Skip to main content Skip to search
26 Apr 2019
6 min 47 sec
Video Overview
Creators: 
Dradul Dorjay, Tsegona

Bazhé originated from Balithang in Kham, thus it is called Bazhé. 

འབའ་གཞས་ནི་ཁམས་ཕྱོགས་འབའ་ལི་ཐང་ཡུལ་ནས་དར་ཁྱབ་བྱུང་བའི་གླུ་གཞས་ཡིན་པས་ན་མིང་ཡང་འབའ་གཞས་ཞེས་ཐོགས།

巴曲起源于康巴地区的巴理塘,因此而得名。

འདི་ནི་དེང་གི་སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་དང་།  རྔ་བ།  ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་སོགས་སུ་དར་ཁྱབ་ཤིན་ཏུ་ཆེ།  འབའ་གཞས་ལ་ཡང་གཞས་མ་བྲོ་ཡི་ཁྱད་ཆོས་ལྡན་ལ།  གཞས་ལེན་ཞོར་དུ་བྲོ་འཁྲབ་པ་དང་བྲོ་འཁྲབ་ཞོར་དུ་གཞས་ལེན་པ་ཞིག་ཡིན།  འབའ་གཞས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཞན་ཞིག་ཡོད་པ་ནི་གཞས་སྣ་འདྲེན་པ་སྟེ།  པི་ཝང་གི་དབྱངས་འགྲོས་ལ་བརྟེན་ནས་གཞས་འཁྲབ་པར་བསྐུལ་བ་དེ་ཡིན།  པི་ཝང་ལ་པི་ཝང་འབྲུག་མགོ་མ་དང་།  འབྲོང་མགོ་མ་སོགས་རྒྱུ་ཆར་འབྲོང་རྭ་དང་།  གཡག་རྭ།  རྟ་རྔ།  གཡང་མདའ། གཡང་གཞུ་སོགས་ལས་བྱས་པའི་རྒྱུད་གཉིས་ཅན་གྱི་རོལ་ཆ་སོགས་མང་དུ་འདུག  འདི་དག་ནི་འབའ་གཞས་གར་མཁན་གྱི་ཕྱག་ནས་ཐོན་པའི་བཟོ་རྩལ་གྱི་གྲུབ་འབྲས་ཡིན།  དབྱངས་འགྲོས་ལ་ཧ་ཅང་སྙན་ཆ་ལྡན་པས།  མིའི་ཡིད་སེམས་དབང་མེད་དུ་འགུག་ནུས། 

因流行于康巴藏区的巴塘、理塘一带,故得名。主要流行于今四川省境内的甘孜藏族自治州、阿坝藏族自治州和云南省的德庆藏族自治州等辖内。是一种边唱边跳的文艺表演,其主要特点为,要跟随领舞者的弹唱的节奏的而起跳。弹奏的乐器被称为龙头琴或者野牦牛头琴,一般是以野牦牛或牦牛角、马尾,以及弓与箭等做成。其声悦耳,直击人心。