Video Overview
The herdsmen traditions and customs of Balang village are presented through Tenzin’s daily life.
བསྟན་འཛིན་གྱི་ཉིན་གཅིག་གི་འཚོ་བ་ལ་གཞིར་བཞག་སྟེ། བཱ་ལངས་སྡེ་བའི་འབྲོག་པའི་འཚོ་བ་དང་ཡུལ་སྲོལ་གོམས་གཤིས་སོགས་གསལ་བོར་མཚོན་ཐུབ་པར་བྱས་ཡོད།
དཀོན་མཆོག་གྲགས་པའི་འཚོ་བའི་ཉམས་མྱོང་བརྒྱུད་ནས་འབྲོག་པའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་གསལ་བོར་མངོན་པར་བྱས་ཡོད། བསྟན་འཛིན་དང་དཀོན་མཆོག་གྲགས་པ་གཉིས་ནི་བཱ་ལངས་སྡེ་བའི་འབྲོག་པ་དཀྱུས་མ་ཞིག་ཡིན་པ་དང་། ཁོང་གཉིས་ནི་འབྲོག་ལས་ལ་བྱང་ཆ་ལྡན་ཞིང་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པས། དངོས་བྲིས་གློག་བརྙན་འདིའི་མི་སྣ་གཙོ་བོར་གྱུར་ཡོད། བཱ་ལངས་སྡེ་བ་ལ་དུད་ཁྱིམ་ཉིས་བརྒྱ་ལྷག་ཡོད་པ་དང་། ཡུལ་འདིར་ཡང་བོད་ཁམས་སྤྱི་དང་འདྲ་བར་དུས་ཚིགས་བཞི་བོ་ཤིན་ཏུ་གསལ། དུས་ཚིགས་བཞི་བོར་ཁོང་ཚོ་གནས་གཅིག་ཏུ་མི་གནས་པར་རུ་སྤོར་བཞིན་ཡོད། བརྙན་འདི་ལེན་དུས་སྟོན་ས་ནས་དགུན་ས་རུ་སྤོ་བའི་དུས་ལ་འཁེལ་ཡོད། དཀོན་མཆོག་གྲགས་པ་ནི་ལོ་ལྔ་བཅུ་ང་དྲུག་ཡིན་པ་དང་བཱ་ལངས་སྡེ་བའི་སྡེ་དཔོན་ཡང་ཡིན། བསྟན་འཛིན་ནི་ལོ་སུམ་ཅུ་སོ་བརྒྱད་ཡིན་པ་དང་། ཁོང་གི་བྱིས་པ་ལྔ་ལས་གསུམ་ནི་སློབ་གྲྭར་འགྲོ་བཞིན་ཡོད། ཁོང་བཟའ་མི་བདུན་ལ་ནོར་གནག་ཉིས་བརྒྱ་ལྷག་ཡོད།
用旦增一天的生活方式来展现八郎村的牧民风俗以及生活习惯。
通过贡乔扎巴的生活经历来展现牧民文化和风俗习惯等。旦增和贡乔扎巴是八朗村的普通牧民。他们对牧业很熟悉,并有很丰富的生活经验, 因此他们是这部纪录片的主角。八朗村有二百多户人家。这个地区跟整个藏区一样,四季都很明显。他们随着季节一直在迁徙。本片拍摄是他们在冬季迁徙的时候。贡乔扎巴是五十六岁,他是八朗村的村长。旦增是三十八岁。他的五个孩子中有三个在上学。他们一家七口有两百头牛。
