17 Aug 2018
3 min 29 sec
Video Overview
Creators:
Dudul Dorjee, Tibetan & Himalayan Library
འདི་ནི་བླ་མ་ཞིག་གིས་ཆུ་མིག་ཅིག་གི་ཁ་རུ་ཤི་གཤེད་དུ་གྱུར་བའི་རྔོན་པ་ཞིག་དང་འབྲོང་ཞིག་གི་ཞེ་འཁོན་བསྡུམ་པའི་གཏམ་རྒྱུད་ཅིག་ཡིན།
གཏམ་རྒྱུད་འདིའི་ནང་དུ་ཞབས་གཡོག་པ་ཞིག་བླ་མ་དང་འགྲོགས་ནས་ཕྱིར་ལོག་སྐབས། ལམ་ནས་ཆུ་མིག་གི་ཁ་རུ་ངལ་གསོས་པ་ན་བླ་མས་ས་དེ་རུ་སྔོན་རྔོན་པ་ཞིག་གིས་འབྲོང་གིས་གསོད་པར་བརྩམས་པར་འབྲོང་དང་རྔོན་པ་གཉིས་ཀས་ཕར་ཚུར་གཉིས་ཀ་བསད་ནས་ཤི་གཤེད་དུ་གྱུར་པས་་སྐྱེ་བ་ནས་སྐྱེ་བར་གསོད་རེས་བྱས་བསྡད་པ་མཐོང་སྟེ་བླ་མས་དེ་གཉིས་ལ་བར་འདུམ་བྱས་ཡོད།
这则故事讲述了一位活佛在一潭泉水洞口化解投胎为死敌的猎人和野牦牛之间的仇恨。
这则故事主要讲述了一位侍从和一位活佛回来时在一潭泉水口停下休息。活佛得知曾经在这个泉口,一个猎人试图射杀一头野牛时,野牛也开始反抗,最后它们都被对方杀死了。后来,它们投胎成为死敌且生生世世都在相互残杀。最终,活佛在那处泉口化解了他们之间的恩怨。
The story of a lama who resolved the hatred between a hunter and a wild yak while resting at a spring.
- བཀྲ་ཤིས་ཕུན་ཚོགས།གནའ་ཞིག་ལ།
- སྨད་འདི་ནས་བླ་མ་ཞིག་དང་མི་སྐྱ་ཞིག
- ཡར་སྟོད་ཞིག་ལ་སོང་ནས།
- ཕྱིར་འཁོར་ནས་ཕེབས་ནས་ཡོང་དུས།
- ཐང་སྐྱ་ཞིག་ནས་གཉིས་ཀས།
- མར་ཡོང་དུས་ཐང་སྐྱ་ཞིག་ན་རི་ཆུང་ཞིག་ཡོད།
- རི་ཆུང་དེའི་འདབས་ན་ན་འདམ་ཞིག་ཡོད།
- ན་འདམ་དེའི་མགོ་ན་ཆུ་མགོ་ཞིག་ཡོད།
- གཉིས་ཀས་ཆུ་མགོ་དེའི་འགོ་ནས་ཇ་བསྐོལ།
- ཇ་ཁོལ་དུས་བླ་མ་དེ་ཚང་གིས་ཐུགས་བསམ་བཏང་ནས་བསྡད་ཡོད།
- མི་སྐྱ་དེའི་ཇ་ཞིག་དྲངས་ནས།
- བླ་མ་ཚང་གིས་བཞེས་ནས།
- དེ་ནས་ཇ་དྲངས་ནས།
- བླ་མ་དེ་ཚང་གིས་ཡུན་རིང་ཞིག་ལ་ཐུགས་བསམ་བཏང་ནས།
