Video Overview
Two allied kings encounter unusual events leading up to their childrens' wedding.
- འབྲུག་སྐྱིད།གནའ་ཞིག་ལ།
- རྒྱལ་བོ་གཉིས་ཡོད་ནི་རེད།
- གཉིས་ཀ་མནའ་བཅད་ཡིན་ནི་རེད།
- གཅིག་གིས་ཁོ་ལ་བུ་ཞིག་ཡོད་ན་ཁྱོད་ལ་མག་པ་སྟེར།
- ཁྱོད་བུ་ཞིག་ཡོད་ན་ཁོ་ལ་མག་པ་བྱིན་ཟེར།
- གཉིས་ཀྱིས་དེ་ལྟར་བཤད།
- ཉིན་ཞིག་ཁོ་གཉིས་ཐག་རིང་ཞིག་ན་ཡོད།
- གཅིག་ལ་བུ་ཞིག་ཡོད།
- གཅིག་ཚང་ལ་བུ་ཞིག་མེད།
- ཕ་རྒན་གིས་མག་པ་ལམ་ལ་བཅུག་པ་ཡིན།
- ཁོ་ཡིས་བུ་རྟ་ལ་ཞོན་ནས་གོས་གོན་ནས།
- བོའུ་ཁུར་ནས་འགྲོ་རུ་བཅུག
- དེའི་རོགས་ལ་ལམ་ལ་འགྲོ་བའི་མི་གཉིས་གཡོག་པོ་ཡིན།
- དེ་ནས་ཕ་རོལ་ལ་སོང་ནས།
- ཉིན་ས་ནས་ཝ་ཞིག་ཡོད་ནི་རེད།
- བུ་དེས་དེ་ལ་བོའུ་ཡིས་བརྒྱག་རྒྱུ་ཟེར་ནས།
- རོགས་པ་དེ་གཉིས་ཀྱིས་བརྒྱག་ཏུ་མ་བཅུག
- སྲུབས་ས་ནས་འཕྱི་བ་ཞིག་གྲགས་པ་རེད།
- དེར་བོའུ་ཡིས་མི་བརྒྱག་ཟེར་ནས།
- རོགས་པ་དེ་གཉིས་ཀྱིས་རྒྱོབ་ཟེར་ནས་བཙན་གྱིས་བརྒྱབ།
- དེ་ནས་འཕྱི་བ་ཡིས་མདའ་ཁུར་ནས་ཁང་བའི་ནང་དུ་འཛུལ་སོང་།
- བུ་ཁྱོད་སོང་ནས་ཁྱེར་ཤོག་ཟེར།
- བུ་ཁང་བ་ནང་གྱེན་ལ་ནུར་ནས་སོང་དུས།
- ཨ་ཁུ་ཡིས་མདའ་པུས་མོ་མགོར་བཞག་ནས།
- དཔེ་ཆ་བཏོན་ནས་བསྡད་ཡོད།
- ཨ་ཁུ་མདའ་དེ་ང་བྱིན་ཟེར།
- མདའ་དེ་ཁྱོད་སྟེར་ལ་ཁྱོད་ལ་བཟང་རྒྱུ་མ་རེད་ཟེར།
- དེ་ནས་ཁྱོད་ལ་དཀའ་རྒྱུ་རེད་ཟེར།
- དེ་ནས་བུ་སྒོར་སོང་དུས་དེ་གཉིས་ཀྱིས་གོས་ཚང་མ་གོན་ནས།
- གཡོགས་རྩག་བསྐྱུར་ནས་བུད་སོང་།
- དེ་ནས་ཁོ་ཡིས་གཡོགས་རྩག་གོན་ནས་རྗེས་ལ་སོང་ནས།
- ཨ་ཁུ་རྒྱལ་བོ་ཚང་ཁྱེད་ཚང་ལ་གླ་བ་ཨེ་དགོས་ཟེར།
- ཁོང་ཚང་ལ་གླ་བ་མི་དགོས་ཟེར།
- བུ་མོ་གཅིག་གིས་གླ་བ་དགོས་ཟེར།
- དེ་ནས་གླ་བར་བླངས་པ་ཡིན།
