Video Overview
According to Dokami, no elders knew the history of the song, Tashi Tashi, but it is claimed that the song was composed by Meme Sonam Dendup, the grandfather of Zhabdrung Jigme Chogyal (1862-1904), the fifth Zhabdrung mind reincarnation. Today, youth go to schools and show less interest in these kinds of songs. The song is usually performed in the closing ceremony of the three-day Talo Sangnga Choeling festival by Talop or Nobgang women. The song expresses good wishes, and is sung in order to honor ancestors. The lyrics of the song stress peace and harmony, prosperity and affluence, longevity and a promising future for all at the gathering.
ནོརཔ་སྒང་ལུ་ ཡོངས་གྲགས་སྦེ་འཐེན་སྲོལ་ཡོད་པའི་ གླུ་གཞས་བཀྲིས་བཀྲིས་ཟེར་མི་འདི་ ག་གིས་བརྩམས་བརྩམས་ཨིན་ན་ རྒས་ཤོས་ག་གིས་ཡང་ ཁ་གསལ་ཅིག་སླབ་ནི་མེད་རུང་ ཨཔ་རྡོ་བཀག་མི་དང་འཁྲིལ་བ་ཅིན་ གླུ་གཞས་འདི་ ཞབས་དྲུག་གི་གསུང་སྤྲུལ་ ༥ པ་ ཞབས་དྲུང་འཇིགས་མེད་ཆོས་རྒྱལ་གྱི་ ཨ་རྒས་བསོད་ནམས་དོན་གྲུབ་ཟེར་མི་གིས་ བརྩམས་བརྩམས་ཨིནམ་སྦེ་ སླབ་ཨིན་པས། གླུ་གཞས་འདི་ གནམ་མེད་ས་མེད་ཀྱི་ བྱིན་རླབས་ཅན་ཅིག་ཨིན་རུང་ ཏེ་ད་རེས་ནངས་པ་ ན་གཞོན་ཆ་མཉམ་ སློབ་གྲྭ་ནང་བཙུགས་ལས་བརྟེན་ དེང་སང་གྱི་ཆོས་ཡོན་ཏན་ལྷབ་མི་ལུ་བརྟེན་ དང་ཕུགས་ཀྱི་གླུ་གཞས་ཚུ་ལུ་ སྤྲོ་བ་མི་བསྐྱེད་དོ་ཡོདཔ་ལས་ ཉམས་ནིའི་ཉེན་ཁག་སྦོམ་འདུག། བཀྲིས་ལེགས་སྨོན་གྱི་གླུ་གཞས་འདི་ ཡོངས་གྲགས་ལུ་ རྟ་ལོག་གསང་སྔགས་ཆོས་གླིང་གི་ ཚེས་བཅུ་གྲོལ་བའི་རྟེན་འབྲེལ་སྐབས་ རྟ་ལོག་གི་ཨམ་སྲུ་ཚུ་གིས་སྦེ་ རྐྱབ་མ་ཚད་ རྟ་ལོག་དང་ནོརཔ་སྒང་ལུ་ མི་སྡེའི་དུས་སྟོན་རེ་སྟོན་སྦེ་ གཅིག་ཁར་འཛོམས་པའི་སྐབས་ རྐྱབ་སྲོལ་འདུག། གླུ་གཞས་འདི་ དང་ཕུའི་ཕམ་ཚུ་ རྗེས་སུ་དྲན་ཐབས་དང་ ཚིག་འདི་ནང་ ཞི་བདེ་དང་ དགའ་སྐྱིད་ རྒྱུ་ནོར་གོང་འཕེལ་དང་ ཚེ་འཕེལ་ནི་ མ་འོངས་པའི་ནང་ ལོག་ཡང་ལས་ཡང་ཕྱད་ཚུགས་པའི་ སྨོན་ལམ་བཏབ་ཨིན་པས།
- Norbugang
- Talo
- Punakha
- རྡོ་བཀག་མིབཀྲིས་བཀྲིས་བཀྲིས་ལ་བཀྲིས་ཤོག་ལ། །
- རྡོ་བཀག་མིཉི་མ་ཤར་ཀྱི་ཕྱོགས་ནས་ཡ་ལ་བཀྲིས་ཤོག །
- རྡོ་བཀག་མིརྡོ་རྗེ་སེམས་དཔའ་གསེར་གྱི་ལ་མཆོད་རྟེན་འདྲ་ལ། །
- རྡོ་བཀག་མིགཞོན་པ་ང་ཚོ་གཡུ་གི་ཡ་ལ་(ཕྲ་རྒྱན་?)འདྲ་ལ། །
- རྡོ་བཀག་མི(ཕྲ་རྒྱན་?)འགྱུར་བ་མེད་པ་ལ་ལོག་ནས་ཡོང་ལ། །
- རྡོ་བཀག་མི(བ་དར་རླུང་གི་མ་འཁྱིལ་ཡ་ལ་མཇལ་ནས་ཡོང་། །
- རྡོ་བཀག་མིདེ་ཡང་སང་ཕོད་ད་ཚོད་ལ་བཙུགས་ནས་ཡོང་ལ། །?)