- བསྟན་འཛིན།ངའི་མིང་ལ་བསྟན་འཛིན་ཟེར་ནི་རེད།
- དེ་རིང་ཉིན་གཅིག་གི་འབྲོག་པའི་འཚོ་བ་དང་འགྲོ་སྟངས་ནི།
- ད་ནངས་སྔ་མོ་རྒན་མོ་དུས་ཚོད་བཞི་པ་ཡན་མན་སྟེང་ནས་ལངས་ནི་རེད།
- ང་ནི་དུས་ཚོད་བཞི་དང་ལྔའི་སྟེང་ནས་ལངས་ནི་རེད།
- དེ་ནས་ནངས་རྫི་ལ་སོང་ནས་ཟོག་ཚུར་ལ་སྐོར་ནས་ཐོན་ནི་རེད།
- དེ་ནས་ཁྱིམ་ལ་ཐོན་དུས་ངས་ཇ་སྐོལ་ནི་རེད།
- རྒན་མོས་ཟོག་བཞོས་ནས་ཕལ་ཆེར་དུས་ཚོད་བཅུ་བ་ཙམ་ལ་ཟོག་བཞོས་ནས་ཚར་འགྲོ།
- དེ་ནས་ངེད་གཉིས་ཀྱིས་ཇ་འཐུང་རྗེས་ང་ཡང་ནོར་རྫི་ལ་འགྲོ་རན་ནི་རེད།
- རྒན་མོས་ཁྱིམ་ནས་འོ་མ་དཀྲུག་རྒྱུ་དང་།
- ཆུར་དཀར་བསྲེས་བ་དང་ཆུར་བ་འདིང་བ་སོགས་ཀྱི་བྱ་བ་ཡོད་པ་རེད།
- དེ་ནས་ངས་ཡང་ནོར་ཚུར་དེད་ཡོང་ནས།
- དུས་ཚོད་བཞི་ཕྱེད་སྟིང་ནས་ཡང་འདོགས་རན་གི།
- དེ་ནས་བེའུ་དང་ཡ་རུ་བཏགས།
- ཚར་དུས་ཟོག་ཡང་ཕར་གཏོང་ནི་རེད།
- དེ་ནས་ཡང་དགུང་རྫི་ཟེར་ནས་ཕྱི་དྲོ་དུས་ཚོད།
- ཕལ་ཆེར་དྲུག་ཕྱེད་ཡན་མན་ཞིག་ནས།
- ཡང་ཚུར་སྐོར་ཡོང་ནས་རྟ་དང་ཟོག་ཚང་མ་འདོགས་ནི་རེད།
- དེ་ནས་ནུབ་ཇ་འཐུང་ནས་ཚང་བ་ཉལ་ནི་རེད།
- འབྲོག་པ་ཚང་མ་དེ་ལྟར་རེད།
- དེ་ནས་བྱིས་པ་ཚོར།
- ངས་བྱིས་པ་གསུམ་ཙམ་ཞིག་སློབ་གྲྭར་བཏང་ཡོད།
- ཁྱིམ་ན་ཡང་གཅིག་གཉིས་རེ་ཡོད།
- བྱིས་པ་མང་པོ་ཚང་ཞིག་ཡིན།
- སྤྱིར་ན་འབྲོག་པ་ཚོར་བྱིས་པ་མང་ནི་རེད།
- ཉིན་གཅིག་གི་བྱ་བའི་འགྲོ་སྟངས་ནི་དེ་འདྲ་ཞིག་རེད།
- དེ་ནས་འབྲོག་པའི་སེམས་ཅན་དེ་སྐྱེས་སྟོབས་ཆེན་པོ་ཞིག་རེད།
- དེ་འདྲ་ཡིན་དུས་བེའུ་དང་ཡ་རུ་ཤད།
- ཐུལ་མ་ཞིག་ཡིན་ན་འཁོར་ནི་རེད།
- སོ་དཀར་ཡིན་དུས་བཙའ་བ་རེད།
