Skip to main content Skip to search
06 Jan 2016
3 min 1 sec
Video Overview
Creators: 
Tibetan & Himalayan Library

This is a video of Tashi Tsomo from Yak Village in Chentsa singing a song called "Beautiful Rocky Mountain." This song is part of a collection of folk songs from the Rebgong cultural area.

འདི་ནི་བསྟོད་གླུ་ཞིག་ཡིན།  བདེ་སྐྱིད་ཀྱི་འཚོ་བར་བསྟོད་པའི་གླུ་ཞིག་ཡིན།

གླུ་འདིའི་ནང་དོན་གཙོ་བོ་ནི་ཝའི་གྲལ་ཁ་རླུང་གིས་བསྐྱོད་ན་ཇེ་ཡག་ཡིན་པ་དང་ལུག་ཆུང་གིས་རྩྭ་རྩི་ཏོག་ཟས་ན་ཚ་རུ་ཇེ་ཡག་ཡིན་པ།  སྐྱིད་པའི་ཁྲོམ་ཚོགས་ལ་གླུ་ཁ་མཚར་འཛོམས་ན་ཇེ་སྐྱིད་ཡིན་བརྗོད་པའི་གླུ་ཞིག་ཡིན།

Transcript search
No results found for this search
0 of 0
  • ༼ཡེ་་་ལོངས་ལ་རེ་ལེན་་་གླུ་ཞིག་ལེན་དགོ་་་་ལོངས་ལ་རེ་ལེན༽
  • ཡག་ག་ཡག་ག༼ལོངས་ལ་རེ་ལེན༽རྫ་ལུང་ཡག།༼ལོངས་ལ་རེ་ལེན༽
  • རྫ་ལུང་ཝ་མོ༼ལོངས་ལ་རེ་ལེན༽གྲལ་ཁ་ཡག།༼ལོངས་ལ་རེ་ལེན༽
  • ཝ་རླུང་གིས་བསྐྱོད་ན༼ལོངས་ལ་རེ་ལེན༽ཇེ་ཡག་རེད།།༼ལོངས་ལ་རེ་ལེན༽
  • ཡག་ག་ཡག་ག༼ལོངས་ལ་རེ་ལེན༽སྤང་ལུང་ཡག།༼ལོངས་ལ་རེ་ལེན༽
  • སྤང་ལུང་ལུག་ཆུང༼ལོངས་ལ་རེ་ལེན༽ཚ་རུ་ཡག།༼ལོངས་ལ་རེ་ལེན༽
  • རྩྭ་རྩི་ཏོག་ཟས་ན༼ལོངས་ལ་རེ་ལེན༽ཇེ་ཡག་རེད།།༼ལོངས་ལ་རེ་ལེན༽
  • ཡག་ག་ཡག་ག༼ལོངས་ལ་རེ་ལེན༽དེ་རིང་ཡག།༼ལོངས་ལ་རེ་ལེན༽
  • དེ་རིང་འདིར་ཚོགས༼ལོངས་ལ་རེ་ལེན༽ཁྲོམ་པ་ཡག།༼ལོངས་ལ་རེ་ལེན༽
  • གླུ་ཁ་མཚར་ལངས་ན༼ལོངས་ལ་རེ་ལེན༽ཇེ་ཡག་རེད།།༼ལོངས་ལ་རེ་ལེན༽
  • གླུ་ཤེས་ན་ིམིན་ར༼ལོངས་ལ་རེ་ལེན༽དགོད་ཁ་སློང་།།༼ལོངས་ལ་རེ་ལེན༽