Skip to main content Skip to search
15 Dec 2011
4 min 25 sec
Video Overview
Creators: 
Unknown

A visibly pregnant Dadrön discusses child rearing issues with her friend Purdrön, with a particular concern for issues pertinent to the first year after birth. The conversation takes place in a courtyard of a traditional Tibetan house within the Barkor area corresponding to the Old Lhasa city. 

婴儿将要出生。

Transcript search
No results found for this search
0 of 0
  • གྲོགས་མོ། Friend
    ཨཱ། ལྟ་ཁྱེད་རང་ཟླ་བ་ག་ཚོད་ལ་སླེབས་པ་རེད།
    Ah, how many months now since your pregnancy?
  • སྦྲུམ་མ། Pregnant Woman
    ཨམ་ལྟ་ཟླ་བ་དགུ་སླེབས་འགྲོ་ཡོག་རེད་དཱ།
    Almost nine months now.
  • གྲོགས་མོ། Friend
    རེད་པས། ལྟ་སྐྱེ་འགྲོ་ཡོག་རེད་དཱ།
    Really. Now you are about to deliver the baby.
  • སྦྲུམ་མ། Pregnant Woman
    བྱས་ཙང་། ང་ཞེད་ནའི་འདྲ་པོ་བྱེད་ཀྱིས།
    Yes. I am afraid.
  • གྲོགས་མོ། Friend
    འང་འང་། ལྟ་ཞེད་དགོས་མ་རེད།
    Oh. Don't be afraid.
  • སྦྲུམ་མ། Pregnant Woman
    ཁོང་ཚོས་ན་ཚ་ཚ་པོ་ཞེ་པོ་ཞིག་ཡོག་རེད་ཟེར།
    They told me it is really painful.
  • གྲོགས་མོ། Friend
    དེ་འཁྱུག་ཙམ་རེད། ན་ཚ་འདི་གས་ཡལ་སོང་ན་ཨཱ་ནི་ཡག་པོ་བྱུང་བ་རེད་ཨཱ་ནི།
    It is just for a while. Once your pains vanish, everything will be fine.
  • གྲོགས་མོ། Friend
    ལྟ་ངས་ཨེ་འདྲས་སེ་ལྟ་དུས་ཙམ་ལ་ཁྱེད་ཀྱི་སྤུ་གུ་བུ་མིན་འགྲོ་བསམ་གྱི་འདུག་གཱ
    When I look at you, I am assuming that your baby is likely to be a boy.
  • སྦྲུམ་མ། Pregnant Woman
    བུ་འདྲ་པོ་འདུག་གས།
    Do you think so?
  • གྲོགས་མོ། Friend
    འོ། གྲོད་ཁོག་ཙོག་ཙོག་རེད་འདུག་གཱ
    Yes, your stomach is raised up.
  • སྦྲུམ་མ། Pregnant Woman
    ཁྱེད་རང་གིས་ད་དུང་སི་པན་ཟ་ཡག་དགའ་པོ་ཡོད་ན་བུ་མོ་རེད་གསུང་གི་འདུག་གཱ
    You told me if I like to eat chili, it is going to be a baby girl.
  • གྲོགས་མོ། Friend
    ཡང་ང་རང་ཚོའོ་བོད་རིགས་ཐོག་ནས་བཤད་ན་ཨེ་འདྲ་ཟེར་གྱི་ཡོག་རེད་ད། གྲོད་ཁོག་ཙོག་ཙོག་ཡིན་པ་སྤུ་གུ་བུ་དང་། གྲོད་ཁོག་འཕྲེད་འཕྲེད་ཡིན་ན་ཨཱ་ནི་བུ་མོ་ཟེར་གྱི་ཡོག་དཱ།
    Also according to our Tibetan saying, if the stomach is raised up, one is going to have a baby boy. On the other hand, it is going to be a baby girl.
