06 Jan 2016
3 min 14 sec
Video Overview
Creators:
Tibetan & Himalayan Library
This is a video of Tsering Jyi from Yonru Village in Chentsa singing a song called "Begging for Some Gold in Central Tibet." This song is part of a collection of folk songs from the Rebgong cultural area.
འདི་ནི་ལས་དོན་འགྲུབ་སོང་བར་སྟོན་པའི་གླུ་ཞིག་ཡིན། ལས་གང་རུང་སྒྲུབ་དུས་བདེ་བླག་ངང་འགྲུབ་པར་སྟོན་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་གསེར་གྱིས་ཁྲི་རྡུང་ནས་འགྲུབ་ཡོད་པར་མ་ཟད་ད་ལྟ་བླ་མའི་བཞུགས་ཁྲི་ཡང་ཉན་ཡོད་པ་དང་ལྕགས་ཀྱི་མེ་མདའ་རྡུང་ཡོད་པར་མ་ཟད་ད་ལྟ་རང་གི་སྲོག་སྐྱོབ་བྱེད་ཀྱང་ཉན་ཡོད་པ། མཁར་རྡུང་ཡོད་པར་མ་ཟད་ད་ལྟ་ན་ཟླའི་རྩེད་ཁང་ཉན་ཡོད་པ་སོགས་བརྗོད་དེ་ལས་དོན་ཐམས་ཅད་དོན་སྨིན་ཡོང་ཡོད་པ་བརྗོད་དེ་ད་ལྟ་སྒྲུབ་རྒྱུའི་ལས་དོན་ཡང་དོན་སྨིན་ཡོང་རྒྱུར་རྟེན་འབྲེལ་སྒྲིག་ཡོད།
- Central Tibet
- ཡེ་་ཡ་རེ་ཡ་རེ་ཨ་གྲགས་སོ་ལོ་ལོ་ཡང་ཡ་རེ་ལེན་གོ།
- སྟོད་དབུས་གཙང་ཡུལ་ནས་༼ཨ་གྲགས་སོ་ལོ་ལོ་ཡང་༽གསེར་ཞིག་བསླང་།།
- གསེར་འགྱིང་རྡུང་བྱས་ནས༼ཨ་གྲགས་སོ་ལོ་ལོ་ཡང་༽ཁྲི་ཞིག་བཞེངས།།
- ཕ་བླ་མའི་བཞུགས་ཁྲི༼ཨ་གྲགས་སོ་ལོ་ལོ་ཡང་༽ཉན་གི་འདོད།།
- ཉན་ནས་མ་ཚད༼ཨ་གྲགས་སོ་ལོ་ལོ་ཡང་༽བཞུགས་ནས་ཡོད།།
- སྨད་རྒྱ་ནག་ཡུལ་ནས༼ཨ་གྲགས་སོ་ལོ་ལོ་ཡང་༽ལྕགས་ཞིག་བསླངས།།
- ལྕགས་འགྱིང་རྡུང་བྱས་ནས༼ཨ་གྲགས་སོ་ལོ་ལོ་ཡང་༽བོའུ་ཞིག་རྡུང་།།
- སྲོག་དམར་པོའི་སྐྱ་ཡ༼ཨ་གྲགས་སོ་ལོ་ལོ་ཡང་༽ཉན་མོ་འདོད།།
- ཉན་ནས་མི་ཚད༼ཨ་གྲགས་སོ་ལོ་ལོ་ཡང་༽འཕེན་གི་ཡོད།།
- ཡེ་་ཡ་རེ་ཡ་རེ་ཨ་གྲགས་སོ་ལོ་ལོ་ཡང་ཡ་རེ་ལེན་གོ།
- སྐུ་རྒྱལ་བོད་ནས༼ཨ་གྲགས་སོ་ལོ་ལོ་ཡང་༽ས་ཞིག་བསླང་།།
- ས་ལ་བལྟས་ནས༼ཨ་གྲགས་སོ་ལོ་ལོ་ཡང་༽ཐིག་ཞིག་བརྒྱབ།།
- ཐིག་ལ་བལྟས་ནས༼ཨ་གྲགས་སོ་ལོ་ལོ་ཡང་༽མཁར་ཞིག་རྡུང་།།
- ནང་ན་ཟླའི་རྩེད་ཁང༼ཨ་གྲགས་སོ་ལོ་ལོ་ཡང་༽ཉན་མོ་འདོད།།
- ཉན་ནས་མི་ཚད༼ཨ་གྲགས་སོ་ལོ་ལོ་ཡང་༽རྩེ་གི་ཡོད།།
- གླུ་ཤེས་ནི་མིན་ར༼ཨ་གྲགས་སོ་ལོ་ལོ་ཡང་༽དགའ་ནི་ཡིན།།