Video Overview
Sigay Dorji narrates a Lozey called "Bya Lagpai Yurel Buthri". It is about a hermit named Sangay Dorji who was required to pay a paper tax to the lama, for the project of writing the Kangjur and Tenjur manuscripts in Gangtey. Sangay Dorji travelled to the forest to find a paper tree at sunset but he heard utter frustration from a bird Yurel Buthri who had built her nest on it. As he prepared to wield his axe, the bird begged the Buddhist hermit not to. He shared the story of the paper tax and the bird promised to appraoch the lama and request a delay of the tax, which the bird would pay herself after her chicks had developed their wings. She persuaded the hermit to return to his prayers and flew off to see the lama. The lama heard her story and cancelled Sangay Dorji's tax and granted the paper tree as her home. The bird got its nesting place, the hermit had his levy cancelled, and the lama was pleased that his spiritual warmth attracts even wild birds to him. This short piece of oral history captures the spiritual, ecological and political tensions, which the collection for raw materials for paper entailed.
སྲིད་རྒྱལ་རྡོ་རྗེ་གིས་འགྱུར་མི་ ལག་པའི་གཡུ་རལ་བུ་ཁྲིད་ཟེར་མི་བློ་ཟེ་འདི་ མཚམས་པ་སངས་རྒྱས་རྡོ་རྗེ་ཟེར་མི་ཅིག་ལུ་ བླམ་སྒང་སྟེང་བླམ་གྱིས་ བཀའ་འགྱུར་བསྟན་འགྱུར་བཞེངས་ནིའི་ ཤོག་གུའི་ཁྲལ་འབག་འོང་དགོཔ་སྦེ་ སླབ་པའི་སྐབས་སུ་ སངས་རྒྱས་རྡོ་རྗེ་གིས་ ནགས་ཚལ་ནང་སོང་སྟེ་ ཤོག་བཟོ་ནིའི་ཤིང་འཚོལ་བ་སོང་བའི་སྐབས་ ཤོག་གུའི་ཤིང་འདི་གུ་ བྱ་གཡུ་རལ་བུ་ཁྲིད་ཀྱིས་ ཚང་བཟོ་སྟེ་འདུག་ཟེར་མས། ཏེ་ཁོ་གིས་ ཤིང་འདི་འདབ་ནི་སྦེ་ སྟ་རེ་གནམ་ལུ་འཕྱརཝ་ད་ བྱ་འདི་གིས་མཚམས་པ་འདི་ལུ་ ད་ནཱེ་སྦེ་མཛད་མ་ད་ མཚམས་པ་འདི་གིས་ ཁོ་ལུ་ཤོག་གུའི་ཁྲལ་ཕོག་པའི་སྐོར་ལས་ ལོ་རྒྱུས་འདི་ཚུ་སླབ་ད་ བྱ་འདི་གིས་ བླམ་འབད་སར་བཅར་ཞིནམ་ལས་ མོ་གི་བྱི་ཅུང་ཚུ་སྦོམ་མ་འགྱོ་ཚུན་ ཤིང་འདི་འདབ་ནི་མེད་ཅིག་དང་ མོ་གི་བྱི་ཅུང་འདི་ཚུ་ ཤོགཔ་བཏགས་ཞིནམ་ལས་ ཁྲལ་འདི་མོ་ར་གིས་བཏབ་ནི་ཟེར་ཁ་བཟེད་གེ་ཟེར་སླབ་སླབ་མས། དེ་ལས་ མཚམས་པ་འདི་ ལོག་ཁོ་རའི་མཐུན་འཕྲོ་མཐུད་བཏང་བར་བྱོན་ཡོདཔ་ད་ བྱ་འདི་བླམ་དང་མཇལ་བ་སོང་སྟེ་ བླམ་གྱིས་མོ་གི་ལོ་རྒྱུས་ཚུ་ ཆ་མཉམ་ཞུཝ་ལས་ མཚམས་པ་སངས་རྒྱས་རྡོ་རྗེ་ལུ་ ཤོག་ཀུའི་ཁྲལ་ཡངས་ཆག་གནང་ཡོདཔ་མ་ཚད་ ཤོག་ཀུའི་ཤིང་འདི་ཡང་ བྱ་འདིའི་ཚང་སྦེ་བཞག་ཆོགཔ་སྦེ་བཀའ་གནང་ནུག། ཏེ་བླམ་འདི་ཡང་ ཁོ་གི་དམ་པའི་ཆོས་ཀྱི་སྙིང་པོ་འདི་ལས་བརྟེན་ རི་དྭགས་སེམས་ཅན་ཚུ་ཡང་ བློ་བཀུག་ཚུགས་ནུག་ཟེར་ ཐུགས་དགྱེས་་དགྱེསཔ་མས།
- Gangtey
- སྲིད་རྒྱས་རྡོ་རྗེ། Cigay Dorjiཏེ་ སྔོན་མ་ང་བཅས་ནཱ་ སྒང་སྟེང་ལྷ་ཁང་ཟེར་ ཏེ་ བསྒྲུབས་འབད་ཞིནམ་ལས་ ཏེ་ བླམ་ནཱ་བཞུགསཔ་ད་ ཏེ་ ཕོ་རྒྱ་ཁ་ལུ་ སྔོན་མ་ཤིང་གི་་་་་(??)ཆད་བཀལ། ཏེ་ ཤིང་ཆས་དྲུད་ཡར་བསྐྱེལ།
- སྲིད་རྒྱས་རྡོ་རྗེ། Cigay Dorjiཏེ་ ཨམ་སྲུ་ཆ་ཁྱབ་འདི་འདུག་པ་ ཏེ་ བཀའ་འགྱུར་ བསྟན་འགྱུར་ཟེར་ད་རུང་འདི་ནང་ ང་བཅས་འ་ནཱི་འདལ་གྱིས་སྦེ་བཞེངས་དགོཔ་མས་བ་ལགས།
- སྲིད་རྒྱས་རྡོ་རྗེ། Cigay Dorjiད་རིས་འབདཝ་ད་ ཏེ་ རྒྱ་ཤོག་འཐོན་མམ་ དེ་བསྒང་ཏེ་ འབྲུག་ཤོག་ཟེར་མི་འདི་ ཏེ་ འདལ་བཤུབ་སྟེ་ བཙོ་རྐྱབ་ ཏེ་འ་ནཱི་སྦེ་རྐྱབ་ ཡི་གུ་འབྲི་མི་གིས་བྲིས་ ཡིག་གུ་ཡང་བྲིསམ་ཟེར་ འ་ནཱི་སྦེ་བཟོ་དགོ་པས་བ་ལགས།