  • སྦྲུམ་མ། Pregnant Woman
    ཨ་ལས།
    I see.
  • གྲོགས་མོ། Friend
    ལྟ་ཨེ་འདྲས་སེ་ལྟ་དུས་ཙམ་པ་སྤུ་གུ་བུ་འདྲ་པོ་ཞིག་འདུག
    If I look, it seems like you are going to have a boy.
  • སྦྲུམ་མ། Pregnant Woman
    ཨཱ་ནི་འོ་སྤུ་གུ་སྐྱེས་ནས། ཨཱ་འོ་མ་སྟེར་ན་དགའ་པོ་ཡོག་རེད་འཇིབ་རུ་སྟེར་ན་དགའ་ཡོག་རེད།
    After birth, should I breastfeed or use baby formula?
  • གྲོགས་མོ། Friend
    འདི་འོ་མ་ཡིན་གོ་བྱུང་། ཨ་མའི་ངོ་མ་བཅུད་ཆེ་ཤོས་རེད་དཱ།
    Definitely you breastfeed the baby. Mother's milk is the most nutritious.
  • སྦྲུམ་མ། Pregnant Woman
    རེད་པས།
    Is it?
  • གྲོགས་མོ། Friend
    འོ།
    Yes.
  • སྦྲུམ་མ། Pregnant Woman
    ཨཱ་ནི་ཨ་མའི་འོ་མ་ཟླ་བ་ག་ཚོད་སྟེར་ན་དགའ་གི་རེད།
    Then for how many months should I breastfeed the baby?
  • གྲོགས་མོ། Friend
    ཟླ་བ་བརྒྱད། ལོ་གཅིག་ཙམ་སྟེར་ན་ཡག་པོ་ཡོག་རེད།
    From eight months to one year is good.
  • སྦྲུམ་མ། Pregnant Woman
    ཨ་ལས། སྨན་ཁང་ནས་ཁ་ཤས་ཀྱིས་འདི་ཟེར་གྱི་འདུག་གཱ སྤུ་གུ་སྐྱེས་ཚར་ནས་ཨཱ་ནི་ག་རེས་ཟླ་བ་དྲུག་ཙམ་ཨ་ལེ་འོ་མ་མ་གཞི་ཁ་ལག་སྟེར་ཆོག་གི་མ་རེད་ཟེར་གྱི་འདུག་ག ཡང་ང་ཚོའི་ཨ་མ་ལགས་ཁོང་ཚོས་ཡང་འཇམ་ཐུར་སྟེར་ན་འགྲིག་གི་རེད་ཟེར་གྱི་འདུག་ག
    I see. At some hospitals, they say like this; after childbirth, a mother should breastfeed her baby for six months and give the baby nothing else. However, my mother and others told me that liquid food is fine.
  • གྲོགས་མོ། Friend
    འོ་རེད། ལྟ་ཨཱ་འདྲ་ཟེར་གྱིས་ཏེ་ལས། ཨམ་་་ ངའི་སྤུ་གུ་ཟླ་བ་གཅིག་བར་དུ་འོ་མ་མ་གཏོགས་གང་སྟེར་མེད།
    Right. It is said like that. Um… But in my case, I breastfed him for one month and nothing else.
  • སྦྲུམ་མ། Pregnant Woman
    ཨ་ལས།
    I see.
  • གྲོགས་མོ། Friend
    ཨཱ་ནི་དེ་ནས་ཟླ་བ་གཉིས་ནང་ལ་འཇིབ་རུའི་ནང་ལ་ཨེ་འདྲས་འོ་ཊིན་འདུག་ག འོ་ཊིན་དང་རྩམ་པ་མཉམ་དུ་བན། བན་བྱས་སྟེར་པ་ཡིན།
    Then two months’ later, you know, I mixed roasted barley flour and baby formula in the bottle and gave it to the baby.
  • སྦྲུམ་མ། Pregnant Woman
    ཨ་ལས།
    I see.