- དེ་མིན་ན་སོ་དཀར་ཡིན་དུས་འཁོར་བ་དང་སོ་བཞིའི་ཐོག་ནས་བཙས་ནས་བཞོ་ཆོག་ཆོག་རེད།
- དེ་གཡག་ཅིག་ཡིན་ན་ཤད་དང་སོ་དཀར་ཡིན་དུས་སྒ་གཏོད་བཞག་ན་ཉན་ནི་ཡོད་ཀི།
- མིན་ན་སོ་བཞི་སོ་དྲུག་ཟེར་དུས་ཁལ་ཅི་འདྲ་བཀལ་ན་ཆོག་ནི་རེད།
- འབྲོག་པའི་འགྲོ་སྟངས་དེ་འདྲ་ཞིག་རེད།
- ད་སྐབས་རུ་སྟོན་ས་ན་ཡོད་དུས་རེད།
- དེ་ནས་དུས་སྐབས་བཞི་ལ་ཡང་སྟོན་ས་དགུན་ས་དཔྱིད་ས་དབྱར་ས།
- དུས་སྐབས་བཞི་ལ་རུ་བཞི་སྤོ་རྒྱུ་ཡོད་ནི་རེད།
- དགུན་ཁ་ཁང་བ་ཡོད་ནི་རེད།
- ནོར་བཙུད་སའི་ར་བ་ཡང་ཡོད་ནི་རེད།
- དབྱར་ཁ་དཔྱིད་ཁ་སྟོན་ཁ་གསུམ་ལ་ནོར་ཐང་ཐོག་ལ་སྐོར་ནས།
- སྦྲ་ཕུགས་ནས་འདུག་དགོས་པ་ཞིག་རེད།
- དེ་ནས་ཟོག་གི་ལོ་ཚོད་ནི།
- མཛོ་མཛོ་མོ་རྒན་པ་ཚོ་ནི་ཕལ་ཆེར་ལོ་ཉི་ཤུ་རྩ་སྟོད་ནས་སུམ་ཅུ་ལ་འདུག་ནི་རེད།
- གཡག་དང་འབྲི་ནི་ལོ་ཉི་ཤུ་རྩ་དྲུག་རྩ་བདུན་ལ་འདུག་རྒྱུ་དེ་འདྲ་རེད།
- དཀོན་མཆོག་གྲགས་པ།ངའི་མིང་ལ་དཀོན་མཆོག་གྲགས་པ་ཟེར་ལ་ལོ་ལྔ་བཅུ་ང་དྲུག་ཡིན།
- རུ་སྤོ་ལུགས་ཀྱི་ལོ་རྒྱུས་ནི་དཔྱིད་ས་ནས་དབྱར་ས་སྤོ་རྒྱུ།
- དབྱར་ས་ནས་སྟོན་ས་སྤོ་དགོས་ནི་རེད།
- སྟོན་ས་ནས་མར་དགུན་སར་སྤོ།
- དེ་ནས་རུ་སྤོ་ལུགས་དང་པོ་ནི་རུ་གང་ན་འདུག་ན་དེར།
- མནའ་དུས་ལ་མཚེར་ཐོ་དང་མཚེར་བྱང་འཕེན་པ་ཡིན་མོད་དེང་སང་དེ་འདྲ་མི་འདུག
- དེ་ནས་ཐབ་རྡོ་སོགས་གྲ་སྒྲིག་བྱས་ནས་འདུག་ཆས་བྱེད་ནི་རེད།
- དེ་ནས་ཕྱིར་ཐོན་དུས་གཡག་གདོང་རྒྱག་ནི་རེད།
- ཚར་དུས་གཡག་བཙན་པོ་འགོ་ལ་བཏགས།
- དེ་མིན་གཞན་མར་མར་ལ་བཏགས།
- དེ་ལྟར་སང་ཉིན་རུ་སྤོ་རྒྱུ་ལ་གྲ་སྒྲིག་བྱེད་ནི་རེད།
