Skip to main content Skip to search
23 Aug 2018
6 min 45 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • ལྷམ་སེངྒེ ་ Lham Singye:ལྟས་ཁྱོད།ལྟས་ཁྱོད།
  • ་ Lham Singye ལྷམ་སེངྒེ
    ཤ་ནས་ཤར་བའི་ཁྲི་གདུགས་འདི་ཤར་བ་འདི་རིང་རང་དྲོ། ངེད་གཏམ་སྙན་གྱི་བཤད་པ་བཤད་ངེ་ཡོད།
  • ་ Lham Singye ལྷམ་སེངྒེ
    ཁྲི་འདིར་བཞུགས་དང་ཁྲོམ་འདིར་འཛོམས་རྣམས་ཚུར་གསན་དང་། ངེད་གཏམ་སྙན་གྱི་བཤད་པ་འདི་རིང་གསོན།
  • ་ Lham Singye ལྷམ་སེངྒེ
    ཤེས་དང་མི་ཤེས་སྐྱེས་བུལ་བློ་རིགས་ལ་ལྟོས། འཇམ་དང་མི་འཇམ་དར་ཇོ་དཀར་པོ་ལ་ལྟོས།
  • ་ Lham Singye ལྷམ་སེངྒེ
    ཆོས་དབྱངས་ཀྱི་ཐུགས་རྩེ་ལ་ལྟོས། དམག་དཔོན་གྱི་གཞོན་རྒས་ལ་ལྟོས།
  • ་ Lham Singye ལྷམ་སེངྒེ
    བླ་མའི་བྱིན་རླབས་ལ་ལྟོས། བོན་པོའི་རྔ་འཆང་ལ་ལྟོས།
  • ་ Lham Singye ལྷམ་སེངྒེ
    དཔོན་པོའི་སྐུ་བསོད་ལ་ལྟོས། གཞོན་པའི་དཔའ་རྩལ་ལ་ལྟོས།
  • ་ Lham Singye ལྷམ་སེངྒེ
    གཏམ་སྙན་གདོང་ལ་བཙུགས་ནས་ཡོད། གཏམ་སྙན་རྒྱབ་ཏུ་ཁུར་ནས་ཡོད།
  • ་ Lham Singye ལྷམ་སེངྒེ
    གཏམ་སྙན་གཡས་སུ་དཀྲིས་ནས་ཡོད། གཏམ་སྙན་གཡོན་དུ་འཁྱིལ་ནས་ཡོད།
  • ་ Lham Singye ལྷམ་སེངྒེ
    གཏམ་སྙན་ནམ་མཁའ་གང་ནས་ཡོད། གཏམ་སྙན་ས་གཞིར་ཁྱབ་ནས་ཡོད།
  • ་ Lham Singye ལྷམ་སེངྒེ
    གཏམ་སྙན་གདོང་ལ་བཙུགས་པ་འདི། སྟོད་མངའ་རིས་སྐོར་གསུམ་མན་ཆད་ནས།
  • ་ Lham Singye ལྷམ་སེངྒེ
    བོད་ཁམས་བསྟན་མ་བཅུ་གཉིས་རྣམས། འབྲུག་པའི་འོག་ཏུ་ཐུགས་དམ་གཟེར་རེ་རེ།
  • ་ Lham Singye ལྷམ་སེངྒེ
    གཏམ་སྙན་རྒྱབ་ཏུ་འཕྱར་བ་འདི། རྒྱ་ནག་བཀྲ་ཤིས་ཁྲི་གོང་ནས།
  • ་ Lham Singye ལྷམ་སེངྒེ
    ཁྲི་སྐོར་བཅུ་གསུམ་མཐའ་མ་ལ། འབྲུག་པའི་འོག་ཏུ་ཐུགས་དམ་གཟེར་རེ་རེ།
  • ་ Lham Singye ལྷམ་སེངྒེ
    གཏམ་སྙན་གཡས་སུ་དཀྲིས་པ་འདི། བལ་ཡུལ་ཁ་ཆེ་མན་ཆད་ནས།
  • ལྷམ་སངས་རྒྱས Lham Sangay
    དབུས་གཙང་རུ་བཞི་ཐམས་ཅད་ལ། འབྲུག་པའི་འོག་ཏུ་ཐགས་དམ་གཟེར་རེ་རེ།
  • ་ Lham Singye ལྷམ་སེངྒེ
    གཏམ་སྙན་གཡོན་དུ་དཀྲིས་པ་འདི། ཆུ་ཡུལ་རྒྱ་མཚོ་ཆེན་པོ་ནས།
  • ་ Lham Singye ལྷམ་སེངྒེ
    རྒྱ་ཨ་དཀར་གདུང་དཀར་ཡན་ཆད་རྣམས། འབྲུག་པའི་འོག་ཏུ་ཐུགས་དམ་གཟེར་རེ་རེ།
  • ་ Lham Singye ལྷམ་སེངྒེ
    གཏམ་སྙན་གནམ་མཁའ་གང་བ་འདི། བླམ་བཟང་པོའི་བྱིན་རླབས་དར་བ་གཟེར་རེ་རེ།
  • ་ Lham Singye ལྷམ་སེངྒེ
    གཏམ་སྙན་ས་གཞིར་ཁྱབ་པ་འདི། དཔོན་བཟང་པོའི་སྐུ་བསོད་དར་བ་གཟེར་རེ་རེ།
  • ་ Lham Singye ལྷམ་སེངྒེ
    ང་གཏམ་སྙན་གྱི་བཤད་པ་རྫོགས་ནི་མེད། འཚམས་ཚོད་འདི་ཁ་བཅད་བཞག་གེ།
  • ་ Lham Singye ལྷམ་སེངྒེ
    ལྟས་ཁྱོད།