Video Overview
༉ ལྷུན་རྩེ་ཆ་འོག་ སྨད་མཚོ་རྒེད་འོག་ གཞོང་སྨད་ལས་ ནོར་བུ་སྒྲོལ་མ་དང་བསོད་ནམས་ལྷ་མོ་ བདེ་ཆེན་ཁོང་གསུམ་གྱིས་རྐྱབ་མི་ཞབས་བྲོ་ནང་ བོད་ལྷ་ལུང་མཆོད་རྟེན་འོག་ལུ་ མཚོ་ཆགས་མི་འདི་ དུས་ནམ་ཡང་འགྱུར་འགྱོ་ནི་མེད་པར་སྡོདཔ་ཨིནམ་སྦེ་ཡིད་ཆེས་བསྐྱེད་དོ་ཡོདཔ་ད་ མཚོ་འདི་ཡུན་བརྟན་སྦེ་གནས་ཚུགསཔ་ལས་བརྟེན་ སྲམ་འདི་མཚོ་དེ་ནང་ དགའ་ཏོག་ཏོ་སྦེ་སྡོད་པར་འོངམ་ཨིན་ཟེརཝ་མས། འདི་བཟུམ་སྦེ་མཆོད་རྟེན་གྱི་སྐེད་པ་ལུ་ བྱ་ཆགས་ཡོད་མི་འདི་ དུས་ནམ་ཡང་འགྱུར་བ་མེད་པར་ བརྟན་ཏོག་ཏོ་སྦེ་ཡོདཔ་ལས་ བྱ་འུགཔ་འདི་ནང་ཆགས་སྡོདཔ་ཨིན་ཟེར་ མདོར་བསྡུ་བ་ཅིན་ གླུ་གཞས་འདི་ནང་ ཡུལ་འདི་ལེགས་ཤོམ་ཡོད་པ་ཅིན་ བརྩེ་བའི་སེམས་དང་ མཛེས་ཆགས་ལྡན་ཏོག་ཏོ་སྦེ་མཐོངམ་ཨིན་ ཟེར་ཨིན་མས།
In a place called Lhalung in Tibet, a lake was located at the base of a stupa. The lake is believed to be eternal and durable and so otters flock there to live a happy life. Similarly, at the middle of the stupa there was an eternal cliff, never disappearing from the stupa. The permanence of the cliff attracted many owls. The song spreads a message of love and affection, if the person is good, virtuous in nature and has an open heart.
- Lhuntse
- ནོར་བུ་སྒྲོལ་མ་དང་ཆ་རོགས་ཚུ་ Norbu Dolme & Friendsལྷ་ལུང་མཆོད་རྟེན་རྩ་བ་ལ་ཞེས་པའི། །ལྷ་ལུང་མཆོད་རྟེན་རྩ་བ་ལ་ཞེས་པའི། །རྩ་བ་མཚོ་ལ་བཙུགས་ཡོད་ཏ་ལེགས་སོ། །རྩ་བ་མཚོ་ལ་བཙུགས་ཡོད་ཏ་ལེགས་སོ། །མཚོ་ལ་འགྱུར་བ་མེད་ན་ཞེས་པའི། །མཚོ་ལ་འགྱུར་བ་མེད་ན་ཞེས་པའི། །སྲམ་ཅུང་ལས་ཀྱིས་འཁོར་ཡོང་ཏ་ལེགས་སོ། །སྲམ་ཅུང་ལས་ཀྱིས་འཁོར་ཡོང་ཏ་ལེགས་སོ། །
- ནོར་བུ་སྒྲོལ་མ་དང་ཆ་རོགས་ཚུ་ Norbu Dolme & Friendsལྷ་ལུང་མཆོད་རྟེན་སྐེད་པ་ལ་ཞེས་པའི། །ལྷ་ལུང་མཆོད་རྟེན་སྐེད་པ་ལ་ཞེས་པའི། །སྐད་པ་བྲག་ལ་བཙུགས་ཡོད་ཏ་ལེགས་སོ། །སྐེད་པ་བྲག་ལ་བཙུགས་ཡོད་ཏ་ལེགས་སོ། །བྲག་ལ་འགྱུར་བ་མེད་ན་ཞེས་པའི། །བྲག་ལ་འགྱུར་བ་མེད་ན་ཞེས་པའི། །འུག་པ་ལས་ཀྱིས་འཁོར་ཡོང་ཏ་ལེགས་སོ། །འུག་པ་ལས་ཀྱིས་འཁོར་ཡོང་ཏ་ལེགས་སོ། །
- ནོར་བུ་སྒྲོལ་མ་དང་ཆ་རོགས་ཚུ་ Norbu Dolme & Friendsལྷ་ལུང་མཆོད་རྟེན་རྩ་བ་་་་་་་ ལྷ་ལུང་མཆོད་རྟེན་རྩེ་མོ་ལ་ཞེས་པའི། །ལྷ་ལུང་མཆོད་རྟེན་རྩེ་མོ་ལ་ཞེས་པའི། །རྩེ་མོ་གནམ་ལ་ཐུག་ཡོད་ཏ་ལེགས་སོ། །རྩེ་མོ་གནམ་ལ་ཐུག་ཡོད་ཏ་ལེགས་སོ། །ནམ་ལ་སྤྲིན་པ་མེད་ན་ཞེས་པའི། །ནམ་ལ་སྤྲིན་པ་མེད་ན་ཞེས་པའི། །སྐྱིད་པོ་ལས་ཀྱིས་འཁོར་ཡོང་ཏ་ལེགས་སོ། །སྐྱིད་པོ་ལས་ཀྱིས་འཁོར་ཡོང་ཏ་ལེགས་སོ། །
- ནོར་བུ་སྒྲོལ་མ་དང་ཆ་རོགས་ Norbu Dolma & Friendsལགས་སོ་ལགས།། །།