09 Nov 2017
2 min 30 sec
Video Overview
Creators:
Kalwangjyid
བྱ་ཁུ་བྱུག་གི་གསུང་སྐད་སིང་སེ་སྒྲོག་པ་དང་ནང་ན་ཟླ་ཚང་མས་ཀྱང་གླུ་དང་གར་ལ་རོལ་བའི་དགའ་བ་དང་བདེ་སྐྱིད་དེ་མཚོན་ཡོད།
This tserig celebrates the beauty of the cuckoo's distinctive call, and the happiness that results from friends singing together.
这首“则柔”表现了亲人欢聚一堂美好场景。
བྱ་ཁུ་བྱུག་གི་གསུང་སྐད་སིང་སེ་སྒྲོག་པ་དང་ནང་ན་ཟླ་ཚང་མས་ཀྱང་གླུ་དང་གར་ལ་རོལ་བའི་དགའ་བ་དང་བདེ་སྐྱིད་དེ་མཚོན་ཡོད། ཁུ་བྱུག་གིས་གསུང་སྐད་མགོ་མ་སྒྲོག་དུས་དབྱར་ཚེས་པའི་རྟགས་ཡིན་ལ། དབྱར་ཚེས་ན་མི་རྣམས་ལ་ངང་ངམ་ཤུགས་ཀྱིས་དགའ་བ་སྟེར། ད་དུང་ཁུ་བྱུག་གི་གསུང་སྐད་ནི་སྙན་མོ་ཡིན་ལ་གླུ་སོགས་སྙན་པའི་མཚོན་རྟགས་ཀྱང་ཡིན། རྩེད་རིག་འདིའི་དབྱངས་རྟ་འདི་རྒྱུན་ལྡན་གྱིས་སྐྱེས་པ་རྣམས་ཀྱིས་ལེན།
百灵鸟的叫声在藏区视为吉祥的象征,百灵鸟叫喻示着夏天的到来。夏天能使人们心情愉悦,歌中赞美百灵鸟的叫声动听,更是赞美歌声的悦耳之美。这种形式的“则柔”一般由男士进行演唱。
- ཨ་རྩེད།
- དགུང་སྔོན་པོ་ཡག་གི་གུར་ཁང་ན།
- ཆར་བསིལ་མ་ཆར་རྐང་ས་ལ་ལ།
- ༼གདའ་མ་ལ་ལྡན་ཡ་བདེ་མོ་ལ་ཐང་།༽
- ༼ཐང་གསུམ་ཆ་འགྲིག་མ་རྩེད་ཡ།༽
- ༼སྤུན་འགྲིག་ལ་རྩེད་ཡ་སྤུན་འགྲིག་ལ་ཉོན།༽
- ཨ་རྩེད།
- ཤིང་ཏ་ལའི་ཡག་གི་སྡོང་མགོ་ན།
- བྱ་ཁུ་བྱུག་གསུང་སྐད་སིང་སེ་སིང་།
- ༼གདའ་མ་ལ་ལྡན་ཡ་བདེ་མོ་ལ་ཐང་།༽
- ༼ཐང་གསུམ་ཆ་འགྲིག་མ་རྩེད་ཡ།༽
- ༼སྤུན་འགྲིག་ལ་རྩེད་ཡ་སྤུན་འགྲིག་ལ་ཉོན།༽
- ཨ་རྩེད།
- ཕྱི་ཁྲོམ་པ་ཡག་གི་གྲལ་མགོ་ན།
- ནང་ན་ཟླ་རྩེ་བའི་རྒྱན་ཆ་རེད།
- ༼གདའ་མ་ལ་ལྡན་ཡ་བདེ་མོ་ལ་ཐང་།༽
- ༼སྤུན་འགྲིག་ལ་རྩེད་ཡ་སྤུན་འགྲིག་ལ་ཉོན།༽