Video Overview
This is a video of Tsethar Bum from Yonru Village in Chentsa singing a song called "Be Kind to Both Your Son and His Wife." This song is part of a series of folk songs from the Rebgong cultural area.
- ༼ ཡེ་་་་དུང་ལོ་ལོ་ཡ་རེ་ལེན་དགོ ཞང་ཡ་རེ་འཇོག་ལ་གླུ་ཞིག་ལེན་དགོ། ༽
- སྒ་ལྷུ་བཞི་སྤྲོད་པའི༼དུང་ལོ་ལོ་༽ཤིང་བཟོ་ཚོ། །
- སྒ་ཁོག་ཡངས་མོ༼དུང་ལོ་ལོ་༽ཡངས་མོ་བྱོས། །
- སྒའི་ཚད་སྣ་འཇམ་པོ༼དུང་ལོ་ལོ་༽འཇམ་པོ་བྱོས། །
- སྒ་བསྟོད་སའི་རྟ་བོ༼དུང་ལོ་ལོ་༽བདེ་ནི་བྱོས། །
- ༼ ཡེ་་་་དུང་ལོ་ལོ་ཡ་རེ་ལེན་དགོ ཞང་ཡ་རེ་འཇོག་ལ་གླུ་ཞིག་ལེན་དགོ། ༽
- མ་བུ་མོ་ལེན་པའི༼དུང་ལོ་ལོ་༽ཨ་མྱེས་ཚོ། །
- ཁྱེད་ཁ་ཁོག་འཇམ་པོ༼དུང་ལོ་ལོ་༽འཇམ་པོ་བྱོས། །
- ཚིག་བཤད་ན་ངག་སྒོ༼དུང་ལོ་ལོ་༽འཇམ་པོ་བྱོས། །
- བུ་མནའ་མ་གཉིས་ལ༼དུང་ལོ་ལོ་༽བྱམས་ནི་བྱོས། །