  • གྲོགས་མོ། Friend
    འོ། འདི་སྟེར་གྱི་སྟེར་གྱི་བྱས། ཨཱ་ནི་ཟླ་བ་བརྒྱད་བར་དུ་ཨ་མའི་འོ་མ་སྟེར་པ་ཡིན་པ།
    So along with this, I breastfed the baby for eight months.
  • སྦྲུམ་མ། Pregnant Woman
    ཨ་ལས།
    I see.
  • གྲོགས་མོ། Friend
    ཨ་མའི་འོ་མ་སྟེར་གནང་དང་ཡག་ཤོས་རེད། ཨ་མའི་འོ་མ་སྟེར་དུས་ཙམ་ལ་ཏིག་ཙམ་ཚ་གི་རེད། ཨཱ་ནི་ཚ་དུས་ཙམ་ལ་འདི་སྒང་ལ་ཆུ་སིལ་ཞིག་འདོན་ཡོང་གི་འདུག་གཱ།
    The best thing is mother’s milk. When you breastfeed a baby, it will hurt a little.
  • སྦྲུམ་མ། Pregnant Woman
    འོ།
    I see.
  • གྲོགས་མོ། Friend
    ཆུ་ཟིལ་འདོན་དུས་ཙམ་པ། འདི་སྤུ་གུ་སྟེར་བ་ཡིན་ན་ཡག་ཤོས་རེད་ཟེར་གྱི་འདུག འདི་བཅུད་ཆེ་ཤོས་རེད་ཟེར་གྱི།
    Then colostrum starts to appear, they said it is the best and you must give it to your baby. They said it is the most nutritious food for the baby.
  • སྦྲུམ་མ། Pregnant Woman
    ཨ་ལས།
    I see.
  • གྲོགས་མོ། Friend
    འོ་འདི་ཡིན་གཅིག་མིན་གཅིག་སྟེར་གནང་ལ།
    You must give it to your baby.
  • སྦྲུམ་མ། Pregnant Woman
    ལཱ་སེ།
    Okay.
  • གྲོགས་མོ། Friend
    མཁྱེན་སོང་མ།
    You got that?
  • སྦྲུམ་མ། Pregnant Woman
    འོ།
    Yes.
  • གྲོགས་མོ། Friend
    ལྟ་མགྱོགས་འདུག་གཱ
    You are going to give birth soon.
  • སྦྲུམ་མ། Pregnant Woman
    འོ། ཨཱ་ནི་སྤུ་གུ་སྐྱེ་ཚར་ནས་སྤུ་གུ་ཡཱ་ཆུ་གདན་ང་ཚོ་བོད་པའི་རས་ཨེ་ནས་གཏིང་ན་དགའ་བ་ཡོག་རེད། ཡང་དེང་སང་ཕྱི་རྒྱལ་སྤུ་གུ་ཡཱ་གཏིང་ཡག་ཨེ་འདྲས།
    Yes. Should I use cloth as a diaper like we Tibetans do or a foreign product? Which one is better?
  • གྲོགས་མོ། Friend
    འོ། ཤོག་བུའི་འདི།
    Yes. You mean the one made of paper.
  • སྦྲུམ་མ། Pregnant Woman
    འོ། གཅིག་འདོན་འདུག་གཱ ག་གི་གཏིང་ན་དགའ་གི་རེད།
    That is right. The one available on the market. Which one is better?
  • གྲོགས་མོ། Friend
    ཨམ་འདི་་་ འདི་འདུག་གཱ་རས། རས་འདི་གཏིང་ན་ཡག་པོ་འདུག ཟླ་བ་གསུམ་བར་དུ་རས་གཏིང་གནང། ཨེ་དེ་ནས་ཟླ་བ་གསུམ། ཨམ་་་ ཚར་སོང་ན་ ཨཱ་་་་ འདི་ཉིན་མའི་གོང་རས་གཏིང་། ཨཱ་ནི་དགོང་ཏག་སྤུ་གུ་ཤོག་བུའི་དེ་གཏིང་གནང་པ་རེད་པཱ། ཨཱ་ནི་ཡག་པོ་ཞེ་འདུག
    If you use cloth, it is good. Use it for three months. After that, um… after that, use cloth during the daytime and the diaper at night. If you do this, it is very good.
