Skip to main content Skip to search
20 Jun 2018
1 min 56 sec
Video Overview
Creators: 
Duptho, Sonam Chophel

The paddy plantation song BaP shey ba ba is performed by Lobzang Wangmo from Lem village. This song is usually sung while threshing rice on a terrace. It has been passed down from generation to generation, and is still sung in the village. It has a strong social significance in the valley as rice of the Radi and Phongmey is known as “the rice bowl of the east.” The song expresses aspirations for the well-being of the valley and its inhabitants through abundant yields from the paddy plantations and peace amongst the residents. 

༉  བཀྲིས་སྒང་རྫོང་ཁག་ཕོངས་མེད་རྒེད་འོག་ གཡུས་གླེམ་ལས་ བློ་བཟང་དབང་མོ་གིས་ གླུ་གཞས་བབས་ཤིག་བབས་ཟེར་མི་འདི་འཐེན་ཏེ་འདུག གླུ་གཞས་འདི་ ཨ་རིང་ནང་ རེད་བརྡུང་བའི་སྐབས་འཐེནམ་ཨིནམ་ད་ གླུ་གཞས་འདི་རྩོམ་པ་པོ་ག་ཨིན་ན་ གཡུས་འདི་ནང་གི་མི་ ག་གིས་ཡང་མི་ཤེས་དོ་ཡོདཔ་མས། ཨིན་རུང་ འདི་ཧེ་མ་ལས་བརྒྱུད་དེ་ཡོདཔ་ལས་ ད་རེས་ནངས་པར་ཡང་ རེད་བརྡུང་བའི་སྐབས་འཐེནམ་ཨིནམ་ད་ གླུ་གཞས་དེ་ རྩ་ཆེན་ཅིག་སྦེ་བརྩིཝ་ཨིན་མས། དེ་ཡང་ ཕོངས་མེད་དང་ར་སྡི་གཉིས་ཀྱི་ཆུམ་འདི་ ཤར་ཕྱོགས་ཀྱི་གཞོངམ་སྦེ་བརྩིཝ་ཨིན་མས། གླུ་གཞས་འདི་ ལུང་ཕྱོགས་དེ་ནང་ དགའ་སྐྱིད་ཀྱི་དོན་ལུ་བརྩམས་བརྩམས་ཨིནམ་ད་ གཡུས་སྐད་ཀྱི་གླུ་ཚིག་ནང་ རེད་ལེགས་ཤོམ་སྦེ་འབབ་ནི་དང་ བཟའ་ཚང་ནང་ལེགས་ཤོམ་སྦེ་སྡོད་བཅུག་ ཟེར་བའི་སྨོན་ཚིག་ཚུ་ཡོདཔ་ཨིན་མས། འ་ནཱི་གླུ་གཞས་འདི་ ཁོང་རང་གི་ཁ་སྐད་དམ་གཡུས་སྐད་འབད་ནི་དེ་གིས་ ས་གནས་གཞན་ཁ་ལས་ཕར་ འཐེན་སྲོལ་གནམ་མེད་ས་མེད་ཅིག་མེདཔ་ཨིན་པས།

Transcript search
No results found for this search
0 of 0
  • བློ་བཟང་དབང་མོ་
    Lobzang Wangmo: ལགས་སོ། ཧེ་མ་ང་བཅས་ བུཚ་དང་བུམོ་ཚུ་གཞོན་པའི་བསྒང་ རེད་བརྡུངམ་ད་ལུ་ ཞབས་བྲོ་འ་ནཱི་བཟུམ་ [འཆོལ་འཆོལཝ་?]བཟུམ་འཐེན་འཐེནམ་མས་ད་དགོད་བྲོ་འབད།
  • བློ་བཟང་དབང་མོ་
    Lobzang Wangmo: ཨོ་འབབ་ཤིག་འབབ་འབབ། ཨོ་འབབ་ཤིག་འབབ་འབབ། །ཨོ་འབབ་ཤིག་འབབ་འབབ། འོང་ཀུ་ཨ་མ་ངེ་གར་མོ། །ངེ་ནིང་བསྟུན་ནུ་རོ་ལོ། །ཨོ་འབབ་ཤིག་འབབ་འབབ། །
  • བློ་བཟང་དབང་མོ་
    Lobzang Wangmo: གཡང་ཀུ་ཨ་མ་ཚེ་དཔལ་མོ། །ཚེ་ནིང་བསྟུན་ནུ་རོ་ལོ། །ཨོ་འབབ་ཤིག་འབབ་འབབ། །ཨོ་འབབ་ཤིག་འབབ་འབབ།
  • བློ་བཟང་དབང་མོ་
    Lobzang Wangmo: འབྲོག་པ་ཡུ་སུང་ཁུ་ལ། །སྟེང་གཏན་ན་ས་མ་ལ། །ཨོ་འབབ་ཤིག་འབབ་འབབ། །ཨོ་འབབ་ཤིག་འབབ་འབབ། །
  • བློ་བཟང་དབང་མོ་
    Lobzang Wangmo: ཚངས་ལ་ཡུ་སུང་ཁུ་ལ། །ཏོག་པ་ལིང་ན་ས་མ་ལ། །ཨོ་འབབ་ཤིག་འབབ་འབབ། །ཨོ་འབབ་ཤིག་འབབ་འབབ།
  • བློ་བཟང་དབང་མོ་
    Lobzang Wangmo: སྒར་པ་ཡུ་སུང་ཁུ་ལ། །ས་རི་ན་ས་མ་ལ། །ཨོ་འབབ་ཤིག་འབབ་འབབ། །ཨོ་འབབ་ཤིག་འབབ་འབབ། །
  • བློ་བཟང་དབང་མོ་
    Lobzang Wangmo: ལགས་སོ།། །།