- སྲིད་རྒྱས་རྡོ་རྗེ། Cigay Dorjiཏེ་ འ་ནཱི་སྦེ་འབདཝ་ད་ ཏེ་དེ་ལས་ཏེ་ ཏེ་ ཨམ་སྲུ་ཆ་ཁྱབ་འདལ་ཤིང་སོ་སོ་དགོ་་་(??) ཏེ་ ཆོསཔ་གསང་ངག་རྡོ་རྗེ་ཟེར་མི་འདི་ ཏེ་ ཁྱིམ་ན་ལུ་མི་ལྷགཔ་མེད་པ་ ཏེ་ འདལ་ཤིང་བསྐྱེལ་མ་ཚུགས་པ་ ཏེ་ རྟིང་མ་ལུ་ བླ་མ་གིས་་་(??) ད་འདལ་ཤིང་འབག་ཤོག་ ཚ་ངེར་བཏོན་འབག་ཤོག་ཟེར།
- སྲིད་རྒྱས་རྡོ་རྗེ། Cigay Dorjiཏེ་ དེ་ལས་ཏེ་ ཁོ་ཏེ་ འདལ་བཤུབ་པར་འགྱོ་ནཱི་འབད་ ནཱ་ལས་ཕར་ ཏེ་ དཔའ་རྟགས་བཏགས་ ་་་་་(??) མཐའ་མར་ཅིང་ཟེར། །
- སྲིད་རྒྱས་རྡོ་རྗེ། Cigay Dorjiརས་འདི་ནང་ལྟོ་མཛར་བཅིངས་ དེ་ལས་ཏེ་ དཔའ་རྟགས་འདི་བཏགས་འབད་སྦེ་ ཏེ་ གསང་ངག་རྡོ་རྗེ་གིས་་་་?? ཡར་བཤལ་མར་བཤལ་རྐྱབ་རུང་། ཤིང་འདལ་ཤིང་ཤིང་དང་མ་མཇལ། །ནགས་ཚལ་ཕར་དང་ཚུར་བཤལ་རུང་ །ཤིང་འདལ་ཤིང་ཤིང་དང་མ་མཇལ་ཟེར། །
- སྲིད་རྒྱས་རྡོ་རྗེ། Cigay Dorjiཉི་ཟེར་དགུང་ལུ་བཀལ་་་་་་(??)གཡོ་རནམ་ད། འདལ་ཤིང་དང་མཇལ་ཡི་པནི། །སྔོན་མ་་་་འདལ་ཤིང་་་་་(??)འབད། མར་འདལ་ཤིང་ར་ལས་བརྡབས་སོང་པནི།
- སྲིད་རྒྱས་རྡོ་རྗེ། Cigay Dorjiང་ཤིང་ཆེན་འདི་གི་གུ་ལུ། །བྱ་ལེགས་པའི་གཡུ་རལ་བུད་ཏུ་རི་་་(??)། །མོ་སྒོང་རྡོག་ལྔ་གསུམ་བཅོ་ལྔ་ཡིན། །་་་་་་་་་(??) བྱི་ཅུང་བཅུ་གཉིས་ཡིན། འདལ་ཤིང་ར་ལས་མ་བརྡབ་ལོ། ང་འདལ་ཤིང་ར་ལས་མ་བརྡབས་པར། །
- སྲིད་རྒྱས་རྡོ་རྗེ། Cigay Dorji་་་་་(??) མེད་པར། །་་་་་་་(??)མཇུག་ལས་མས། མཚན་ལྡན་བླ་མའི་བཀའ་ཨིན། །ང་འདལ་ཤིང་འདི་ར་བརྡབ་དགོ །ཟེར་འབད་ཞིནམ་ལས། ང་ཆོས་པ་གསང་སྔགས་རྡོ་རྗེ། །ཉན་ཤིག་གསང་སྔགས་རྡོ་རྗེ། །གསན་ཤིག་གསང་སྔགས་རྡོ་རྗེ། །ཁྱོད་མཚན་ལྡན་བླ་མའི་སྐུ་མདུན་ལུ། །
- སྲིད་རྒྱས་རྡོ་རྗེ། Cigay Dorjiདགོངས་སྐོར་ང་གིས་རྐྱབ་དོ། །ཁྱོད་འདལ་ཤིང་མེདཔ་ང་བཟོ་གེ །ངེའི་འདལ་ཤིང་རྩ་ལས་མ་བརྡབ་ཟེརན། །བྱ་འདི་གིས་ཡར་ལས་མར་ཆོསཔ་འདི་ལུ་ འ་ནཱི་སྦེ་གསུངས་ཡི་ཟེར།
- སྲིད་རྒྱས་རྡོ་རྗེ། Cigay Dorjiཏེ་ དེ་ལས་ད་ ཁྱོད་ཀྱིས་དེ་ཅིག་འབད་ཚུགསན། ངེའི་སྒོང་རྡོག་ལྔ་གསུམ་བཅོ་ལྔ། །བྱི་ཅུང་་་་་་(??)བཅུ་གཉིས་འདི། བདག་འཛིན་ཁྱོད་ར་འབད་སྡོད། །ང་མཚན་ལྡན་བླ་མའི་སྐུ་མདུན་ལུ། །འདལ་ཤིང་མེདཔ་བཟོ་སོང་གེ ཟེར།