  • སྦྲུམ་མ། Pregnant Woman
    ཨ་ལས།
    I see.
  • གྲོགས་མོ། Friend
    ཨཱ་ནི་སྤུ་གུ་གཉིད་ཡག་པོ་ཞིག་ཁུག་གི་འདུག་གཱ
    Then the baby is able to sleep soundly.
  • སྦྲུམ་མ། Pregnant Woman
    ཨ་ལས། ཨཱ་ནི་ཟླ་བ་དང་པོ་དེ་བར་དུ་ཤོག་བུའི་དེ་ཆུ་གདན་གཏིང་ག་རེ་ཡོག་རེད།
    I see. If I use diaper for the first one month, what is wrong with that?
  • གྲོགས་མོ། Friend
    མ་རེད་ཡང་རྐང་པ་བྲལ་བྲལ་ཆགས་ཀྱི་རེད་ཟེར་གྱི་འདུག་གཱ ཨེ་འདྲས།
    Some say that if you use diapers, the child’s legs will spread apart.
  • སྦྲུམ་མ། Pregnant Woman
    ཨ་ལས།
    I see.
  • གྲོགས་མོ། Friend
    ང་ནི་ཟླ་བ་གསུམ་བར་དུ་གཏིང་མེད།
    I did not use them for the first three months.
  • སྦྲུམ་མ། Pregnant Woman
    ལཱ་སེ།
    Okay.
  • གྲོགས་མོ། Friend
    ཨཱ་ནི་ཟླ་བ་བཞི་ནས་དགོང་ཏག་གཟིམ་པ་དང་། དགོང་དག་གཏིང་། ཨཱ་ནི་ཉི་མའི་གོང་ལ་འདི་གཏིང་། རས་ཀྱི་འདི།
    Then after four months, I used them at night. During the day I used cloths.
  • སྦྲུམ་མ། Pregnant Woman
    ཨ་ལས།
    I see.
  • གྲོགས་མོ། Friend
    འོ། ཨཱ་ཡང་ཤོག་བུ་འདི་ཡག་པོ་ཞིག་འདུག་གཱ ཕྱི་ལོགས་དང་ཨེ་འདྲས་འགྲོ་དུས་ཙམ་པ། ཡང་གླིང་ཁའི་བཟོ་འདྲས་ཕྱིན་པ་ཡིན་ན་ཤོག་བུའི་འདི་འཁྱེར་པ་རེད་པ་ཡག་པོ་ཞིག་འདུག
    Okay. Diapers are very good, especially if you are heading outside, or having a picnic.
  • སྦྲུམ་མ། Pregnant Woman
    ཨ་ལས།
    I see.
  • གྲོགས་མོ། Friend
    སྟབས་བདེ་པོ་བྱས། འོ། ལྟ་སྤུ་བུ་ཨ་མ་ཆགས་འགྲོ་ཡོག་རེད་དཱ།
    It is very convenient. Right. Soon you will be a mother.
  • སྦྲུམ་མ། Pregnant Woman
    ལ། མིག་ཡུག་ཙམ་ལ་ལྟ་ཆེན་པོ་ཆགས་ཚར།
    The baby became so big in such a short time.
  • གྲོགས་མོ། Friend
    ལྟ་མགྱོགས་པོ་ཡོག་རེད། ལྟ་འཁྱུག་ཙམ་རེད། ལྟ་ཞེད་སྣང་མ་གནང་། ཨཱ་ནི་དེ་ནས་ཀུ་རུ་ཟམ་པ་དེ་ཕར་འགྲོལ་ལ།
    Now the baby is arriving soon. It won’t take long. Don’t be afraid. Then do cross the Kuru Bridge.
