Video Overview
This is a video of Tsethar Bum from Yonru Village in Chentsa singing a song called "The Azure Sky Is like a Crystal House." This song is part of a collection of folk songs from the Rebgong cultural area.
- ༼ཡེ་་་དུང་ལོ་ལོ་་་་ཡ་རེ་ལེན་དགོ་་་་ཞང་ཡ་རེ་འཇོག་ནས་དུང་ལོ་ལོ་གླུ་ཞིག་ལེན༽
- དགུང་སྔོན་པོ་ཤེལ་གྱི༼དུང་ལོ་ལོ༽ཁང་པ་རེད། །
- འབྲུག་ཕོ་ཆུང་ཁང་པའི༼དུང་ལོ་ལོ༽སྒོ་ཟོག་རེད། །
- སྤྲིན་དཀར་པོ་གཡང་གི༼དུང་ལོ་ལོ༽མདའ་དར་རེད། །
- བཀྲ་ཤིས་པའི་མདའ་དར༼དུང་ལོ་ལོ༽ཡར་ལ་བསྟོད། །
- ༼ཡེ་་་དུང་ལོ་ལོ་་་་ཡ་རེ་ལེན་དགོ་་་་ཞང་ཡ་རེ་འཇོག་ནས་དུང་ལོ་ལོ་གླུ་ཞིག་ལེན༽
- རྫ་ཁྲ་ཡག་ཤེལ་གྱི༼དུང་ལོ་ལོ༽ཁང་པ་རེད། །[
- འབྲོང་བྲེ་སེར་ཁང་པའི༼དུང་ལོ་ལོ༽སྒོ་ཟོག་རེད། །
- རྩྭ་མེ་ཏོག་གཡང་གི༼དུང་ལོ་ལོ༽མདའ་དར་རེད། །
- བཀྲ་ཤིས་པའི་མདའ་དར༼དུང་ལོ་ལོ༽ཡར་ལ་བསྟོད། །
- ༼ཡེ་་་དུང་ལོ་ལོ་་་་ཡ་རེ་ལེན་དགོ་་་་ཞང་ཡ་རེ་འཇོག་ནས་དུང་ལོ་ལོ་གླུ་ཞིག་ལེན༽
- ཁྱིམ་འདི་ཡང་ཤེལ་གྱི༼དུང་ལོ་ལོ༽ཁང་པ་རེད། །
- ཕ་ཨ་ཁུ་ཁྱིམ་འདིའི༼དུང་ལོ་ལོ༽བདག་པོ་རེད། །
- གླུ་ཁ་མཚར་གཡང་གི༼དུང་ལོ་ལོ༽མདའ་དར་རེད། །
- བཀྲ་ཤིས་པའི་མདའ་དར༼དུང་ལོ་ལོ༽ཡར་ལ་བསྟོད། །