- དེ་ནས་ཁོས་ཨ་ཁུ་རྒྱལ་བོ་ཚང་གི་མཛོ་སོགས་ལ་སོགས་ལ་རྫི་བྱས་ནས།
- ཉིན་ཞིག་ལ་མཛོ་མོ་རྩེབས་བ་ཡིན།
- མཛོ་མོ་རྩེབས་ནས་བུ་མོ་ཆེ་བ་གསེར་མོ་མཚོ་རྗེས་ལ་ཡོང་།
- གསེར་མོ་མཚོ་ཡིས་མཛོ་མོ་རྟོལ་ལེ་གསོད་དུས་དེ་ལྟར་བཤད།
- ཁོ་ཡིས་མིང་ལ་རྫུན་བུ་བཏགས།
- དེ་ནས་རྫུན་བུ་ཡིས་གསེར་མོ་མཚོར་ཁྱོད་ཀྱིས་རྟོལ་ལེ་གསོད་དུས།
- མཆུ་ལུ་སྡུག་གཅིག་ཁྱོས་སྡོམས་ལ།
- རྔ་མ་སྡུག་རྒྱུ་ཁོས་གཅེར་ཟེར།
- ཁོས་རྔ་མ་ནས་གཅེར།
- བུ་མོའི་བདེན་གི་འདོད་ནས་མཆུ་ལུ་བསྡམས་ནས་བསད།
- དེ་ནས་མཛོ་མོའི་སྤྲི་བཞོ་དུས།
- འོང་སྟེགས་ཁྱེར་ཤོག་རྫུན་བུ་ཟེར།
- ཁོ་ཡིས་འོང་སྟེགས་ཁྱེར་མ་ཡོང་བར་ཁོ་འོང་སྟེགས་བྱས་ཟེར།
- དེ་ལྟར་བུ་མོས་དེ་ལྟར་བཞོས་པ་ཡིན།
- དེའི་ཕྱི་ཉིན་ཡང་མཛོ་མོས་རྩེབས་པ་རེད།
- དངུལ་མོ་མཚོ་ཡོང་ནི་རེད་ཟེར།
- དངུལ་མོ་མཚོ་ཡིས་མཆུ་ལུ་སྡུག་གཅིག་ཁྱོས་སྡོམས་ལ།
- རྔ་མ་སྡུག་རྒྱུ་ཁོས་གཅེར་ཟེར།
- དེ་ལྟར་རྔ་མ་གཅོད་དུས་མོ་ཡིས་མཆུ་ལུ་བསྡམས་ནས་བསད།
- དེའི་རྗེས་ནས་མཛོ་མོས་རྩེབས་ནི་རེད་ཟེར།
- བུ་མོ་དུང་མོ་མཚོ་ཡོང་ནི་རེད་ཟེར།
- དུང་མོ་མཚོ་ཡིས་རྔ་མ་སྡུག་རྒྱུ་ཁོས་གཅེར།
- མཆུ་ལུ་སྡུག་གཅིག་ཁྱོས་སྡོམས་ལ།
- མཆུ་ལུ་སྡུག་གཅིག་ཁྱོས་སྡོམས་ལ།
- རྔ་མ་སྡུག་རྒྱུ་ངས་གཅེར་ཟེར་ནས་མ་བསད་པ་རེད།
- དེ་ནས་ཁྱོས་འོང་སྟེགས་ཁྱེར་ཤོག་ལ།
- ངའི་མཛོ་མོའི་སྤྲི་བཞོ་རྒྱུ་ཟེར།
- འོང་སྟེགས་ཁོ་བྱས་ཟེར།
- ཁྱོད་བྱེད་མི་དགོས་ཁྱོས་ཁྱེར་ཤོག་ཟེར།
- དེ་ནས་ཁྱེར་ཡོང་ནས་བཞོས།
- དེ་ནས་ཁོ་མག་པ་བསྡད།
- རྒྱལ་བོ་ཚང་གིས་ཁྱོད་འདི་འདྲའི་མག་པ་རྫུན་བུ་ཞིག་ཁོང་ཚང་ལ་མི་དགོས་ཟེར།
- བུ་མོས་མོར་མག་པ་དགོས་ཟེར།
- དེ་ནས་མག་པ་དགོས་ན།
- གཡག་རྒན་སྔོན་ཐེའུ་དང་རས་ཐོ་སླེ་བོ་ལས།
