Skip to main content Skip to search
07 Feb 2017
3 min 51 sec
Video Overview
Creators: 
Sherig Dentshog

ས་རྒྱ་ནག་ནོར་བུ་རི་གི་ཕར་རྒྱབ་ནང་ཟེར་མི་ བོད་སྒྲའི་གླུ་གཞས་རྙིངམ་འདི་  ཀུན་བཟང་དབྱངས་སྒྲོན་གྱིས་འཐེནམ་ཨིནམ་ད་ མོ་པདྨ་དགའ་ཚལ་རྫོང་ཁག་ ཤུ་མར་རྒེད་འོག་ལས་ཨིན། གླུ་གཞས་འདི་ནང་ ནང་པའི་བླ་ཆེན་ལེ་ཤ་ཅིག་ བཞུགས་སའི་གཙུག་ཁག་དང་ དཔོན་ཚུ་བཞུགས་སའི་རྫོང་ཆེན་ཚུ་ བཞེངས་ཡོད་སའི་ གནས་ཆེན་རྒྱ་ནག་གི་སྐོར་ལས་ བཤད་པ་རྐྱབ་ཨིན་པས། འདི་འབདཝ་ལས་ བླ་ཆེན་དང་ དཔོན་འདི་ཚུ་གི་ ཡེ་ཤེས་ཀྱི་བློ་གྲོས་ལུ་བརྟེན་ མི་འདི་ཚུ་ ཆོས་དང་ལྡན་པ་ རྒྱུ་ནོར་ལོངས་སྤྱོད་ཀྱི་ཕྱུག་སྟེ་ ས་གནས་འདི་ཁར་ དགའ་སྐྱིད་དང་ ཞི་བདེ་ཚུ་བྱུང་སྟེ་འདུག་ཟེར་མས། 

Transcript search
No results found for this search
0 of 0
  • སྐལ་བཟང་དབྱངས་སྒྲོན་ Kelzang Yangdon
    ས་རྒྱ་ནག་ནོར་བུ་རི་ཀྱི་(རི་ཡི་)ལ་ནི་ཕར་རྒྱབ་ན་ལ། །ཨོ་ལོ་ནོར་བུ་རི་ཀྱི་(རི་ཡི་)ལ་ནི་ཚུར་རྒྱབ་ན། །
    Behind the jewel mountain of China Behind the jewel mountain of the confluence of two rivers
  • སྐལ་བཟང་དབྱངས་སྒྲོན་ Kelzang Yangdon
    བཞེངས་པ་རྣམས་སུ་དགོན་བཟང་ལ་ནི་ཁྲ་མོ་བཞེངས་ལ། །བཞུགས་པ་རྣམས་སུ་མཚན་ལྡན་ལ་ནི་བླ་མ་བཞུགས། །
    Built the three kinds of beautiful auspicious monasteries Resided a three kinds of a holy lamas.
  • སྐལ་བཟང་དབྱངས་སྒྲོན་ Kelzang Yangdon
    ས་རྒྱ་ནག་ནོར་བུ་རི་ཀྱི་(རི་ཡི་)ལ་ནི་ཕར་རྒྱབ་ན་ལ། །ཨོ་ལོ་ནོར་བུ་རི་ཀྱི་(རི་ཡི་)ལ་ནི་ཚུར་རྒྱབ་ན། །
    Behind the jewel mountain of China Behind the jewel mountain of the confluence of two rivers
  • སྐལ་བཟང་དབྱངས་སྒྲོན་ Kelzang Yangdon
    བཞེངས་པ་རྣམས་སུ་རྫོང་ཆེན་ལ་ནི་ཁྲ་མོ་བཞེངས་ལ། །བཞུགས་པ་རྣམས་སུ་དབང་ཆེན་ལ་ནི་དཔོན་པོ་བཞུགས། །
    Built a three kinds of great beautiful dzongs Resided a three types of powerful kings
  • སྐལ་བཟང་དབྱངས་སྒྲོན་ Kelzang Yangdon
    དབང་ཆེན་དཔོན་པོའི་ཐུགས་རིག་ལ་ནི་དགོངས་པ་གནང་ལ། །ཟས་ནོར་ལོངས་སྤྱོད་བསྟན་པ་ལ་ནི་དར་སེ་དར། །
    Permitted the wisdom of the powerful kings, and Spreaded the food, wealth and the doctrines of buddha
  • སྐལ་བཟང་དབྱངས་སྒྲོན་ Kelzang Yangdon
    བཞེངས་པ་རྣམས་སུ་ཡུལ་བཟང་ལ་ནི་ཁྲ་མོ་བཞེངས་ལ། །བཞུགས་པ་རྣམས་སུ་ཞབས་ཞུམ་(ཡབ་ཡུམ་)ལ་ནི་གཉིས་ཀུ་བཞུགས། །
    Built a three kinds of beautiful province, and Resided a three kinds of parents
  • སྐལ་བཟང་དབྱངས་སྒྲོན་ Kelzang Yangdon
    ཞབས་ཞུམ་(ཡབ་ཡུམ་)གཉིས་ཀྱི་ཐུགས་རིག་ལ་ནི་དགོངས་པ་གནང་ལ། །བུ་དང་བུ་མོའི་བསྟན་པ་ལ་ནི་དར་སེ་དར།། །།
    Permitted the wisdom of the father and mother, and Spreaded a system of sons and daughters.