Video Overview
The song in this video says that bamboo from a sacred place in Tibet is the body of his master. The moon that shines from the sky is the face of his master. The sound of the golden trumpet is the voice of his master. The five different scarves are the robes of his master. The lyrics then pray that the master shall stay forever and bless all sentient beings. An old boedra song, the composer and the origin of this song are unknown. It is performed on special occasions, ceremonies and celebrations. It is performed in a circular formation with around five to twenty dancers.
ཁོ་གི་བཤད་མི་ནང་ བོད་ཀྱི་གནས་རྩ་ཅན་ལུ་ཡོད་མི་ སྦ་འདི་ཁོ་རའི་བླམ་གི་ སྐུ་གཟུགས་དང་ གནམ་ཁ་ལུ་ཤར་མི་ཟླཝ་འདི་བླ་མའི་ཞལ་ དེ་ལས་ གསེར་གི་རྒྱ་གླིང་ལས་འཐེན་པའི་སྒྲ་ འདི་ཁོརི་བླམའི་ངག་སྐད་དང་ དར་སྣ་ལྔ་འདི་ བླ་མིའི་ན་བཟའ་ཨིན་ཟེར་བཤདཔ་ཨིན་མས། དེ་མ་ཚད་རྩམ་པ་པོ་གི་ ཁོརའི་བླ་མ་འདི་ སྐུ་ཚེ་རིང་འབད་བཞུགས་སྟེ་ འགྲོ་བ་ཐམས་ཅད་ལུ་ དངོས་སྒྲུབ་གནང་ཅུ་ ཟེར་སྨོན་ལམ་བཏབ་ཨིནམ་མས། ཞབས་ཁྲ་འདི་བོད་སྒྲ་ རྙིངམ་གཅིག་ཨིནམ་ལས་ ཞབས་ཁྲ་འདི་གི་རྩམ་པ་པོ་དང་ དེའི་འབྱུང་ཁུངས་འདི་ ངོས་བཟུང་མེདཔ་ཨིན་མས། ཞབས་ཁྲ་འདི་ དགའ་སྟོན་དང་རྟེན་འབྲེལ་ ག་ཅི་བཟུམ་ཡོད་རུང་ དེའིསྐབས་ཁྲབ་ནི་ ཡོདཔ་ཨིན། ཞབས་ཁྲ་འདི་ མི་ལྔ་དང་ཉི་ཤུ་བར་ན་ སྒོར་སྒོམས་འབད་ ཁྲབ་སློལ་ཡོདཔ་ཨིན།
- Radhi
- Trashigang
- སངས་རྒྱས་སྒྲོན་ Sangay Chodenསོ། གནས་ཆེན་པོ་ཏོ་རྩེ་ལས་འཁྲུངས་པའི་གི་ཙཱ་རི་ལ་སྨྱུག་མ་འདི། །
- སངས་རྒྱས་སྒྲོན་ Sangay Chodenའདི་ཚུ་ཙཱ་རི་སྨྱུག་མ་མ་རེད་བླ་མའི་གི་སྐུ་གཟུགས་རེད། །
- སངས་རྒྱས་སྒྲོན་ Sangay Chodenསོ། གནས་ཆེན་པོ་ཏོ་ལ་ལས་ཤར་བའི་གི་དཀར་གསལ་ལ་ཟླ་བ་འདི། །
- སངས་རྒྱས་སྒྲོན་ Sangay Chodenའདི་ཚུ་དཀར་གསལ་ཟླ་བ་མ་རེད་བླ་མའི་གི་ཞལ་རས་རེད། །
- སངས་རྒྱས་སྒྲོན་ Sangay Chodenསོ། གཟིམ་ཅུང་ཤར་གྱི་ཕྱོགས་ནས་འཕུ་བའི་གི་གསེར་གྱི་ལ་རྒྱ་གླིང་འདི། །
- སངས་རྒྱས་སྒྲོན་ Sangay Chodenའདི་ཚུ་གསེར་གྱི་རྒྱ་གླིང་མ་རེད་བླ་མའི་གི་གསུང་སྐད་རེད། །
- སངས་རྒྱས་སྒྲོན་ Sangay Chodenསོ། གཟིམ་ཅུང་ལྷོ་ཡི་ཕྱོགས་ནས་དཔྱངས་པའི་གི་དར་སེར་ལ་སྣེ་ལྔ་འདི། །
- སངས་རྒྱས་སྒྲོན་ Sangay Chodenའདི་ཚུ་དར་སེར་སྣེ་ལྔ་མ་རེད་བླ་མའི་གི་ན་བཟའ་རེད། །
- སངས་རྒྱས་སྒྲོན་ Sangay Chodenསོ། གཟིམ་ཅུང་ནུབ་ཀྱི་ཕྱོགས་ནས་བཙུགས་པའི་གི་གསེར་གྱི་ལ་ཟམ་པ་འདི། །
- སངས་རྒྱས་སྒྲོན་ Sangay Chodenའདི་ཚུ་གསེར་གྱི་ཟམ་པ་མ་རེད་བླ་མའི་གི་སྐུ་བཅིང་རེད། །
- སངས་རྒྱས་སྒྲོན་ Sangay Chodenསོ། ཟམ་པ་འདི་གི་སྟེང་ལུ་ཞེས་པའི་གི་བླ་མའི་ལ་ཆིབས་དྲེལ་ལ། །
- སངས་རྒྱས་སྒྲོན་ Sangay Chodenཟམ་པའི་འོག་གི་ཉ་མོ་ཞེས་པའི་གི་མཐོ་རིས་ལ་ཐར་པར་དྲོངས། །
- སངས་རྒྱས་སྒྲོན་ Sangay Chodenསོ། མཐོ་རངས་སྐར་མ་སྨིན་དྲུག་ཞེས་པའི་གི་གཏན་ཀྱང་ལ་ཤར་ན་དགའ། །
- སངས་རྒྱས་སྒྲོན་ Sangay Chodenམཐོ་རངས་སྐར་མ་སྨིན་དྲུག་ཞེས་པའི་གི་གཏན་ཀྱང་ལ་ཤར་ན་སྐྱིད། །
- སངས་རྒྱས་སྒྲོན་ Sangay Chodenའདི་ནང་འཛོམས་འཛོམས་རུག་རུག་ཞེས་པའི་གི་གཏན་ཀྱང་ལ་འཛོམས་ན་དགའ། །
- སངས་རྒྱས་སྒྲོན་ Sangay Chodenའདི་ནང་འཛོམས་འཛོམས་རུག་རུག་ཞེས་པའི་གི་གཏན་ཀྱང་ལ་འཛོམས་ན་སྐྱིད། །
- སངས་རྒྱས་སྒྲོན་ Sangay Chodenལགས་སོ་ལགས།། །།