Skip to main content Skip to search
21 Jun 2018
3 min 8 sec
Video Overview
Creators: 
Duptho, Sonam Chophel

Choney Zangmo from Radhi Gewog, Tashigang, sings an old boedra song entitled Tashi Tashi Zerna (Auspiciousness). It is an auspicious song, which is performed towards the end of various auspicious celebrations, gatherings or occasions. The reason for performing this towards the end of an occasion is that the lyrics of the song contain prayers of wellbeing and express the desire to meet again. It is performed in a circular formation with around five to twenty dancers. The composer and the origin of the song are unknown.

 

བཀྲིས་སྒང་རྫོང་ཁག་ རདྷི་རྒེད་འོག་ ལས་ཨིན་མི་ ཆོས་ཉིད་བཟང་མོ་གྱི་ བོད་སྒྲ རྙིངམ་ བཀྲ་ཤིས་བཀྲ་ཤིས་ཟེར་ན་ ཟེར་མི་འདི་འཐེན་ནུག། ཞབས་ཁྲ་འདི་ བཀྲ་ཤིས་པའི་ཞབས་ཁྲ་གཅིག་ཨིནམ་ལས་ དགའ་སྟོན་དང་རྟེན་འབྲེལ་  ག་ཅི་བཟུམ་ཡོད་རུང་ དེའིསྐབས་ཁྲབ་ནི་ ཡོདཔ་ཨིན། ཞབས་ཁྲ་འདི་ དགའ་སྟོན་དང་རྟེན་འབྲེལ་གི་མཇུག་ལུ་ རྐྱབ་དགོ་པའི་ དོན་དག་འདི་ཡང་ ཞབས་ཁྲའི་ཚིག་འདི་ནང་ མི་ཚེ་ལེགས་ཤོམ་དང་ ཚེ་ཤུལ་མ་འཇལ་བའི་ བཀྲ་ཤིས་པའི་སྨོན་ལམ་བཏབ་ཡོདཔ་ལས་ བརྟེན་ཨིན། ཞབས་ཁྲ་འདི་ མི་ལྔ་དང་ཉི་ཤུ་བར་ན་ སྒོར་སྒོམས་འབད་ ཁྲབ་སློལ་ཡོདཔ་ཨིན།  ཞབས་ཁྲ་འདི་གི་རྩམ་པ་པོ་དང་ དའི་འབྱུང་ཁུངས་འདི་ ངོས་བཟུང་མེདཔ་ཨིན་མས

 

Transcript search
No results found for this search
0 of 0
  • ཆོས་ཉིད་བཟང་མོ་ Choney Zangmo
    ཨོཾ་ས་ལ་མ་ཎི་པདྨེ་ཧཱུཾ་ལ། །གསུང་དབྱངས་ས་ལ་མ་ཎི་ལ་པདྨེ་ཧཱུཾ། །
  • ཆོས་ཉིད་བཟང་མོ་ Choney Zangmo
    བཀྲ་ཤིས་བཀྲ་ཤིས་ཟེར་ན་ལོགས་ནས་ཡོང་ལ། །ཉི་མ་ཤར་གྱི་ཕྱོགས་སུ་ལ་ལོགས་ནས་ཡོང་། །
  • ཆོས་ཉིད་བཟང་མོ་ Choney Zangmo
    ཤར་ན་རྡོ་རྗེ་གསེར་གྱི་མེ་ཏོག་ཤར་ལ། །འདི་ནས་གསེར་གྱི་མེ་ཏོག་ལ་ལྷ་ལུ་ཕུལ། །
  • ཆོས་ཉིད་བཟང་མོ་ Choney Zangmo
    མེ་ཏོག་རླུང་གིས་མ་གཡབ་བཀྲ་ཤིས་ཤོག་ལ། །མེ་ཏོག་རླུང་གིས་མ་དཀྲོགས་ལ་གཡང་ལ་ཆགས། །
  • ཆོས་ཉིད་བཟང་མོ་ Choney Zangmo
    ཨོཾ་ས་ལ་མ་ཎི་པདྨེ་ཧཱུཾ་ལ། །གསུང་དབྱངས་ས་ལ་མ་ཎི་ལ་པདྨེ་ཧཱུཾ།། །།