Video Overview
The dance documented in this video differs from other masked dances in the costumes dancers wear and the manner the performance begins. Usually in most of masked dances, dancers wear wrathful masks. Here, the dancers wear ornate gilded crowns, and all the eight dancers come out of the green room together. After performing, they enter back to green room one by one. This dance is performed during the Tshechu Festival, which is usually held during the fifth Bhutanese month.
བཻ་ཙརྱ་འཆམ་འདི་ གླིང་མཁར་སྒོམ་ཆེན་ཚུ་གིས་འབད་རྐྱབ་ཨིན་པས། བཻ་ཙརྱ་འཆམ་འདི་ འཆམ་གཞན་བཟུམ་སྦེ་ཞལ་འབགཔ་བཙུགས་ཏེ་མེན་པར་ རིགས་ལྔ་བཙུགས་ཏེ་རྐྱབ་ནི་འདུག འཆམ་ཁང་ནང་ལས་འཐོནམ་ད་ཡང་ གཞན་བཟུམ་སྦེ་མེན་པར་ འཆམ་རྐྱབ་མི་གྱང་ཁ་བརྒྱད་ཡོད་ས་ལས་ ག་ར་སྟབས་ཅིག་ཁར་སྦེ་ཐོན་ཏེ་རྐྱབ་ཞིནམ་ལས་ ལོག་འཛུལཝ་ད་ རེ་རེ་འབད་དེ་འཛུལ་ནི་འདུག ཁོང་འཆམ་རྐྱབ་པའི་ནམ་དུས་འབད་བ་ཅིན་ ཟླཝ་ལྔ་པའི་ནང་ ཆར་ཆུ་བུད་བའི་དུས་ཚོད་ཅིག་ཨིན་རུང་ ཆརཔ་ཡང་མ་རྐྱབ་ ཉིམ་ཡང་གནམ་མེད་ས་མེད་ཅིག་མ་ཤརཝ་སྦེ་ གནམ་ཤིས་ག་ནི་བ་ལེགས་ཤོམ་སྦེ་འདུག མཐའ་འཁོར་ལུ་གེ་ཟ་གི་མེ་ཏོག་ཚུ་ཡང་ཤར་ཡོདཔ་སྦེ་ ག་ཅི་འདེ་མཛེས་ཏོག་ཏོ་སྦེ་མཐོང་ནི་འདུག།
- Lingkhar