- སྲིད་རྒྱས་རྡོ་རྗེ། Cigay Dorjiཏེ་ དེ་ལས་འབད་ཞིནམ་ལས་ ད་ཁྱོད་ཀྱིས་དེ་ཅིག་འབད་ཚུགསན། ཁྱོད་སྒོང་རྡོག་ལྔ་གསུམ་བཅོ་ལྔ། བྱི་ཅུང་་་་བཅུ་གཉིསཔོ་འདི། །ད་རིས་བདག་འཛིན་ང་གིས་འབད་གེ །ཟེར།
- སྲིད་རྒྱས་རྡོ་རྗེ། Cigay Dorjiཏེ་ཁོ་ཕར་ བྱི་ཅུང་འདི་་་་(??)གསུམ་བདག་འཛིན་འབད་ནི་ཁ་བཟེད་ ཏེ་དེ་ལས་ཏེ་ ཏེ་ ཆོསཔ་གསང་སྔགས་རྡོ་རྗེ་ཟེར་མི་འདི་ཏེ་ ་་་བདེ་བ་བལྟ། །རྡོ་གཅལ་སྦུག་ལུ་མ་ཆགས། །རྡོ་གཅལ་སྦུག་ལུ་ཆགསན། །མནོ་ཅན་མི་གིས་ཚོར་ཚོརཝ། །
- སྲིད་རྒྱས་རྡོ་རྗེ། Cigay Dorjiམནོ་མེད་་་་་བཟུང་་་་(??)། །དཔྱད་རིག་གསལ་བ་བལྟ། །གསེར་ཏོག་གུ་ལུ་མ་ཆགས། །གསེར་ཏོག་གུ་ལུ་ཆགསན། མནོ་ཅན་མི་གིས་ཚོར་ཚོར། །མཚན་ལྡན་བླ་མ་ཚོར་ཚོར། །སྒརཔ་མནོ་ཅན་བ་མནོ་མེད་མང་། །
- སྲིད་རྒྱས་རྡོ་རྗེ། Cigay Dorjiམནོ་ཅན་རེ་རེ་གཉིས་པ་ཨིན། །མནོ་མེད་བརྒྱ་བཞག་སྟོང་བཞག་ཡོད། །མནོ་མེད་མི་གིས་བཟུང་མཆི་འོང་། ཟེར་ ་་་་(??)ལོག་ལས་འཛུལ། །ཤར་ཡང་་་་(??)རྩ་བར་རང་ཤར། །ལོག་ཡང་་་་(??)རྩ་བ་རང་ལོག །
- སྲིད་རྒྱས་རྡོ་རྗེ། Cigay Dorji་་་(??)་ལོག་མ་ཤོག་ཟེར། །ཏེ་དེ་ལས་ཏེ་ འེང་ཟེར་ བྱ་འདི་གིས་ ཡར་ལས་ཕར་ལྡིངས་པའི་བསྒང་ལས་ ཏེ་ ཕྲང་ཕྲང་ཏེ་ བླ་མའི་ཁོ་རའི་རབ་གསལ་ན་ལས་ཕར་ ཁོ་རའི་ཁྲི་འདི་གི་སྐུ་མདུན་ཆགས་ དེ་སྦེ་འབདཝ་ཅིག་ཏེ།
- སྲིད་རྒྱས་རྡོ་རྗེ། Cigay Dorjiདེ་ལས་ཏེ་ བླམ་འདི་གི་སྐུ་མདུན་ལུ་ བྱ་འདི་གིས་ བློ་ཟེ་བསྒྱུར་ཏེ་ ངེའི་ཆོསཔ་གསང་སྔགས་རྡོ་རྗེ་འདི། །མཇུག་དང་མགུ་ལས་མེད་པ། །མར་མཆོད་རྟེན་མགུ་ལས་འཐོན། །འདལ་ཤོག་བཤུབ་པར་འཐོན་འདུག །འདལ་ཤོག་བཤུབ་པར་འོངམ་ད། །ང་་་་་་་(??)་་་་སླབན། །བྱ་ལེགས་པའི་གཡུ་རུ་བུད་དུ་གིས་་་(??)། །སྒོང་རྡོག་ལྔ་གསུམ་བཅོ་ལྔ་འབུད། །བྱི་ཅུང་་་བཅུ་གཉིས་འཐོན། །(??)
