11 Jan 2016
3 min 58 sec
Video Overview
Creators:
Tibetan & Himalayan Library
This is a video of Shabo Tso from Khengya Village in Chentsa singing a song called "The Azure Sky Has Eighteen Stories." This song is part of a collection of folk songs from the Rebgong cultural area.
འདི་ནི་ཁྲོམ་ཚོགས་ཀྱི་ནང་དུ་གླུ་བ་གཞན་པར་ཡང་གླུ་ལེན་པར་སྐུལ་བའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་ཨ་སྔོན་དབྱིངས་སུ་འབྲུག་གྲགས་པའི་དུས་ལ་བབས་པ་དང་རྫ་མགོ་མཐོན་པོར་འབྲོང་རྭ་རྩེ་བྱེད་པའི་དུས་ལ་བབས་པའི་དཔེ་ལྟར་ཁྲོམ་ཚོགས་ཀྱི་ནང་དུ་གླུ་བ་གླུ་མས་གླུ་ལེན་པའི་དུས་ལ་བབས་པས་ཚང་མས་གླུ་ལེན་གར་རྩེ་བྱེད་པར་སྐུལ་བའི་དོན་ཡིན།
- ༼ཡེ་་་ལོངས་ལ་རེ་ལེན། ལེན་གི་ཡོད་གོ་་་ཡེ་ལོངས་ལ་རེ་ལེན༽
- དགུང་སྔོན་པོ་བང་རིམ༼ལོངས་ལ་རེ་ལེན༽བཅོ་བརྒྱད་ཡོད།།༼ཡེ་ལོངས་ལ་རེ་ལེན༽
- བང་རེ་རེ་ནང་ན༼ལོངས་ལ་རེ་ལེན༽འབྲུག་རེ་ཡོད།།༼ཡེ་ལོངས་ལ་རེ་ལེན༽
- འབྲུག་དེ་རིང་མི་གྲགས༼ལོངས་ལ་རེ་ལེན༽ནམ་རེ་གྲགས།༼ཡེ་ལོངས་ལ་རེ་ལེན༽
- ༼ཡེ་་་ལོངས་ལ་རེ་ལེན། ལེན་གི་ཡོད་གོ་་་ཡེ་ལོངས་ལ་རེ་ལེན༽
- རྫ་ཁྲ་ཡག་བང་རིམ༼ལོངས་ལ་རེ་ལེན༽བཅོ་བརྒྱད་ཡོད།།༼ཡེ་ལོངས་ལ་རེ་ལེན༽
- བང་རེ་རེ་ནང་ན༼ལོངས་ལ་རེ་ལེན༽འབྲོང་རེ་ཡོད།།༼ཡེ་ལོངས་ལ་རེ་ལེན༽
- འབྲོང་དེ་རིང་མི་རྩེ༼ལོངས་ལ་རེ་ལེན༽ནམ་རེ་རྩེ།།༼ཡེ་ལོངས་ལ་རེ་ལེན༽
- ༼ཡེ་་་ལོངས་ལ་རེ་ལེན། ལེན་གི་ཡོད་གོ་་་ཡེ་ལོངས་ལ་རེ་ལེན༽
- ནང་ཁྲོམ་པ་བང་རིམ༼ལོངས་ལ་རེ་ལེན༽བཅོ་བརྒྱད་ཡོད།།༼ཡེ་ལོངས་ལ་རེ་ལེན༽
- བང་རེ་རེ་ནང་ན༼ལོངས་ལ་རེ་ལེན༽གླུ་རེ་ཡོད།།༼ཡེ་ལོངས་ལ་རེ་ལེན༽
- གླུ་དེ་རིང་མི་ལེན༼ལོངས་ལ་རེ་ལེན༽ནམ་རེ་ལེན།༼ཡེ་ལོངས་ལ་རེ་ལེན༽
- གླུ་ཤེས་ནི་མིན་ར༼ལོངས་ལ་རེ་ལེན༽དགའ་ནི་ཡིན།།༼ཡེ་ལོངས་ལ་རེ་ལེན༽