Video Overview
A woman has scratched a pimple on her face and explains to a man how she is treating it to avoid a scar.
- Lhasa
- Ü
- ཁྱེད་རང་འདི་ག་རེད་གནང་པ་རེད།What is that on your face?
- འདའི་ལོ།You mean this one?
- འོ། ཀོ་ཡོལ་སྦྱར་འདུགYes, the part with the bandage.
- འདའི་འོ་ན་ཐོར་པ་ཆུང་ཆུང་ཞིག་སྐྱེས་སོང་ང།A small pimple broke out there.
- འོ།Then?
- ཨཱ་ནི་ཨེ་འདྲས་སེ་སྦར་ཤད་བརྒྱབ། ཨཱ་ནི་ལྟ་ཁོ་རྣག་བརྒྱབ་པའི་བཟོ་ལྟ་བྱས་བྱས།I scratched it like this. Now it got pus in it.
- འོ།Oh.
- ཐབས་ཤེས་ཅི་ཡང་མི་འདུག་གཱ ཨཱ་ནི་ཀོ་ཡོལ་སྦྱར་པ་ཡིན་པ།I couldn't find a treatment for that, so I covered it with a Band-Aid.
- འོ་ཡཱ།Oh dear.
- ལྟ་ང་ལྟ་སེམས་ཁྲལ་བྱས་འདའི་རྨ་རྗེས་ལས་མི་ཡོང་ངས་བསམ། ལས་ཨེ་ཡོང་།I worry a lot that it might leave a scar on my face. Do you think so?
- ཨོའོ་ལྟ་འདི་ཧ་གོ་ཡག་ཡོག་མ་རེད་དཱ།Oh, that is hard to tell.
- བྱས་ཙང་།Right.
- ཁྱེད་རང་འདི་གཉེན་ཁ་བྱས་ཆེན་པོ་ཆགས་འབར་པ་ཡིན་ན་རྗེས་མ་དྲག་པ་ཡིན་ནའི་འདི་ཐོར་པའི་ཤུལ་གྱི་རྨ་རྗེས་འདི་བསྡད་བསྡད་ཀྱི་རེད།If it gets worse and grows in size, later it might leave a scar even it heals.
- བྱས་ཙང་། སྨན་ཞག་རྩི་ཡོད་པ་འབྱུག་ན་ཡང་ཁོང་ཚོས་རྨ་རྗེས་བསྡད་ཀྱི་རེད་ཟེར་གྱི་འདུག་གཱRight. They told me that if I apply an oil cream, it will also leave a mark.
- འོ་ནག་པོ་ཆགས་ཀྱི་རེད།It will turn black.
- བྱས་ཙང་ལྟ་ངས་ཀོ་ཡོལ་སྦྱར་ཀ་བྱས་པ། ལྟ་ད་ལྟ་ང་སེམས་ཁྲལ་ཆེ་ཤོས་འདི་རྨ་རྗེས་དེ་ལས་མི་ཡོང་ངས་བསམ་གྱིས། ག་རེ་བྱས་ཡོང་།Right, so I used a Band-Aid. My only concern is that it might leave a mark. What do you think will happen?
- ཨོའོ། ལྟ་འདི་ཕལ་ཆེར་རྨ་ཐོག་ཀོ་ཡོལ་རྒྱུན་རིང་པོ་་་Oh... If you cover it with a Band-Aid for too long...
- གོ་རོབ་བཟོས་འདུག་གཱIt is not small, right?
- འོ་ཨོ།Yes.
- རྣག་འཁོར་འདུག་གཱCan you see the pus?
- འདུག་འདུག་འདུག ལྟ་ཁྱེད་རང་འདི་དྲག་སོང་ན། འོ་ཞག་རྩི་འབྱུག་པ་ཡིན་ན་ནག་པོ་ཆགས་རྨ་རྗེས་སྡུག་ཏུ་འགྲོ་གི་རེད། རྨ་རྗེས་བསྡད་ཀྱི་རེད།Yes, yes, yes. If you apply face cream once it heals, it will leave a scar.
- བྱས་ཙང་།Right.
- ཡང་མིན་ན་སྨན་ཁང་ལ་ཐད། ཨཱ་ནི།Alternatively, you can go to a hospital.
- ཨཱ་ནི་དེ་ཡང་གཤག་བཅོས་བྱེད་དགོས་རེད་ཟེར་པ་མ་རེད་པས།Or you can do some minor operation.
- གཤག་བཅོས་བྱས་ནའི་ལས་དྲག་གི་རེད། རྨ་རྗེས་དེ་ལས་ཀྱི་མ་རེད། དེང་སང་སྨན་འདི་འདྲས་གསར་པ་ཞིག་འདུག་གSuch operation might solve the problem and won't leave any scar. These days, a new medicine is available.
- ཨཱ་ལས།I see.
- སྨན་རྩིས་ཁང་ལ་སྨན་ཡག་པོ་ཞིག་འདུག་ཟེར་གྱིས། རྨ་རྗེས་མེད་པ་བཟོ་ཡག་ཞིག་འདུག་ཟེར་གྱིས། ལྟ་ཁོ་སྨན་་་I heard that Medical and Astro Institute has one effective medicine that removes scars.
- ལྟ་ག་རས་ཏན་ཧྲི་(Ch. 电视)ནང་འདི་པར་གཅིག་འབྱུག་ཡག་བཟོ་ལྟ་འདུག ཨཱ་ནི་རྨ་རྗེས་དག་གི་ཨ་ཡོད།I also saw a lotion on T.V. Do you think it will remove my scar?
- ལྟ་དེ་ཚོ་གང་འདྲ་ཡིན་ནམ། གཅིག་བྱས་ན་ལྟ་ཕན་པོ་ཡོད་ཀྱི་རེད།I don't know the effectiveness of those products. Maybe they are pretty good.
- ལྟ་ང་ནི་སེམས་ཁྲལ་ཚ་ཤོས་འདི་རེད་ཤག གདོང་ཨེ་འདྲས་བྱས་མིའི་བསམ་པར་རྒྱག་རེས་བརྒྱབ་མིན་འགྲོ་བསམ།It is my biggest concern now. With that on my face, some people might think that I fought with someone.