  • སྦྲུམ་མ། Pregnant Woman
    ལཱ་སེ། སང་ཉིན་འགྲོ་གོ་བསམ་བྱུང་།
    Okay. I think I will go there tomorrow.
  • གྲོགས་མོ། Friend
    འོ་རེད། ཨཱ་ནི་བསངས་ཤིག་བཏང་། ཕ་གིར།
    Right. And then do offer incense.
  • སྦྲུམ་མ། Pregnant Woman
    ལཱ་སེ།
    I will.
  • གྲོགས་མོ། Friend
    ཕ་གིར་ཕྱིན་པ་ཡིན་ན་ལྟ་འདི་ཟེར་གྱི་འདུག་ག ཕར་ཕྱིན་ཚར་བྱས། ཨཱ་ནི་རྡོ་ནཱ་ཅི་འཁྱེར་བྱས་ཕར་ཕྱི་ལྟས་མ་ལོགས་པར་ཚུར་འཁྱེར་ཡོང་གོ་རེད་ཟེར་གྱི་འདུག་གཱ
    If you go there, they said one has to cross it and then bring back a stone without looking back.
  • སྦྲུམ་མ། Pregnant Woman
    ཨ་ལས། རྡོ་ཟམ་པ་ཚུར་ཕྱོགས་ངོགས་ནས་རྡོ་འཁྱེར་བྱས་ཕྱིན། ཕར་ཕྱོགས་སླེབས་་་
    I see. You mean I take a stone and cross to the other side of the bridge?
  • གྲོགས་མོ། Friend
    མ་རེད། ཕར་ཕྱོགས་ངོགས་སླེབས་པ་རེད་པ། བསངས་བཏང་ཚར་པ་དང་ཚུར་རྡོ་གཅིག་འཁྱེར་ཡོང་བྱས་ཨཱ་ནི་ཕྱི་ལྟས་མ་སློག་པར་ཚུར་ལོགས་ཡོང་གོ་རེད་ཟེར་གྱི་འདུག་གཱ
    No. Once you reached the other side of the bridge, first offer incense and then bring a stone back from that side without looking back.
  • སྦྲུམ་མ། Pregnant Woman
    འོ། རྡོ་དི་ནང་བར་དུ་འཁྱེར་དགོས་པ་རེད་འཁྱེར་འགྲོ་དགོས་པ་རེད་པས། ཡང་ཟམ་པ་ཡོལ་ཚར་གཡུག་བཞག་ན་འགྲིག་གི་ཡོག་རེད།
    I got it. Do I have to take the stone home or I can throw it away once I crossed the bridge?
  • གྲོགས་མོ། Friend
    ལྟ་འདི་ཡང་གོ་ཞེ་དྲགས་ཚོད་མ་སོང་ང་།
    That I am not so sure.
  • སྦྲུམ་མ། Pregnant Woman
    ཨ་ལས། ལཱ་སེ།
    I see. Okay.
  • གྲོགས་མོ། Friend
    ལྟ་མ་ང་རང་ཚོའི་འདི་ཞིག་འདུག་གཱ་"མ་ཇུ་ནི་"ཟེར་བའི་རས་ཡག་པོ་ཞིག་མི་འདུག་གས།
    You know “majuni,” the high quality cloth?
  • སྦྲུམ་མ། Pregnant Woman
    འོ།
    Yes.
  • གྲོགས་མོ། Friend
    བལ། བལ་གྱིས་བཟོས་རྒྱོག་རེད་ཟེར་རས་ཤིག་འདུག་ག དེ་ཡག་པོ་རྒྱའུ་འདུག
    The one they said is made from cotton. That one is very good.
  • སྦྲུམ་མ། Pregnant Woman
    ཨ་ལས།
    I see.