- གཡག་རྒན་སྔོན་ཐེའུ་ལས་ཨ་ཁུ་རྒྱལ་བོ་ཚང་གི་མཛོད་སྒམ་ནས་མི་སྟེར།
- ཁྱོད་དེ་ལྟར་སྡོད་ཟེར་ནས།
- ཨ་ཁུ་རྒྱལ་བོ་ཚང་གིས་འཕྱ་སྨོད་བྱས་ནས་བདའ་བ་རེད་ཟེར།
- དེ་ནས་ཁོང་ཚང་དབུས་ལ་འགྲོ་རྒྱུ་ཡིན།
- དབུས་ལ་འཇལ་རུ་འགྲོ་རྒྱུ་ཟེར།
- རྫུན་ངན་ཚང་རྙིང་སྔོན་ཐེའུ་གཅིག་ལས་མེད་ལ།
- འགྲོ་ཐུབ་ནི་མ་རེད་ཟེར་ནས་འཕྱ་སྨོད་བྱས།
- དེ་ནས་ཨ་ཁུ་རྒྱལ་བོ་ཚང་གིས་གྲྭ་སྒྲིག་བྱས་དུས།
- མི་གཞན་ཚང་མ་རྗེས་དེད་ནས་གྲྭ་སྒྲིག་བྱས་པ་ཡིན།
- དེ་ནས་ལམ་ནས་སང་ཉིན་ཆུ་མེད་ས་ཞིག་ལ་འགྲོ་དགོས་ནི་རེད།
- ཁྱི་མོ་དམར་ལེབ་མ་ཁྱོད་སོང་ནས་རྫུན་བུ་ཚང་ལ་ལྐོག་ཉན་བྱོས་དང་།
- དེ་ལས་ཁྱིམ་གྱི་སྐྱིད་ཅིག་ཡོད་ནི་མ་རེད་ཟེར།
- དེ་ནས་ཁྱི་མོ་དམར་ལེབ་མ་ཡོང་ནས་ལྐོག་ཉན་བྱས་དུས།
- རྫུན་ངན་གྱིས་དེ་ལྟར་བཤད།
- ངེད་གཉིས་ཀྱིས་ད་ནས་དར་ལོག་འཁུར་ནས་འགྲོ།
- ཨ་ཁུ་རྒྱལ་བོ་ཚང་ལ་རྟ་རྫོང་མཛོ་རྫོང་མང་པོ་ཡོད་ན།
- སང་ཉིན་ཆུ་ལ་དགོས་རྒྱུ་མ་རེད་ཟེར།
- དེ་ནས་ཆུ་མེད་ས་ཞིག་ལ་ཐོན་ནས།
- ཁོ་གཉིས་ཀྱིས་དར་ལོག་གིས་ཇ་བསྐོལ་ནས།
- ཨ་ཁུ་རྒྱལ་བོ་ཚང་གིས་རྟ་རྫོང་མཛོ་རྫོང་མང་ནས།
- ཇ་ཡང་འཐུང་མ་ཐུབ་པ་རེད།
- དེ་ནས་ཡར་སོང་ནས་རྡོ་མེད་ས་ཞིག་ལ་ཐོན་ནས།
- དེ་ནས་ཁྱི་མོ་དམར་ལེབ་མ་ལ།
- ཁྱོད་སོང་ལ་རྫུན་ངན་ལ་ལྐོག་ཉན་བྱོས་དང་།
- རྫུན་ངན་ཚང་གིས་ཅི་ཟེར་བ་རེད།
- ཨ་ཁུ་རྒྱལ་བོ་ཚང་གིས།
- མི་མང་བས་པུས་མོ་མགོ་ནས་ཇ་བསྐོལ་ན་ཆོག་ནི་རེད།
- ངེད་གཉིས་ལ་པུས་མོ་ཡང་དེ་འདྲ་ཡོད་ནི་མ་རེད།
- རྡོ་ལོག་ཆ་རེ་ཁྱེར་འགྲོ་ཟེར་ནས།
- ཁོ་གཉིས་ཀྱིས་ཇ་བསྐོལ་ནས་འཐུང་ནས་བསྡད་དུས།
- ཁོ་ཚང་གི་པུས་མོ་བར་ནས་མེ་བཞག་ནས་ཚ་ནས་ཇ་འཐུང་མ་ཐུབ་པ་རེད།
- དེ་ནས་རྫུན་ངན་ཚང་བདེ་ལེགས་གིས་དབུས་ལ་འཇལ་ནས་ཕྱིར་ཡོང་བ་རེད།
- དེ་འདྲ་ཞིག་རེད།