- སྲིད་རྒྱས་རྡོ་རྗེ། Cigay Dorjiའདལ་ཤིང་བདག་འཛིན་འབད་སོང་པན། །ཁོ་འདལ་ཤིང་རྩ་བ་ལས་བརྡལ་ནི་ལོ། །ད་ངེའི་མཚན་ལྡན་བླ་མར་གསོལཝ་བཏབ་པ། །ང་གཡུ་རུ་བུད་དུ་ཨིན་་་??། །དབའི་ དབའི་མནོ་ཅན་མི་གིས་ཡང་ བློ་སླབ་མི་ཚུགས་ས་ ཁྱོད་ད་རིས་མནོ་མེད་བྱ་གིས་ཡང་ བློ་ཅིག་སླབ་ནི་འདུག་བ་ཡ།(??)
- སྲིད་རྒྱས་རྡོ་རྗེ། Cigay Dorjiབཏུབ་བཏུབ་སླབ་ཤིག་སླབ་ཤིག་ཟེར་ ག་དེ་སྦེ་སླབ་ཤིག་ ག་དེ་སྦེ་ཨིནམ་ ཨཱ་་་ཁྱོད་ཀྱིས་སླབ་མི་འདི་ ང་ཉན་རང་ཉན་དགོ་ དེ་ལས་ བླམ་གིས་འ་ནཱི་སྦེ་གསུངས་འབད། (??)
- སྲིད་རྒྱས་རྡོ་རྗེ། Cigay Dorjiཏེ་ དེ་ལས་ཏེ་ སྒོང་རྡོག་ལྔ་གསུམ་བཅོ་ལྔ། བྱི་ཅུང་་་་བཅུ་བཞི་འདི། ་་་་་་ ད་ཆོསཔ་གསང་སྔགས་རྡོ་རྗེ་འདི། །་་་་འདལ་ཤིང་རྩ་བ་ལས་བརྡབ་ནི་མས། །འདལ་ཤིང་རྩ་བ་ལས་བརྡབ་ནི་མེདཔ་ཅིག །བཀའ་མཚན་ལྡན་བླ་མ་གནང་དགོ ཟེར། (??)
- སྲིད་རྒྱས་རྡོ་རྗེ། Cigay Dorjiཏེ་ དེ་ལས་ བླ་མ་ལུ་ འ་ནཱི་སྦེ་ཞུ་འབད་ཞིནམ་ལས་ ཏེ་དེ་ལས་ཏེ་ ཁོ་ལོག་ཕར་སོང་ ཏེ་ ཆོསཔ་འདི་ཚུར་ལོག་འོང་པའི་བསྒང་ལས་ ཏེ་ ཆོསཔ་འདི་ འདལ་ཆས་བསྐྱེལ་མ་དགོ་པས་ ཏེ་ བླམ་ལས་བཀའ་གྲོལ་ཏེ་ ཏེ་ འ་ནཱི་སྦེ་འབད་བའི་ཟེར། (??)
- སྲིད་རྒྱས་རྡོ་རྗེ། Cigay Dorjiཏེ་ བློ་ཟེ་འ་ནེམ་ཅིག་ མདོར་བསྡུར་ཅིག་ འདི་ཚུ་རོགས་སོྡད་པའི་བསྒང་ བློ་ཟེ་འབད་རང་བསྒྱུརཝ་མས་ལགས་ འ་ནཱི་སྦེ་ཨིན་མས་ལགས་ ཏེ་ ཨ་ནཱི་བྱ་འདི་ཡང་ རྣ་བར་ཆེ་དྲགས་ཅིག་འབད་རང་ འ་ནཱི་སྦེ་སྡོད་ཡོད་པའི་ལོ་རྒྱུས་ཅིག་འདུག་ལགས། (??)
- སྲིད་རྒྱས་རྡོ་རྗེ། Cigay Dorjiཏེ་ད་ འ་ནཱི་ཅིག་ཨིན་མས་ལགས་ ད་ད་ལྟོ་མདོར་བསྡུས་ཅིག་འབད་ གནམ་མེད་ས་མེད་ལེ་ཤ་འབདཝ་ད་ དཔྱད་རིག་ཡང་བཏང་མི་ཚུགས་པས་ཡུདཔ་ཅིག། (??)