- བཞོན་མ་ཚོ་ཟོག་བཞོ་རྒྱུའི་ལས་འགན་དང་སྐྱེས་པ་ཚོ།
- རྒྱབ་འགེལ་ལུགས་སྒ་གཏན་ཐག་འབྲེང་སོགས་ཀྱི་ལས་འགན་ཡོད་པ་རེད།
- དེ་ནས་སང་ཉིན་ནམ་ལངས་མ་ཐག་བཞོན་མ་ཚོས་ཟོག་བཞོ་རྒྱུ་དང་།
- སྐྱེས་པ་ཚོས་གཡག་སྒ་རྒྱབ་ནས།
- སྟན། འབྲེང་པ། སྒ། ཡག་མ། རྫམ་ཤིང་།
- ཡག་ཐིག་རྫམ་ཐིག་ཚང་མ་རེ་རེ་བཞིན་རྒྱག་ནི་རེད།
- དེ་ནས་ཁལ་འགེལ་དུས་ཟས་ཟོམ་བཀལ།
- དུང་ཤིང་ཅན་གྱི་ཟོམ།
- གཉིས་རེ་གཉིས་རེ་ཕྱ་རའི་ཁུག་ལ་བཅིངས་ནས་ཐབ་ཆས་འགེལ་སའི་
- གཡག་གཡུང་མར་འགེལ་ནི་རེད།
- དེ་ནས་སྦྲ་འགེལ་ས་ནི་གཡག་སྔོན་པོ་ནག་པོ་ཁམ་པ་ཨ་ཡུ་ཆ་རེ་ཡོད་རེད།
- སྦྲ་ལྟེབ་ལུགས་ནི་དང་པོ་ཕྱིའི་ཀ་བ་དང་ནང་གི་ཀ་བ་བླངས་ཏེ་
- སྦྲ་སྣ་གཉིས་ཡོད་པ་ཁ་ཁ་ཕྱེས་ཚར་དུས་
- གཟུང་ཐག་སྦྲ་མཐའ་འཕེན་རྒྱུ་དང་སྦྲ་སྡུག་ན་དཀྱིལ་དུ་འཕེན་དགོས་ནི་རེད།
- གཡག་འཕག་ན་ཡང་མི་སྐྱོན་པའི་ཕྱིར་ཐག་པ་ཚང་མ་དཀྱིལ་དུ་འཕེན་ནི་རེད།
- དེ་བཞིན་ཕུར་བ་དང་ནས་ཐིག་ལ་ལས་ས་འཇུ་ཡང་ཟེར་ནི་རེད།
- དེ་ཚང་མ་ཡག་པོ་ལྟེབ་ཚར་དུས།
- དེ་ནས་སྦྲ་འཆིང་དང་གས་ར་གཉིས་བཞག་ནས་
- སྦྲ་དང་པོ་འོག་ནས་ཡར་ལྟེབ།
- དེ་ནས་གོང་ནས་མར་ལྟེབ་ཡང་ལྗིད་མེད་པར་
- གཡས་གཡོན་གཉིས་སྦྲ་འཆིང་རྒྱབ་ཚར་དུས་
- དེ་ནས་གས་ར་བཅིང་བ་དང་དེ་བཅིངས་ནས་ཚར་རྗེས།
- དེའི་མཉམ་དུ་དོས་ཤིང་ཟེར་བ་ཞིག་ཡོད་པ་བཅིང་ནི་རེད།
- དེ་ལྟར་ཁལ་འགེལ་དུས་སུ་རུའི་གསེབ་ལ་ལག་ཆ་བཞག་ནས་ཆུབ་རྒྱག་ནི་རེད།
- མར་ཐོན་དུས་སུ་རུ་ཕོག་ཚར་དུས་ཚང་མ་དེའི་ནང་ལ་ཡོད་རེད།
- དེ་ནས་བཞོན་མ་ཚང་མས་ཟོག་བཞོས་ཚར་དུས་འོ་མ་སྐྱ་བའི་ནང་དུ་བླུགས་ནས་
- སེལ་བོ་ནང་དུ་འཇོག་ནི་རེད།
- ཡིན་ཡང་དེང་སང་འགྱིག་དམ་ཏག་ཏག་རེད།
