Skip to main content Skip to search
25 Aug 2018
1 min 4 sec
Video Overview
Creators: 
Dawa Tshering, Tseten Tshering

Karpola from Bongo Gewog (county) in Chukha district, recites a ballad which describes a cane tree. Ballads can be recited based on one topic and only later do they relate that topic with the thoughts and emotions they want to convey. During the old days people would recite ballads while working in the field or during their leisure time. People with intelligent speaking skills compose their own ballads according to whatever situation they're in and they choose this as their means of communicating their thoughts and feelings. They insult, express love and sadness through ballads. The ballads can be short or long but it is not sung with tunes like tsangmo (a folk literary composition popular in central and eastern Bhutan). Hence depending on the people who recite it, they make their own tune as per their accents. Ballads are widely practiced in the eastern parts of the country.

 

༉  ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ནང་ལས་དཀར་པོ་ལ་གིས་ སྤ་ཚར་ཤིང་གི་སྐོར་ལས་ བློ་ཟེ་བསྒྱུར་ནི་འདུག བློ་ཟེ་འདི་ དོན་ཚན་གཅིག་ལུ་གཞི་བཞག་སྟེ་བསྒྱུར་བཏུབ་ཨིན་རུང་ མི་གཞན་ལུ་བཤད་ནི་གི་དོན་ལས་ ནང་ནའི་ཚོར་བ་ཚུ་ཡང་བཙུགསཔ་ཨིན་མས། མི་ཚུ་གིས་ ཁོང་ར་ཞིང་ནང་ལཱ་འབད་སྡོདཔ་ད་དང་ དལ་ཁོམས་རེ་ཡོད་པའི་སྐབས་ བློ་ཟེ་བསྒྱུརཝ་ཨིནམ་ད་ མི་བློ་རིག་ཅན་ཚུ་གིས་ གནས་ཀྱི་གནས་སྟངས་དང་འཁྲིལ་ཏེ་ རང་གི་ཚོར་བ་ཚུ་བཤད་ནིའི་དོན་ལུ་ བློ་ཟེ་ཚུ་བརྩམས་དོ་ཡོདཔ་ཨིན། མི་གཞན་མི་ཚུ་དམའ་ཕབ་རྐྱབ་ནི་དང་ ཧིང་གཏམ་བཤད་ནི་ དེ་ལས་འཁྲུལ་སྣང་ཚུ་ བློ་ཟེའི་ཐོག་ལས་སྟོནམ་ཨིན་མས། བློ་ཟེ་འདི་ རྩང་མོ་བཟུམ་སྦེ་གདངས་དབྱངས་འཐེན་ནི་མེདཔ་ལས་ ཚིགས་རྐང་རིང་ཐུང་ག་བཟུམ་ཅིག་འབད་རུང་བཏུབ་ཨིན། དེ་འབདཝ་ལས་ བློ་ཟེ་བསྒྱུར་མི་རང་སོའི་དང་འདོད་དང་འཁྲིལ་ཏེ་བསྒྱུརཝ་ཨིན་མས།

Transcript search
No results found for this search
0 of 0
  • དཀར་པོ་ལ་
    ཤིང་དཔའ་རྩ་ཤིང་གཅིག་དཔའ་རྩ་ཤིང་།། ཤིང་དཔའ་རྩ་ཤིང་གི་མགོ་ལུ།། བླམ་སྡེ་པའི་གསོལ་རྒྱས་བཟོ་ནི་ཡོད།།
    ི The tip of the cane is used to make curry for Lama Depa.
  • དཀར་པོ་ལ་
    ཤིང་དཔའ་རྩ་ཤིང་གཅིག་དཔའ་རྩ་ཤིང་།། ཤིང་དཔའ་རྩ་ཤིང་གི་ར་ཁར།། གླང་རྒྱ་ཚ་བཏགས་པའི་མགོ་ཐག་ཡོད།།
    ི The base of the cane is used to make rope for tightening ox.
  • དཀར་པོ་ལ་
    ཤིང་དཔའ་རྩ་ཤིང་གཅིག་དཔའ་རྩ་ཤིང་།། ཤིང་དཔའ་རྩ་ཤིང་གི་སྐེད་པ།། བླམ་སྡེ་པའི་གསོལ་རྒྱས་བཟོ་ནི་ཡོད།། འ་ནི་འབད་ཨིན།
    ི The middle of the cane is used to make curry for Lama Depa.