Skip to main content Skip to search
17 Aug 2018
6 min 10 sec
Video Overview
Creators: 
Dudul Dorjee, Tibetan & Himalayan Library

Two allied kings encounter unusual events leading up to their childrens' wedding.

འདི་ནི་རྒྱལ་པོ་མནའ་བཅད་གཉིས་ཀྱི་མནའ་ཚིག་ལྟར་རྒྱལ་སྲས་མག་པར་འགྲོ་བར་ལམ་ནས་གཡོག་པོས་རྒྱལ་སྲས་ཀྱི་ཚབ་བྱས་པའི་གཏམ་རྒྱུད་ཅིག་ཡིན། 

གཏམ་རྒྱུད་འདིའི་ནང་དུ་རྒྱལ་པོ་གཉིས་ཀྱིས་མནའ་བཅད་དེ་གྲོགས་བསྒྲིགས་ནས་རྗེས་ནས་སུ་ལ་བུ་ཞིག་དང་ཕ་རོལ་པོ་ལ་བུ་མོ་ཞིག་ཡོད་ན་བུ་མག་པར་འགྲོ་རྒྱུ་ཐག་གིས་བཅད།  རྗེས་ནས་དེ་ལྟར་བྱུང་བས་རྒྱལ་པོ་གཅིག་གིས་བུ་གཡོག་པོ་གཉིས་དང་བཅས་ཕ་རོལ་རྒྱལ་ཁབ་ལ་མག་པར་འགྲོ་རུ་བཅུག་པར་ལམ་ནས་གཡོག་པོ་གཉིས་ཀྱིས་བསམ་གནག་ནས་རྒྱལ་བུའི་ཚབ་ཏུ་སོང་།  རྒྱལ་བུ་རྫི་ངན་དུ་གྱུར།  ཡིན་ཡང་ཕ་རོལ་རྒྱལ་པོའི་སྲས་མོ་གསུམ་ལས་ཆེ་གཉིས་ཏེ་གསེར་མོ་མཚོ་དང་དངུལ་མོ་མཚོ་གཉིས་ནི་བསམ་གནག་ཡིན་པ་དང་། ཆུང་བ་དུང་མོ་མཚོ་ནི་བསམ་དཀར་ཡིན་པས་རྫི་ངན་དང་འགྲོགས།  དུང་མོ་མཚོ་རྫི་ངན་ཞིག་ལ་འགྲོགས་པས་རྒྱལ་པོས་ཁོང་གཉིས་ལ་གཡག་རྒན་རྔོ་ཐེལ་ཅིག་དང་རས་གུར་ཆུང་ངུ་ཞིག་ལས་མ་སྦྱིན།  རྒྱལ་པོ་ཚང་དབུལ་ལ་ལམ་ལ་ལངས་པ་ན། རྫི་ངན་ཚང་ཡང་རྗེས་སུ་དེད་པར་རྒྱལ་པོ་ཚང་གི་ཁྱི་མོ་དམར་ལུ་མས་ཧྲགས་ཉན་བྱས་པར་རྫི་ངན་གྱིས་སྐོར་ལོག་བཤད་ནས་རྒྱལ་ཁ་བླངས། 

这是一则关于两位结为盟友的国王,按照誓言将王子入赘到另一国的途中被仆人替代王子的故事。

这个故事主要讲述了两位国王立誓结为盟友,他们商量决定,如果以后其中一方生了女儿而另一方生了儿子,王子则必须入赘到另一国。后来,其中一位国王生了一位王子而另一位生了女儿。于是按照誓约王子在两位仆人的陪伴下远嫁另一国国。在途中,两位仆人替代王子去成亲,而王子变成了一个可怜的牧人。另一方的国王有三位公主,两位长公主色么措和俄么措心底狠毒,而小公主董么措心性善良。小公主喜欢和那位可怜的牧人玩耍。国王因不满小公主董么措跟那个贫穷的牧人在一起,所以只给了他们一头老牦牛和一顶小帐篷。国王家启程去卫藏,于是牧人家也跟在后面。国王家的红色母狗去偷听牧人的计划,牧人发现母狗的行迹于是说了反话。最终,牧人在争斗中取得了胜利。

Transcript search
No results found for this search
0 of 0