- དེའི་ཁ་ཡ་དེ་ལ་ཟས་རིགས་སྐོར་ཙམ་པ་སོགས་འགེལ་ནི་རེད།
- ཐབ་ཆས་ཡ་དེ་ལ་ཤིང་གི་མར་སྒམ་འགེལ་ནི་རེད།
- དེ་ནས་ཟོག་ཐག་ཚང་མ་བསྡུས་ནས་རུ་སྤོ་གྲལ་བྱེད་ནི་རེད།
- གཡག་གདོང་གཡག་གཡུང་མའི་ཐོག་ལ་བཀལ་ན་ལེན་སླ་ནི་རེད།
- རུ་སྤོ་ཤུལ་དུ་ཚང་མས་ཐབ་བསང་བཏང་སྟེ་ཤུལ་དུ་དུ་བ་མེད་ནི་ཡོད་མ་རེད།
- དེ་ནས་ཚང་མ་ལ་ལུང་དང་ཐུར་ཟབ་ས་ཆུ་སོགས་བཀལ་ནས་
- ཉིན་གཅིག་གི་ལམ་ལ་འགྲོ་དགོས་ནི་རེད།
- དེ་ནས་རུ་འདུག་སར་ཐོན་དུས་གཡག་གདོང་བླངས་ནས་རྒྱག་དགོས་ནི་རེད།
- ཟོག་གཞན་པ་ཚོ་གོང་ལ་བཏག་ནས་ཁལ་བཀལ་ཡོད་ས་ཚང་མ་ཕོག་ནི་རེད།
- སྔོན་མ་སྦྲ་ཕོག་ནས་གང་ལ་ཕུབ་དགོས་ན་དེར་བཞག
- དེ་ནས་བཀོད་སྒྲིག་བཞག་སྟེ་ཞོ་དང་གོ་རེ་ཟོས་ནས་ངལ་གསོ་ནི་རེད།
- ངལ་གསོས་ཚར་དུས་སྦྲ་ཕུབ་ཐབ་ཁ་བཙུགས་ཏེ་འདུག་ཆས་བྱེད་ནི་རེད།
- དེ་ནས་ཇ་སྐོལ་ཁོལ་ཚར་དུས་ཇ་མཆོད་བཏོན་ནས་ཡུལ་ལྷ་གཞི་བདག་དང་
- ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་
- མགོན་པོ་འོད་དཔག་མེད་སོགས་ལ་མཆོད་འཕངས་ནས་
- དེ་ནས་ཚང་མས་ཇ་འཐུང་ནས་ཚར་དུས་
- ཟོག་ཐག་དང་བེའུ་གདོང་བེའུ་གུར་ཕུབ་ནི་རེད་
- ཐབ་ཁ་འདྲ་ཡིན་ན་ལྕགས་ཐབ་སོགས་དེང་སང་ཅི་འདྲ་ཡིན་ན་ཡོད་རེད།
- དེ་ལྟར་འདུག་ཆས་ཀྱི་བྱ་བ་ཚང་མ་ཚར་དུས་
- ཕྱི་དྲོ་ཟོག་འཁོར་ཚར་དུས་མཚེར་གསང་བཏོང་ནི་རེད།
- འདོན་ཤེས་མཁན་ཚང་མས་གསོལ་ཁ་དང་བསང་ཡིག་སོགས་བཏོན་ནས་
- རྐུ་ཁ་དང་སྤྱང་ཁ་མི་ལྡང་བའི་ཆེད་དུ་རུ་ཐོན་མ་ཐག་
- གསོལ་འདེབས་ངང་ནས་བསང་གསོལ་འདོན་རྒྱུའི་སྲོལ་ཡོད་ནི་རེད།
- འབྲོག་པའི་ལོ་རྒྱུས་དང་འགྲོ་ལུགས་འདུག་སྟངས་བཤད་ན་དེ་ལྟར་རོ།།