Skip to main content Skip to search
28 Jun 2018
7 min 53 sec
Video Overview
Creators: 
Penchela, Yeshi Wangchuk

A group of veteran Talo women perform the Kongpo Jala Rigi Phar Jabna at the Royal Academy Performing Arts hall in Thimphu. This zhungdra song is very sentimental with long, soothing melodies. These women have to be capable of singing very long lines without drawing a breath. This song describes the Kongpo Jala Mountain, a sacred mountain in Tibet. The song was sung during the Talo Sangnga Choeling three days annual tshechu.

 

སྟག་ལོག་ལས་ ཉམས་མྱོང་ཅན་གྱི་ཨམ་སྲུ་སྡེ་ཚན་གཅིག་གི་ གཞུང་སྒྲའི་གླུ་གཞས་ ཀོང་པོ་རྒྱ་ལ་རི་གི་ཕར་རྒྱབ་ན་ཟེར་མི་འདི་ ཐིམ་ཕུ་ རྒྱལ་གཞུང་འཆམ་དང་ཟློད་གར་གྱི་སྤྱི་དོན་ཁང་ནང་ལུ་འཁྲབ་ནི་འདུག གླུ་གཞས་འདི་ ཚོར་བ་བཙུགས་ཏེ་ གདངས་དབྱངས་རིངམ་སྦེ་ གཞི་འཇམ་པའི་སྒོ་ལས་འཐེན་ཏེ་ཡོདཔ་ཨིན། གླུ་གཞས་འཐེན་མི་ཨམ་སྲུ་ཚུ་ལུ་ གདངས་དབྱངས་རིངམ་སྦེ་ བུང་མ་ཆད་བར་འཐེན་ནིའི་ལྕོགས་གྲུབ་དགོཔ་ཨིན། གླུ་གཞས་འདི་གི་ བོད་ལུ་ཡོད་པའི་ རི་རྩ་ཅན་ ཀོང་པོ་རྒྱ་ལ་གི་རིའི་སྐོར་ལས་བཤད་པ་རྐྱབ་ཨིན།  གླུ་གཞས་འདི་ སྟག་ལོག་ སངས་ངག་ཆོས་གླིང་གི་ཚེས་བཅུ་ ཉིནམ་གསུམ་གྱི་རིང་ལུ་བརྩི་སྲུང་འབད་བའི་སྐབས་འཐེནམ་ཨིན་མས།  

 

Transcript search
No results found for this search
0 of 0
  • ལྷ་མོ་དང་ཆ་རོགས་ཚུ་ Lhamo & Friends
    ཀོང་པོ་རྒྱ་ནག་རི་གི་ཕར་རྒྱབ་ན། །རྒྱ་ནག་འཚོ་མི་ཀུན་གྱི་འཚོ་ཞིང་ན། །རྒྱ་ནག་འཚོ་མི་ཀུན་གྱི་འཚོ་ཞིང་ན། །
  • ལྷ་མོ་དང་ཆ་རོགས་ཚུ་
    ཁོང་ཀྲོ་ང་ནི་ཕར་ཡང་ཡར་ལ་ཡོད་པ་ཟེར། །ཁོང་ཀྲོ་ང་ནི་གཅིག་ཡང་ཡར་ལ་ཁང་བྱའི་ཟེར། །ཁོང་ཀྲོ་ང་ནི་གཅིག་ཡང་ཡར་ལ་ཁང་འདྲའི་ཟེར། །
  • ལྷ་མོ་དང་ཆ་རོགས་ཚུ་
    ཁོང་ཀྲོ་ང་ནི་དབུ་ཞྭ་ཡ་ལ་པད་ཞྭ་ཡོད། །དབུ་ཞྭ་པད་ཞྭ་ཡ་ལ་གསེར་ཞྭ་ཡོད། །དབུ་ཞྭ་གསེར་ཞྭ་ཡ་ལ་སྤ་ཀྲུ་ཡོད། །
  • ལྷ་མོ་དང་ཆ་རོགས་ཚུ་
    ཁོང་ཀྲོ་ང་ནི་ན་བཟའ་ཡ་ལ་དཀར་རྐྱང་ཡོད། །ན་བཟའ་དཀར་རྐྱང་ཡ་ལ་ཕུ་ཀྲུ་ཡོད། །ན་བཟའ་དཀར་རྐྱང་ཡ་ལ་ཕུ་ཀྲུ་ཡོད། །
  • ལྷ་མོ་དང་ཆ་རོགས་ཚུ་
    ཁོང་ཀྲོ་ང་ནི་མུ་ཏིག་ཡ་ལ་སོར་དང་ཡོད། །མུ་ཏིག་སོར་ན་ཡ་ལ་སོར་ནི་ཡོད། །མུ་ཏིག་སོར་ན་ཡ་ལ་སོར་ནི་ཡོད། །
  • ལྷ་མོ་དང་ཆ་རོགས་ཚུ་
    ཁོང་ཀྲོ་ང་ནི་བོད་ཀྱི་ཡ་ལ་མ་བུ་ཡོད། །བོད་ཀྱི་མ་བུ་ཡ་ལ་བལྟ་ལི་ཡོད། །བོད་ཀྱི་མ་བུ་ཡ་ལ་བལྟ་ལི་ཡོད། །
  • ལྷ་མོ་དང་ཆ་རོགས་ཚུ་
    ཁུམ་པོ་རྒྱ་ནག་རི་གི་ཕར་རྒྱབ་ནང་། །རྒྱ་ནག་འཚོ་མི་ཀུན་གྱི་འཚོ་ཞིང་ནང་། །རྒྱ་ནག་འཚོ་མིའི་རིགས་ཀྱི་འཚོ་ཞིང་ནང་། །
  • ལྷ་མོ་དང་ཆ་རོགས་ཚུ་
    ཨོ་ལོ་བདག་བུ་ཅན་གྱི་གཡོག་པ་མེད། །ཕ་མ་འབྱོར་པ་ཅན་གྱི་བུ་བརྒྱུད་ཨིན། །ཕ་མ་འབྱོར་པ་ཅན་གྱི་བུ་བརྒྱུད་ཨིན། །
  • ལྷ་མོ་དང་ཆ་རོགས་ཚུ་
    བླ་མ་ཁ་བརྒྱུད་མ་བརྒྱུད་བུ་བརྒྱུད་མེད། །སྐྱབས་གནས་རྒྱལ་བ་ཡབ་སྲས་ཕུ་བརྒྱུད་ཨིན། །སྐྱབས་གནས་རྒྱལ་བ་ཡབ་སྲས་ཕུ་བརྒྱུད་ཨིན། །
  • ལྷ་མོ་དང་ཆ་རོགས་ཚུ་
    བུ་ཡི་བུ་སངས་བཞུགས་པའི་ཁོང་ཀྲུ་ང་། །ཤི་ཡང་བླ་མ་བཟང་པའི་བླ་མ་མཁྱེན། །ཤི་ཡང་བླ་མ་བཟང་པའི་བླ་མ་མཁྱེན། །
  • ལྷ་མོ་དང་ཆ་རོགས་ཚུ་
    མ་ཤི་ཁོང་ཀྲུ་ལ་རི་ཕར་རྒྱབ་རྒྱ། །ཤི་ན་བླ་མ་བཟང་མོ་ཕུལ་རྒྱུ་ཨིན། །ཤི་ན་བླ་མ་བཟང་མོ་ཕུལ་རྒྱུ་ཨིན། །