  • གྲོགས་མོ། Friend
    ཡང་རས་རང་བྱས་བྱས་རས་འགའ་ཤས་ཀྱིས་ནང་ལོགས་ལ་འགྱིག་འདྲེས་རྒྱོག་ཨེ་འདྲས་འདུག་ག ཡང་འདི་སྤུ་གུའི་རྐུབ་ལ་རྨ་བཟོ་འདུག་ག
    And some materials, though they are made from cloth they are also mixed with plastic. Those ones hurt the baby’s backside.
  • སྦྲུམ་མ། Pregnant Woman
    ཨ་ལས། ཨ་ནི་སྤུ་གུ་སྐྱེ་ཚར་ནས་སྤུ་གུའི་གདོང་ལ་སྐྱོ་རལ་བཟོ་འདྲས་འགོས་ཨཱ་ནི་ཆུ་གས་འཁྲུད་ན་དགའ་གི་རེད་པས། ཡང་ག་རེད་བཀྲུ་དགོས་ཀྱི་རེད། འཁྲུད་རྒྱག་ཡག་ཡོག་རེད་པས།
    While feeding the baby if you get the face dirty, is it good to clean with water, or what should I use to clean the baby’s face?
  • གྲོགས་མོ། Friend
    ཨམ་་་ ཨེ་འདྲས་ཟེར་གྱི་འདུག་གཱ་ཨ་མའི་འོ་མས་བཀྲུ་གོ་རེད་ཟེར་གྱི་འདུག་གཱ ཨ་མའི་འོ་མས་བཀྲུ་པ་ལ་དགའ་ཤས་ཟེར་ན་ཨ་མའི་འོ་མ་བཀྲུ་ན་ཐོར་པ་ཟེར་སྐྱེས་ཀྱི་རེད་ཟེར།
    Um… They say one should wash with mother’s milk. While others say if you wash with mother’s milk, pimples might start to appear on baby’s face.
  • སྦྲུམ་མ། Pregnant Woman
    ཨ་ལས། ཨཱ་ནི་ཁྱེད་རང་ག་རེད་བཀྲུས་གནང་བ་ཡིན།
    I see. Then what you use to clean the face?
  • གྲོགས་མོ། Friend
    ང་ཨ་མའི་འོ་མས་བཀྲུས་པ་ཡིན་དེ་ལས་ཨེ་འདྲས་སྣང་བ་གང་མི་བྱུང་།
    I washed with mother’s milk but did not notice anything you said.
  • སྦྲུམ་མ། Pregnant Woman
    ཨ་ལས།
    I see.
  • གྲོགས་མོ། Friend
    ད་ལྟར་སྤུ་གུ་ཤ་ཚོན་ཡག་པོ་ཞེ་དྲགས་ཡོད།
    Now my baby’s skin color is very good.
  • སྦྲུམ་མ། Pregnant Woman
    ལཱ་སེ།
    Okay.
  • གྲོགས་མོ། Friend
    དཀར་པོ་ར་ཅིག
    Got fair complexion.
  • སྦྲུམ་མ། Pregnant Woman
    ཨ་ལས། ཀུ་ཅི་འོང་ཐུགས་ཆེ།
    I see. Thank you very much.
  • གྲོགས་མོ། Friend
    འོ། ལྟ་ཏིག་ཙམ་ཡར་བཞུགས་པ་ཕེབས་དོ།
    Let us take a little rest inside.
  • སྦྲུམ་མ། Pregnant Woman
    འོ།
    Okay.
  • གྲོགས་མོ། Friend
    ག་ལེར་ག་ལེར་ཡིན་དཱ།
    Let's go slowly.
  • སྦྲུམ་མ། Pregnant Woman
    ལཱ་སེ།
    Okay.
  • གྲོགས་མོ། Friend
    ག་ལེར་ཡིན་དཱ།
    Be careful.