Skip to main content Skip to search
15 Dec 2011
1 min 22 sec
Rating
0
No votes yet
Video Overview
Creators: 
Unknown

Wangdü tells a story about being stung by a bee at a train station in China.

Show More

  • ཀ།
    ང་ནི་སྦང་༼སྦྲང་༽ནོར་བུ་ཟེར་དེ་འདྲས་སོ་ཞེ་དྲག་རྒྱག་གི་མེད་དང་ཡང་།
  • ཀ།
    སྦང་༼སྦྲང་༽ནོར་བུས་རྒྱ་ནག་མར་སོ་བརྒྱབ་ཡོང་ཡོད།
  • ཀ།
    ང་སྦང་༼སྦྲང་༽བུས་རྒྱག་གི་ཡོད་དུག་སྦང་༼སྦྲང་༽།དུག་སྦང་༼སྦྲང་༽རེད།རེད་པ།ད་ལྟ་སྦྲང་ནོར་བུ་མ་རེད་པ།
  • ཀ།
    མ་རེད།སྦྲང་ནོར་བུ་རེད།སྦྲང་ནོར་བུས་སོ་རྒྱག་གི་རེད།
  • ཀ།
    མིན།སོ་རྒྱག་གི་རེད་པ།སྦྲང་ནོར་བུས་ཞེ་དྲག་སྦྲང་ནོར་བུ་བསྔོག་ཀ་ཕྱིན་ན་མ་བཞིན་སོ་རྒྱག་གི་མ་རེད་པ།
  • ཀ།
    མ་རེད།སྦྲང་ནོར་བུ་གསོ་ཚགས་བྱེད་ས་དེ་ཚོའི་འཁྲིད་དེ་བར་ཕྱིན་ན།ཨོའོ་དེ་ཚོ།ཁོས་དྲི་མ་ཁྱད་མཚར་ཨེ་འདྲས་ཁ་བ་ཡིན་ན་ཁོ་ད་ག་རང་ལ་ཡ་རྗེས་འདེད་བཏང་བྱས་སོ་རྒྱག་གི་འདུག་ག་ང་སྔོན་མ་ཡ་གའི་རི་ལིའི་འབབ་ཚུགས་ཅིག་ལ་བརྒྱབ་ཡོང་ཡོད་འདིའི།པི་ཅིང་ནས་དེའི་འགྲོ་དུས།ཀྲན་ཀྲའུ་ཟེར་འདི་ལ་རི་ལིའི་འབབ་ཚུགས་དེའི་ཡ།དེ་ལམ་ཁ་དེ་སྦྲང་ནོར་བུ་གསོ་ཚགས་བྱེད་ཀྱི་འདུག་ག་སྒམ་ཀོ་རེ་བཞག་འདུག་ག་འབངས་བྱས་མར།
  • ཀ།
    ཨ་ནི་ཨ་ལའི་རྒན་ལགས་ཀྱིས་བསྔོགས་པ་ཡིན་པ་རེད་པ།
  • ཀ།
    མ་རེད།དེའི་འཁྲིད་དེའི་ནང་ལ་ཕྱིན་པ་ཡིན་པས་ནི་ཅིག་འདེད་བྱུང་།ངས་གསང་སྤྱོད་ནང་ལ་བོས་༼བྲོས་༽ཕྱིན་པ་ཡིན།གསང་སྤྱོད་ནང་འདེད་ནའི་དེས།བོས་༼བྲོས་༽ཕྱིན་ནའི་ལས་ཡོང་གིས།འདིའི་དཀྱིལ་འདིའི་སོ་བརྒྱབ་བྱས།ཧའི།ཚ་པོ་ཞེ་པོ་ཅིག་འདུག་སོ།ཀུན་མཆོག་ཚད་བཙུགས།རྦད་དེ་ཀླད་པའི་གདིང་མར་ཅི་དག་འགྲོ་གིས།
  • ཀ།
    དཔེ་ལགས།
  • ཀ།
    ན་ཚས།དེ་ནས་གང་ཙམ་ཅིག་ནས་ཁོ་བརྒྱབ་ཚར་པ་དང་འགྲོ་གི་འདུག་ག་ཨ་ནི་དེ་ནས་གང་ཙམ་འདུག་ཟེར་བྱས་པ་ཡིན་པས་ནས་དེའི་སྟར་ཁ་ཙམ་ཞིག་བསྐྲངས་བཞག
  • ཀ།
    ཨོའོ་ཙི།ཞེད་པ་ཝ་ཡི།
  • ཀ།
    ཨོང་བྱས།རྒྱག་གི་འདུག་ག་འདིས།ང་བརྒྱབ་མྱོང་ཡོད།