི་འདི་གིས་ དགའ་བ་དང་རྗེས་སུ་ཡིད་རང་ཡོད་ཟེར་མས། 

 

Transcript search
No results found for this search
0 of 0
  • མཚམས་པ་བསམ་གཏན་ Tshampa Samten
    འཁྲུངས་ལ་ཡ་ཡ་འཁྲུངས་ལ་ཡ་ཡ། །
    Thrung la yaya, thrung la yaya
  • མཚམས་པ་བསམ་གཏན་ Tshampa Samten
    དགོན་རྟ་ལོག་དཔལ་གྱི་དགོན་པ་ལུ། །འཁྲུངས་ལ་ཡ་ཡ་འཁྲུངས་ལ་ཡ་ཡ། །
    At the glorious holy place of Talo. Thrung la yaya, thrung la yaya.
  • མཚམས་པ་བསམ་གཏན་ Tshampa Samten
    ཞབས་དྲུང་ཡོད་ཚད་རྣམས་ཀྱི་གདན་ས་ཨིན། །འཁྲུངས་ལ་ཡ་ཡ་འཁྲུངས་ལ་ཡ་ཡ། །
    It is a residence of all the Zhabdrung. Thrung la yaya, Thrung la yaya.
  • མཚམས་པ་བསམ་གཏན་ Tshampa Samten
    གདན་ས་འདི་ལ་ཕྱག་འཚལ་ལོ། །འཁྲུངས་ལ་ཡ་ཡ་འཁྲུངས་ལ་ཡ་ཡ། །
    prostrate to this residence, Thrung la yaya, thrung la yaya.
  • མཚམས་པ་བསམ་གཏན་ Tshampa Samten
    གཡུས་འདི་ཉམས་དགའ་བ་རྟ་ལོག་གཡུས། །འཁྲུངས་ལ་ཡ་ཡ་འཁྲུངས་ལ་ཡ་ཡ། །
    The pleasing village of Talo. Thrung la yaya
  • མཚམས་པ་བསམ་གཏན་ Tshampa Samten
    ང་ཆགས་ཐུགས་མཉེས་པ་གསང་གླིང་རྫོང་། །འཁྲུངས་ལ་ཡ་ཡ་འཁྲུངས་ལ་ཡ་ཡ། །
    I lied and the happiness of the Saling Dzong. Thrung la yaya, thrung la yaya.
  • མཚམས་པ་བསམ་གཏན་ Tshampa Samten
    རྒྱུད་གདུང་རྒྱུད་འཛིན་པ་པད་གླིང་གདུང་། །འཁྲུངས་ལ་ཡ་ཡ་འཁྲུངས་ལ་ཡ་ཡ། །
    The lineage assuming the lineage of the Peling. Thrung la yaya, thrung la yaya.
  • མཚམས་པ་བསམ་གཏན་ Tshampa Samten
    ཡུམ་སེང་གེ་སྒྲོལ་མས་འཁྲུངས་བཞག་ནུག །འཁྲུངས་ལ་ཡ་ཡ་འཁྲུངས་ལ་ཡ་ཡ། །
    And given birth by the mother Singay Dema. Thrung la yaya, thrungla yaya.
  • མཚམས་པ་བསམ་གཏན་
    ཡུམ་སེང་གེ་སྒྲོལ་མར་སྲས་གསུམ་འཁྲུངས། །འཁྲུངས་ལ་ཡ་ཡ་འཁྲུངས་ལ་ཡ་ཡ། །
  • མཚམས་པ་བསམ་གཏན་ Tshampa Samten
    སྲས་ཆེ་བ་འཇིགས་མེད་ཆོས་རྒྱལ་འཁྲུངས། །འཁྲུངས་ལ་ཡ་ཡ་འཁྲུངས་ལ་ཡ་ཡ། །
    born a great son Jigme the Dharma king. Thrung la yaya, Thrung la yaya.
  • མཚམས་པ་བསམ་གཏན་ Tshampa Samten
    སྲས་ཆུང་བ་གངས་སྟོད་སྤྲུལ་སྐུ་འཁྲུངས། །འཁྲུངས་ལ་ཡ་ཡ་འཁྲུངས་ལ་ཡ་ཡ། །
    and born a small Gangtay trelku. Thrung la yaya, thrung la yaya.
  • མཚམས་པ་བསམ་གཏན་ Tshampa Samten
    སྲས་བར་མ་རྟ་མགོ་སྤྲུལ་སྐུ་འཁྲུངས། །འཁྲུངས་ལ་ཡ་ཡ་འཁྲུངས་ལ་ཡ་ཡ། །
    and born middle son Tago trelku. Thrung la yaya, thrung la yaya.
  • མཚམས་པ་བསམ་གཏན་ Tshampa Samten
    བླམ་འདི་ཚུ་འཁྲུངས་པའི་ཡུམ་ཆེན་མ། །འཁྲུངས་ལ་ཡ་ཡ་འཁྲུངས་ལ་ཡ་ཡ། །
    The mother who gave birth to those abbot. Thrung la yaya, thrung la yaya.
  • མཚམས་པ་བསམ་གཏན་ Tshampa Samten
    དུས་ད་ལྟོ་བཞུགས་ཏེ་དགའ་བས་སྨོ། །འཁྲུངས་ལ་ཡ་ཡ་འཁྲུངས་ལ་ཡ་ཡ།། །།
    pleased to have you still alive. Thrung la yaya, thrung la yaya.