- བར་ཞིག་ལ་ཡ་་་ངེད་གཉིས་ཀྱིས་ད་རུང་ཇ་བཞེས་རྒྱུ་མ་རེད།
- ངེད་གཉིས་ཀྱིས་འདི་ན་ཕན་འདོགས་རྒྱུ་ཞིག་ཡོད་གི
- འདི་ལ་ཕན་ཨེ་ཐོགས་བལྟ་དང་།
- དེར་སྐྱོན་མེད་གི་ཟེར།
- དེ་ནས་ཁོང་ཚང་གིས་དེ་ལྟར་ཕྱིར་ཐུམ་ལ་ཞུགས་པ་རེད།
- ཐུམ་ན་ཞུགས་ནས་བསྡད།
- བསྡད་ནས་བར་ཞིག་ལ་ཡུན་རིང་འགོར་སོང་།
- ཡུན་རིང་ཞིག་འགོར་ནས་དེ་ལྟར་ཇ་ཞིག་བླུགས་ནས།
- ཕྱིར་འཁོར་ནས་ཇ་ཞིག་འཐུང་།
- ཨ་དཀོན་མཆོག་མཁྱེན།
- འཇིག་རྟེན་འདི་ནས་དཀའ་ནི་རེད།
- འཇིག་རྟེན་འདི་ནས་གནའ་དེང་མ་ཞིག་ལ།
- རི་ཆུང་དེའི་མགོ་ན་འབྲོང་རྒན་ཞིག་ཉལ་ཡོད།
- འབྲོང་རྒན་ཞིག་ཉལ་ནས་བསྡད་ཡོད་ལ།
- འབྲོང་རྒན་དེའི་གམ་ན།
- རྒད་པོ་ཞིག་གིས་མེ་མདའ་ཆག་པ་ཞིག་བཟུང་ནས།
- ཕ་རོལ་གྱེན་ལ་འཇབ་ནས་ཡོང་སྟེ།
- འབྲོང་རྒན་ལ་བརྒྱབ་པ་རེད།
- འབྲོང་རྒན་ལ་བརྒྱབ་ནས་འབྲོང་རྒན་རྨས་པ་རེད།
- རྨས་རྗེས་རྒྱུགས་ནས་སོང་སྟེ་རྒད་པོ་ལ་རྡུང་ནས།
- རྒད་པོ་ཟད་སེ་བཏང་པ་རེད།
- དེ་དུས་རྒད་པོས་འབྲོང་རྒན་ལ་ཚེབ་དེ་གཡུགས་ནས།
- མེ་མདའ་ཆག་པ་དེས་འབྲོང་རྒན་ལ་བརྒྱབ་ནས།
- འབྲོང་རྒན་བསད་པ་རེད།
- འབྲོང་རྒན་ཡང་བསད་ནས།
- རྒད་པོར་འབྲོང་གིས་བརྡུང་བས་རྒད་པོ་ཡང་བསད།
- དེ་ནས་འཇིག་རྟེན་འདི་ན།
- མི་ལོ་ཡུན་རིང་ཞིག་འགོར་སོང་།
- གཉིས་ཀས་གཉིས་ཀ་བསད་ནས་ས་ཐོག་འདི་ནས།
- མི་ལོ་ཡུན་རིང་ཞིག་ལ་ད་རུང་གཉིས་ཀས་གཉིས་ཀ།
- གཅིག་གིས་བསད་ནས་གཅིག་གིས་བསད་ནས།
- དེ་ལྟར་བསྡད་ཡོད་པ་འདི་གཉིས་ཁོས་སྐྱབས་ཨེ་ཐུབ་བལྟས་ནས།
- དེ་འདྲ་ཞིག་ཨེ་ཡོད་མི་ཡོད་འདོད་གི
- དེ་ལྟར་གསུངས་ནས་ཇ་ཞིག་འཐུང་ནས།
- གཉིས་ཀ་མར་བུད་ཡོང་།
- དེ་འདྲ་ཞིག་རེད།
- དེའི་ཕན་ཆད་ན་ཅི་ཡང་མེད་པ་རེད།