Skip to main content Skip to search
28 Aug 2018
1 min 20 sec
Rating
0
No votes yet
Video Overview
Creators: 
Sonam Chophel, Dawa Tshering

༉  ལ་ཡག་ལུ་བློ་ཟེ་བསྒྱུར་ནི་འདི་ གནམ་མེད་ས་མེད་ཡོངས་གྲགས་ཡོདཔ་མ་ཚད་ ཁོང་ཆ་ཁྱབ་ བློ་ཟེ་བསྒྱུར་ནི་ནང་ གནམ་སེད་ས་མེད་མཁས་དྲགས་ཡོདཔ་ལས་ ལུང་གོ་གཡུས་ཚན་ནང་ལས་པ་སངས་ཀྱིས་ སྐད་གཅིག་ཐོས་ལ་སྐད་ཅིག་ཐོས་ཟེར་མི་བློ་ཟེ་འདི་ དཔེ་ཁྲི་གདུགས་ཉིམ་དང་གངས་ཀྱི་སེང་ཆེན་དཀརམོ་ དེ་ལས་གསེར་ཉ་ཚུ་ལུ་སྦྱར་ཞིནམ་ལས་ གཞན་མི་ཅིག་ཡིད་རང་བཅུག་ནིའི་དོན་ལུ་སྒྱུརཝ་ཨིན་མས། བློ་ཟེ་འདི་ཡང་ བུཚ་དང་བུམོ་ཚུ་གི་སྐད་ཀྱི་གདངས་ཧན་ཏོང་ཏོ་གི་སྒོ་ལས་སྒྱུརཝ་ཨིནམ་ད་ ཚིག་འདི་ནང་ དེ་ཚུ་གི་སྐད་གོཝ་ཙམ་གྱིས་སེམས་དགའ་བ་དང་ ཞལ་མཇལ་བ་ཙམ་གྱིས་ལུས་སྤྲོ་བས་ཟེར་ འཐོནམ་ཨིན་པས།

Show More

  • པ་སངས། Pasang སྐད་གཅིག་ཐོས་ལ་སྐད་གཅིག་ཐོས། །སྐད་སུ་དང་གང་གི་སྐད་ཨིན་ནོ་ཟེརན། །
    A join word of one word, the words of everyone.
  • པ་སངས། Pasang ཁྲི་གདུགས་གླིང་བཞི་(བཀོད་ཀྱི་)སྐད་ཨིན་མས། །སྐད་ཐོས་པ་ཙམ་ལུ་(གྱིས་)སེམས་དགའ་བས། །ཞལ་མཇལ་བ་ཙམ་ལུ་(གྱིས་)ལུས་སྤྲོ་བས། །
    The words of four continent, feeling happy being a join words. feeling peace being of meeting
  • པ་སངས། Pasang སྐད་གཅིག་ཐོས་ལ་སྐད་གཅིག་ཐོས། །སྐད་སུ་དང་གང་གི་སྐད་ཨིན་ནོ་ཟེརན། །
    A join word of one word, the words of everyone.
  • པ་སངས། Pasang སེང་གེ་གངས་སྟོད་(བཀོད་ཀྱི་)སྐད་ཨིན་མས། །སྐད་ཐོས་པ་ཙམ་ལུ་(གྱིས་)སེམས་དགའ་བས། །ཞལ་མཇལ་བ་ཙམ་ལུ་(གྱིས་)ལུས་སྤྲོ་བས། །
    It was a voice of Lion, feeling happy being a join words. feeling peace being of meeting
  • པ་སངས། Pasang སྐད་གཅིག་ཐོས་ལ་སྐད་གཅིག་ཐོས། །སྐད་སུ་དང་གང་གི་སྐད་ཨིན་ནོ་ཟེརན། །
    A join word of one word, the words of everyone.
  • པ་སངས། Pasang གསེར་མིག་ཉ་མོ་(བཀོད་ཀྱི་)སྐད་ཨིན་མས། །སྐད་ཐོས་པ་ཙམ་ལུ་(གྱིས་)སེམས་དགའ་བས། །ཞལ་མཇལ་བ་ཙམ་ལུ་(གྱིས་)ལུས་སྤྲོ་བས། །
  • པ་སངས། Pasang སྐད་གཅིག་ཐོས་ལ་སྐད་གཅིག་ཐོས། །སྐད་སུ་དང་གང་གི་སྐད་ཨིན་ནོ་ཟེརན། །
    A join word of one word, the words of everyone.
  • པ་སངས། Pasang སྟག་ཤར་གཡུས་བཟང་(བཀོད་ཀྱི་)སྐད་ཨིན་མས། །སྐད་ཐོས་པ་ཙམ་ལུ་(གྱིས་)སེམས་དགའ་བས། །ཞལ་མཇལ་བ་ཙམ་ལུ་(གྱིས་)ལུས་སྤྲོ་བས། །
    It was a voice of a noble man. Feeling happy being of a join words. Feeling peace being of a meeting face
  • པ་སངས། Pasang སྐད་གཅིག་ཐོས་ལ་སྐད་གཅིག་ཐོས། །སྐད་སུ་དང་གང་གི་སྐད་ཨིན་ནོ་ཟེརན། །
    A join word of one word, the words of everyone.
  • པ་སངས། Pasang ཡབ་ཡུམ་གསང་ཁ་བཀོད་(བཀོད་ཀྱི་)སྐད་ཨིན་མས། །སྐད་ཐོས་པ་ཙམ་ལུ་(གྱིས་)སེམས་དགའ་བས། །ཞལ་མཇལ་བ་ཙམ་ལུ་(གྱིས་)ལུས་སྤྲོ་བས། །
    It was a secret voice of the parents, feeling happy being a join words. feeling peace being of meeting
  • པ་སངས། Pasang སྐད་གཅིག་ཐོས་ལ་སྐད་གཅིག་ཐོས། །སྐད་སུ་དང་གང་གི་སྐད་ཨིན་ནོ་ཟེརན། །
    A join word of one word, the words of everyone.
  • པ་སངས། Pasang སྨན་ཆུང་གཡུས་བཟང་(བཀོད་ཀྱི་)སྐད་ཨིན་མས། །སྐད་ཐོས་པ་ཙམ་ལུ་(གྱིས་)སེམས་དགའ་བས། །ཞལ་མཇལ་བ་ཙམ་ལུ་(གྱིས་)ལུས་སྤྲོ་བས།། །།
    It was a voice of noble lady. feeling happy being a join words. feeling peace being of meeting