Video Overview
༉ ཆུ་ཁ་རྫོང་ཁག་ བོང་སྒོར་རྒེད་འོག་ སྐྱེས་ཏོག་ཁ་ལས་རིན་ཆེན་གྱིས་ ཨའོ་རྟ་དང་སྒ་དང་མི་དང་གསུམ་ཟེར་མི་གླུ་གཞས་ཅིག་འཐེན་ཏེ་འདུག གླུ་གཞས་འདི་གི་བཅུད་དོན་བཟུམ་ཅིག་འབད་བ་ཅིན་ གཅིག་གིས་གཅིག་ལུ་དགའ་བའི་བརྩེ་གདུང་ཡོད་རུང་ གཅིག་གིས་གཅིག་ལུ་ཁ་སླབ་དོ་བཟུམ་སྦེ་སླབ་ནི་གི་གོ་སྐབས་མ་ཐོབ་ལས་ གླུ་གཞས་ཀྱི་ཐོག་ལས་འབད་དེ་ ས་གནས་དེ་ཁ་ལུ་ཤོག་ཟེར་ འབོ་བའི་དོན་ཨིནམ་ད་ དེ་ཡང་ སྐྱེས་པ་བྱ་ལོཔ་ཅིག་དང་ ཟམོ་ལུག་ལོམ་ཅིག་ ཁོང་ར་གཉིས་གཅིག་གིས་གཅིག་དགའ་བའི་བློ་སེམས་མཐུན་ཏེ་འབད་རུང་ གདོང་སྐོར་རྐྱབ་སྟེ་བློཝ་སླབ་སྡོད་ནི་གི་གོ་སྐབས་མ་ཐོབ་ལས་བརྟེན་ཏེ་ གོ་སྐབས་ལེན་ནི་གི་དོན་ལས་ གཡག་ཁལ་བཀལ་སའི་ས་གནས་ལུ་ཤོག་ཟེར་ གླུ་གཞས་ཀྱི་ཚིག་ནང་སྦེ་སླབ་ཨིན་མས།
Rinchen from Ketokha village sings a Boedra song describing unsucessful love. Although the lovers were deep in love they did not have an opportunity to meet and share their feelings with one another. Thus, their love was expressed through the lyrics of this song, which plan to meet in the future, when the paddy was harvested.
- Bongo
- རྟ་མགྲིན་Tandin: ཨ་འོ་རྟ་དང་རྒ་དང་མི་དང་གསུམ།།
- རྟ་མགྲིན་Tandin: ཨ་འོ་རྟ་ལོ་རྟེ་ཨ་ལོ་མ།།
- རྟ་མགྲིན་Tandin: ཁྱོད་ཆརཔ་བྱ་ལྡན་ཚེ་ ཨ་ལོ་མ།།
- རྟ་མགྲིན་Tandin: འཇོ་མོ་རྒྱ་བཀལ་ས་བལྟ་མ་རེ།།
- རྟ་མགྲིན་Tandin: ཁྱོད་བྱ་སུ་ཁན་པ་རི་བོ་རྒྱས་ཨིན།།
- རྟ་མགྲིན་Tandin: ང་དགུན་སུ་ཀ་པ་རྡ་ཅོ་ཨིན།།
- རྟ་མགྲིན་Tandin: ཁྱོད་ཆགཔ་ས་ཚོགས་ཚེ་ཨ་ལོ་མ།།
- རྟ་མགྲིན་Tandin: ཁྱོད་ཆགས་བྱ་ཚོགས་ས་མ་ལྷོད་རུང་།།
- རྟ་མགྲིན་Tandin: བྱོགཔ་གཡའ་ཁལ་བཀལ་ས་ཤོག་སྨ་རེ།།
- རྟ་མགྲིན་Tandin: བྱོགཔ་གཡའ་ཁལ་བཀལ་ས་ཤོག་སྨ་རེ།།
- རྟ་མགྲིན་Tandin: སྐྱེདཔ་བྱ་ལོ་ཟེར་བ་ཕུར་ད་ཡི།།
- རྟ་མགྲིན་Tandin: ཁྱོད་ར་སྐྱེད་པ་ལོ་བྱ་ལོ་ཟེར།།
- རྟ་མགྲིན་Tandin: ཟམ་ང་རའི་ལོ་ལུག་ལོ་ཟེར།།
- རྟ་མགྲིན་Tandin: སྐྱེསཔ་བྱ་ལོ་ཟེར་བ་ཕུར་ད་ཡི།།
- རྟ་མགྲིན་Tandin: ཟམ་ལུག་ལོ་ཟེར་བ་ལུད་ད་ཡི།།
- རྟ་མགྲིན་Tandin: ཁྱོད་ཆགས་བྱ་ལྡན་ས་མ་ལྷོད་རུང་།།
- རྟ་མགྲིན་Tandin: བྱགཔ་གཡའ་ཁལ་བཀལ་ས་ཤོག་སྨ་རེ།། ལགས་སོ།