Skip to main content Skip to search
21 Jun 2018
6 min 29 sec
Video Overview
Creators: 
Duptho, Sonam Chophel

Lungten Dema from Yangtse, Trashiyangtse sings “Thri Nyampa Mepa,” (An Unequalled Throne), a Zhungdra song. This song is one of the most popular songs that is performed throughout Bhutan. In fact, the melody of Bhutan’s national anthem was based on this folk song of Thri Nyampa Mepa. 

 

བཀྲིས་གཡང་རྩིས་ལས་ཨིན་མི་ ལུང་རྟེན་སྒྲོལ་མ་གྱིས་ བོད་སྒྲའི་གླུ་གཞས་ལ་ཞུགས་པའི་བདེ་སྐྱིད་་ཟེར་མི་འདི་ འཐེན་འདི་ཡོདཔ་ཨིན་མས། གླུ་གཞས་འདི་གིས་ བདེ་སྐྱིད་སྐོར་ལས་ བཤད་དོ་ཡོདཔ་ཨིན་མས། ཚིག་བཅད་འདི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཕྱོགས་ག་སྟེ་ལུ་བལྟ་འདི་ འབད་རུང་ར་  ས་ཆ་དགའ་བའི་གུ་ སེམས་ཅན་འདི་ཚུ་ ཁྱམས་སྡོད་ས་མཐོངམ་མས་ཟེར་ ཨིན་མས། གླུ་གཞས་འདི་ དང་ཕུ་ ཕ་མའི་སྐབས་ལས་རང་ འཐེན་སྲོལ་ཡོདཔ་ཨིན་མས། གླུ་གཞས་འདི་ སྒྲ་བཟུང་འབད་འདི་མེདཔ་ཨིན་མས། ད་རེས་ནང་པ་ ན་གཞོན་འདི་ཚུ་  ཕམ་རྒས་ཤོས་ཚུ་ལས་ ཧེ་མའི་ གླུ་གཞས་ ལྷབ་ནའི་ སྤྲོ་བ་མེད་དོ་ཡོདཔ་ཨིན་མས། འདི་ཡང་ན་གཞོན་མངས་ཆེ་བ་རང་ ཕྱི་རྒྱལ་ཁབ་ཀྱིས་ ལམ་སྲོལ་ལུ་ སྤྲོ་བ་སྐྱེད་དོ་ཡོདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • ལུང་བསྟན་སྒྲོལ་མ་ Lungten Dema
    ལགས་ཞུས་(ཞེས་)པའི་བདེ་སྐྱིད་ལ། །ཡར་གྱི་དགུང་སྟོད་མཐོན་པོའི་གི་ཕྱོགས་ལ། །གཅིག་གཉིས་སེམས་པ་ཤོར་དང་ལ། །དགུང་དང་ལ་ཁྲི་གདུགས་ཉི་མ་འགྱུར་བ་མ་གནང་། །གཞོན་པ་རང་སེམས་མནོ་བའི། །གསུང་ལེགས་གསུང་ལེགས་རུ། །གཞོན་པ་རང་སེམས་མནོ་བའི། །གསུང་ལེགས་གསུང་ལེགས་རུ། །
  • ལུང་བསྟན་སྒྲོལ་མ་ Lungten Dema
    ལགས་ཞུས་(ཞེས་)པའི་བདེ་སྐྱིད་ལ། །ཡར་གྱི་གངས་སྟོད་མཐོན་པོའི་གི་ཕྱོགས་ལ། །གཅིག་གཉིས་སེམས་པ་ཤོར་དང་ལ། །དགུང་དང་ལ་ཁྲི་གདུགས་ཉི་མ་(གངས་དང་ལ་སེང་ཆེན་དཀར་མོ་) འགྱུར་བ་མ་གནང་། །གཞོན་པ་རང་སེམས་མནོ་བའི། །གསུང་ལེགས་གསུང་ལེགས་རུ། །གཞོན་པ་རང་སེམས་མནོ་བའི། །གསུང་ལེགས་གསུང་ལེགས་རུ། །
  • ལུང་བསྟན་སྒྲོལ་མ་ Lungten Dema
    ལགས་ཞུས་(ཞེས་)པའི་བདེ་སྐྱིད་ལ། །ཕར་གྱི་སྤང་ཤོག་བདེ་མོའི་གི་ཕྱོགས་ལ། །གཅིག་གཉིས་སེམས་པ་ཤོར་དང་ལ། །སྤང་དང་ལ་ཤ་རྒས་རྭ་བཅུ་འགྱུར་བ་མ་གནང་། །གཞོན་པ་རང་སེམས་མནོ་བའི། །གསུང་ལེགས་གསུང་ལེགས་རུ། །གཞོན་པ་རང་སེམས་མནོ་བའི། །གསུང་ལེགས་གསུང་ལེགས་རུ། །
  • ལུང་བསྟན་སྒྲོལ་མ་ Lungten Dema
    ལགས་ཞུས་(ཞེས་)པའི་བདེ་སྐྱིད་ལ། །མར་གྱི་མཚོ་སྟོད་མཐོན་པོའི་གི་ཕྱོགས་ལ། །གཅིག་གཉིས་སེམས་པ་ཤོར་དང་ལ། །མཚོ་དང་ལ་གསེར་མིག་ཉ་མོ་འགྱུར་བ་མ་གནང་། །གཞོན་པ་རང་སེམས་མནོ་བའི། །གསུང་ལེགས་གསུང་ལེགས་རུ། །གཞོན་པ་རང་སེམས་མནོ་བའི། །གསུང་ལེགས་གསུང་ལེགས་རུ། །
  • ལུང་བསྟན་སྒྲོལ་མ་ Lungten Dema
    ལགས་ཞུས་(ཞེས་)པའི་བདེ་སྐྱིད་ལ། །མར་གྱི་གཡུས་སྟོད་མཐོན་པོའི་གི་ཕྱོགས་ལ། །གཅིག་གཉིས་སེམས་པ་ཤོར་དང་ལ། །གཡུས་དང་ལ་དྲིན་ཅན་ཕ་མ་འགྱུར་བ་མ་གནང་། །གཞོན་པ་རང་སེམས་མནོ་བའི། །གསུང་ལེགས་གསུང་ལེགས་རུ། །གཞོན་པ་རང་སེམས་མནོ་བའི། །གསུང་ལེགས་གསུང་ལེགས་རུ། །ལགས་སོ།། །།