- རྡོ་བཀག་མིགསུང་དབྱངས་གཡང་གི་མཆོད་པ་ཡ་ལ་ཕུལ་ནས་ཡོང་། །
- རྡོ་བཀག་མིབཀྲིས་བཀྲིས་བཀྲིས་བཀྲིས་ཤོག་ལ། །
- རྡོ་བཀག་མིཉི་མ་ལྷོ་གི་ཕྱོགས་ནས་ཡ་ལ་བཀྲ་ཤིས་ཤོག་ལ། །
- རྡོ་བཀག་མིརིན་ཆེན་འབྱུང་ནས་གསེར་གྱི་མཆོད་རྟེན་འདྲ་ལ། །
- རྡོ་བཀག་མིགཞོན་པ་ང་ཚོ་གཡུ་གི་ཡ་ལ་(ཕྲ་རྒྱན་?)འདྲ་ལ། །
- རྡོ་བཀག་མི(ཕྲ་རྒྱན་?)འགྱུར་བ་མེད་པ་ལོག་ནས་ཡོང་ལ། །
- རྡོ་བཀག་མི(བ་དར་རླུང་གི་མ་འཁྱིལ་ཡ་ལ་མཇལ་ནས་ཡོང་ལ། །
- རྡོ་བཀག་མིའདི་ཡང་སང་ཕོད་ད་ཚོད་ལ་བཙུགས་ནས་ལ་ཡོང་ལ། །?)
- རྡོ་བཀག་མིགསུང་དབྱངས་གཡང་གི་མཆོད་པ་ཡར་ལ་ཕུལ་ནས་ཡོང་ལ། །
- རྡོ་བཀག་མིབཀྲིས་བཀྲིས་བཀྲིས་བཀྲིས་ཤོག་ལ། །
- རྡོ་བཀག་མིཉི་མ་ནུབ་ཀྱི་ཕྱོགས་ནས་ཡ་ལ་བཀྲ་ཤིས་ཤོག་ལ། །
- རྡོ་བཀག་མིསྣང་བ་མཐའ་ཡས་གསེར་གྱི་མཆོད་རྟེན་འདྲ་ལ།
- རྡོ་བཀག་མིགཞོན་པ་ང་ཚོ་གཡུ་གི་ཡ་ལ་(ཕྲ་རྒྱན་?)འདྲ་ལ། །
- རྡོ་བཀག་མི(ཕྲ་རྒྱན་?)འགྱུར་བ་མེད་པ་ལོག་ནས་ཡོང་ལ། །
- རྡོ་བཀག་མི(བ་དར་རླུང་གི་མ་འཁྱིལ་ཡ་ལ་མཇལ་ནས་ཡོང་། །
- རྡོ་བཀག་མིདེ་ཡང་སང་ཕོད་ད་ཚོད་ལ་བཙུགས་ནས་ལ་ཡོང་ལ། །?)
- རྡོ་བཀག་མིགསུང་དབྱངས་གཡང་གི་མཆོད་པ་ཡ་ལ་ཕུལ་ནས་ཡོང་ལ། །
- རྡོ་བཀག་མིབཀྲིས་བཀྲིས་བཀྲིས་བཀྲིས་ཤོག་ལ། །
- རྡོ་བཀག་མིཉི་མ་བྱང་གི་ཕྱོགས་ནས་ཡ་ལ་བཀྲ་ཤིས་ཤོག་ལ། །
- རྡོ་བཀག་མིདོན་ཡོད་གྲུབ་པ་གསེར་གྱི་མཆོད་རྟེན་འདྲ་ལ། །
- རྡོ་བཀག་མིགཞོན་པ་ང་ཚོ་གཡུ་གི་ཡ་ལ་(ཕྲ་རྒྱན་?)འདྲ་ལ། །
- རྡོ་བཀག་མི(ཕྲ་རྒྱན་?)འགྱུར་བ་མེད་པ་ལོག་ནས་ཡོང་ལ། །
- རྡོ་བཀག་མི(བ་དར་རླུང་གི་མ་འཁྱིལ་ཡ་ལ་མཇལ་ནས་ཡོང་། །
- རྡོ་བཀག་མིདེ་ཡང་སང་ཕོད་ད་ཚོད་ལ་བཙུགས་ནས་ལ་ཡོང་ལ། །?)
- རྡོ་བཀག་མིགསུང་དབྱངས་གཡང་གི་མཆོད་པ་ཡ་ལ་ཕུལ་ནས་ཡོང་ལ། །
- རྡོ་བཀག་མིརྩ་བའི་བླ་མ་ཨིན་ཟེར་མཇལ་ནས་ཡོང་ལ། །
- རྡོ་བཀག་མིབྱིན་རླབས་དངོས་གྲུབ་ཨིན་ཟེར་ཡ་ལ་ཞུ་ནས་ཡོང་།། །།